
བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ཆེས་གཞི་རྩ་དང་ཆེས་ཡོངས་ཁྱབ་ཀྱི་རེ་འདུན་ཡིན་ལ།དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཡང་ཡིན། 2023ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་རེ་སྨོན་དེ་འབད་བརྩོན་གྱི་དམིགས་ཚད་དུ་བརྩིས་ནས་སེམས་ཤུགས་ཡོད་རྒུས་འགལ་བ་དང་རྩོད་གཞི་སེལ་བ་དང་།སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ།ཤེས་དཔལ་ཞི་མཐུན་གྱི་སྤྱི་ཚོགས་དར་སྲོལ་བཟང་པོ་གཏོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ།
སེམས་ཤུགས་ཡོད་རྒུ་བཏོན་ནས་འགལ་ཟླ་དང་རྩོད་གཞི་སེལ་བ་དང་།མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས།
“བསམ་ཡུལ་ལས་འདས་པ་ཞིག་ལ་གནས་ཚུལ་མགྱོགས་མྱུར་ཐག་གཅོད་ཐུབ་སོང་། བཀའ་དྲིན་ཆེན། བཀའ་དྲིན་ཆེ། ”2023ལོའི་ཟླ་12ཚེས་18ཉིན་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་བར་འདུམ་བྱས་པ་བརྒྱུད་ལྷ་ཆེ་གེ་མོར་དཀའ་ངལ་བཟོས་པའི་སེམས་ཁྲལ་དེ་རྦད་དེ་མེད་པར་གྱུར།
ལྷ་ཆེ་གེ་མོ་དང་ཀུན་ཆེ་གེ་མོ་ནི་ཁྱིམ་མཚེས་ཡིན་ཞིང་།ལོ་མང་པོའི་སྔོན་ལ་ཀུན་ཆེ་གེ་མོས་རྩྭ་ར་ལྟར་ལྕགས་ར་བསྐོར་མ་བརྒྱབ་པར་རྩྭ་ར་ཁ་ཤས་བཙན་བཟུང་བྱས་པས།ཁྱིམ་ཚང་དེ་གཉིས་ཀྱི་རྩོད་གཞི་རྒྱུན་ཆད་མེད་པར་ཇེ་སྡུག་ཏུ་སོང་།གྲོང་མིའི་ཨུ་ཡོན་ལྷན་ཁང་ནས་ཐེངས་མང་པོར་འདུམ་འགྲིག་བྱས་ཀྱང་འབྲས་བུ་མ་ཐོབ་པར་ལྷ་ཆེ་གེ་མོས་ཐེམ་ཆེན་ཁྲིམས་ཁང་གི་མུ་ལི་གྲོང་རྡལ་དུ་སྡོད་པའི་ཁྲིམས་དཔོན་གྱི་ལས་སྒྲུབ་ཁང་ལ་འབྲེལ་གཏུག་བྱས་ཏེ་འདུམ་འགྲིག་བྱེད་རེ་ཞུས།
དོ་བདག་འབྲོག་ཁུལ་གྱི་དབུས་སུ་གནས་པས་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཁྱིམ་གྱི་ཕྱུགས་རིགས་ལ་ལྟ་མཁན་མེད་པས་འགལ་ཟླ་དང་རྩོད་གཞི་སྔར་ནས་ད་བར་རང་སོར་བཞག་ཡོད།གནས་ཚུལ་དེ་རིགས་ལ་དམིགས་ནས་ཐེན་ཅུན་ཁྲིམས་ཁང་གིས་ཁྲིམས་འཛིན་ཞབས་ཞུའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ་ཁྲིམས་ར་འབྲོག་པའི་སྒོ་རྩར་སྤོས་ནས་ངང་རྒྱུད་རིང་པོའི་སྒོ་ནས་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་།དེ་རྗེས་དོ་བདག་ཕྱོགས་གཉིས་པོའི་ཡིད་ཆེས་རིམ་བཞིན་ཐོབ་པ་དང་།སླར་ཡང་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་བརྒྱུད་རྩྭ་རའི་དབྱེ་མཚམས་གསལ་པོ་བཟོས་པ་མ་ཟད།ཕྱོགས་གཉིས་པོའི་དོ་བདག་ལ་དེའི་ཁྲོད་ཀྱི་ཕན་གནོད་འབྲེལ་བ་གསལ་བཤད་ཞིབ་ཕྲ་བྱས་མཐར་ཕྱོགས་གཉིས་པོའི་དོ་བདག་དབར་འདུམ་འགྲིག་གི་གྲོས་མཐུན་བཞག་ནས་གྱོད་གཞི་ཐག་གཅོད་བྱས་པ་རེད།
“ང་ཚོས་གསར་གཏོད་ལ་བརྟེན་ནས་ཁྲིམས་འཛིན་གྱི་ཐབས་ལམ་གསར་པ་རང་འགུལ་ངང་སྣུར་སྲིང་བྱས་ཏེ་ཞུ་གཏུག་ཁུངས་བཅོས་སྐྱོང་དང་རྩོད་གཞི་སེལ་བའི་ཁྲོད་ཀྱི་མི་དམངས་ཁྲིམས་ཁང་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་འགལ་བ་དུས་ཐོག་ཏུ་མེད་པ་བཟོ་བ་དང་ས་གནས་དེ་གར་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱས་ཡོད”མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་རྣམ་རྒྱལ་གྱིས་དེ་ནི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་དམངས་ཕན་དང་དམངས་ཕན་གྱི་འདུ་ཤེས་ལག་ལེན་བསྟར་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།
མཉམ་ཤུགས་སྔར་བས་གཅིག་སྒྲིལ་དང་འགལ་ཟླ་དང་རྩོད་གཞི་སྣ་མང་ཅན་གྱི་ཐག་གཅོད་གཏིང་ཟབ་བྱ་ཆེད།ས་གནས་ཁག་དང་སྡེ་ཚན་ཁག་གིས་འགལ་ཟླ་དང་རྩོད་གཞི་སྣ་མང་ཅན་གྱི་སེལ་བའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང“ལྟེ་བ་ལྔ”ཡི་ཐོན་ཁུངས་བསྡུ་སྒྲིལ་དང་།འགན་ནུས་མཉམ་འདྲེས།ཚད་ལྡན་ཅན་གྱི་འཛུགས་སྐྲུན་འཁོར་སྐྱོད་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད།རིམ་ཁག་ལྟེ་གནས་འཁོར་སྐྱོད་བྱས་པ་ནས་བཟུང་མང་ཚོགས་ལ་བཅའ་ཁྲིམས་བློ་འདྲི་དང་།བཅའ་ཁྲིམས་རོགས་སྐྱོར།གཏུག་བཤེར་ཞབས་ཞུ་བཅས་སྣ་ཚོགས་མཁོ་འདོན་བྱས་པ་བརྒྱུད་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་དང་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད།
ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།ས་གནས་ཁག་དང་སྡེ་ཚན་ཁག་གིས་འགལ་ཟླ་དང་རྩོད་གཞི་རང་སར་སེལ་བའི་དམིགས་ཚད་བླང་བྱ་གཞིར་བཟུང་།“ཧྥེང་ཆའོ་ཉམས་མྱོང”མཚོ་སྔོན་གྱི་ལག་ལེན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་བ་དང་།ས་གནས་ཁག་སྒྲིག་འཛུགས་བྱས་ནས་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་ཆོས་ཉིད་ཀྱི་ཁྱད་ཆོས་ཕྱོགས་སྡོམ་བྱས་ཏེ་ཁྱིམ་ཚང་གི་གཉེན་སྒྲིག་དང་། ས་ཞིང་ཁྱིམ་མཚེས་བར་དང་། དཔལ་འབྱོར་གྱི་བུ་ལོན་ལ་སོགས་པའི་འགལ་བ་དང་རྩོད་གཞི་བྱུང་རིགས་རྩད་ཞིབ་ཆེན་པོ་དང་འདུམ་འགྲིག་ཆེན་པོ་བྱེད་པའི་ཆེད་དམིགས་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བས། རྩོད་གཞི་སྔོན་འགོག་དང་། འགལ་བ་འདུམ་གཅོད། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་དངོས་སུ་མངོན་འགྱུར་བྱུང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མུ་མཐུད་ཆེ་རུ་ཕྱིན་ཡོད།

སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
“མིག་སྔའི་བར་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་རིམ་པའི་ཁྲིམས་སྐྱོང་རྫོང(གྲོང་ཁྱེར་དང་ཆུས)13དང་།དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)68བཙུགས་པ།ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་རྫོང(གྲོང་ཁྱེར་དང་ཆུས)12དང་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)259བཙུགས་པ།འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་ཐེངས་ཁྲི་ལྷག་ཙམ་རྒྱ་ཁྱབ་ངང་སྤེལ་བ།མང་ཚོགས་མི་ཐེངས་ཁྲི་300ལྷག་ཙམ་ལ་སློབ་གསོ་ཐོབ་ཡོད”ཅེས་ཟླ་1ཚེས་8ཉིན་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའི་ཁྲུའུ་ཀྲང་མ་ཁྲང་ཅུན་གྱིས་གསར་འགོད་པར་བཤད།
གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུར་དམིགས་ནས་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་བཅའ་ཁྲིམས་ཁྱབ་གདལ་ཁྱབ་ཁོངས་ཀྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་།རྩ་ཁྲིམས།དམངས་དོན་ཁྲིམས་གཞུང་བཅས་ཀྱི་སློབ་སྦྱོང་དྲིལ་བསྒྲགས་གཙོ་གནད་དུ་མངོན་གསལ་དོད་པོ་ཡོང་བ་དང་།རྒྱུན་རྣམ་ཅན་གྱིས“གྲོང་གསེབ་དར་རྒྱས་གཏོང་བའི་ཁྲིམས་སྐྱོང་མཉམ་སྐྱོད”ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་དང་། བཅའ་ཁྲིམས་ཀྱི་བསམ་ཤེས་ཅན་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་གི་གྲོང་གསེབ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱས་ཡོད།
སྤྱི་ཚོགས་བཅོས་སྐྱོང་གི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་ཆེད།ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྡེ་ཚན་གྱིས“བཅའ་ཁྲིམས་ཁྱབ་གདལ་ཐེངས་དགུ”གཏིང་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག“ལོ་ལྔ་ཚན་བརྒྱད་པའི་”ཁྲིམས་ལུགས་ཁྱབ་གདལ་གྱི་དུས་དཀྱིལ་ཞིབ་བཤེར་དཔྱད་དཔོག་བྱས་པ་བརྒྱུད་གཙོ་གནད་བྱ་ཡུལ་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུར་དམ་འཛིན་ཏན་ཏིག་བྱས་ནས་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ལས་དོན་མི་སྣའི་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་སྤྱོད་ལམ་ལུགས་ཅན་དང་།རྒྱུན་རྣམ་ཅན།ཚད་ལྡན་ཅན་བཅས་སུ་གྱུར་ནས་གཞོན་ནུ་ལོ་ཆུང་ལ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱ་རྒྱུ་དེ་སློབ་གྲྭ་དང་།ཁྱིམ་ཚང་།སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འགྱུར་དགོས།
སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་དམིགས་ནས་“ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭ་”དང་“ཡིད་རྟོན་ཁྲིམས་སྲུང་ཁེ་ལས་”སོགས་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ནས་འགལ་བ་འདུམ་འགྲིག་དང་།ཁྲིད་སྟོན་བརྟན་པོ།ཡིག་བསྐུར་ངོ་བཅར་གྱི་སྣེ་ལེན་ཞུ་བ།སྤྱི་པའི་བཅའ་ཁྲིམས་ཞབས་ཞུ།གཞུང་དྲང་ཤེས་དཔལ་གྱི་ཁྲིམས་འཛིན་ཁྲོད་ཀྱི་རྨང་གཞིའི་རང་བཞིན་དང་།སྣེ་ཁྲིད་རང་བཞིན།འགན་སྲུང་རང་བཞིན་བཅས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ། བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་སྣ་ཚོགས་སྤྱད་དེ་བཅའ་ཁྲིམས་ཁྱབ་གདལ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་རབ་དང་རིམ་པ་ཕྱོགས་སྡོམ་ཡང་བྱས་ཡོད།
འདུམ་འགྲིག་རྩ་འཛུགས་ཀྱི་དྲ་རྒྱ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་།“ཧྥེང་ཆའོ་ཡི་ཉམས་མྱོང་”རང་ས་ཅན་དུ་འགྱུར་བར་བརྟེན་ནས་མི་དམངས་ཀྱིས་འདུམ་འགྲིག་བྱ་རྒྱུ་རྨང་གཞིར་བྱེད་པའི་འགལ་བ་དང་རྩོད་གཞི་སྣ་མང་ཅན་གྱི་འདུམ་འགྲིག་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས།མི་དམངས་འདུམ་འགྲིག་རྩ་འཛུགས་བཙུགས་པ་དང་།མི་དམངས་འདུམ་འགྲིག་པ་གདན་འདྲེན་ཞུས་པ།“ཧྥེང་ཆའོ་རྣམ་པའི”སྐར་ལྔའི་རིམ་པའི་ཁྲིམས་འཛིན་ཁང་བཙུགས་ཏེ།རང་འགུལ་ངང་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ་དང་།འགག་སྒོ་མདུན་དུ་སྤོ་རྒྱུ་མཐའ་འཁྱོངས་བྱས་ཏེ།འགལ་བ་དང་རྩོད་གཞི་སེལ་བའི་ཆེད་དོན་བྱ་སྤྱོད་ཧུར་ཐག་སྤེལ་དགོས།བཅའ་ཁྲིམས་ཀྱི་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་དང་གྲོང་གསེབ་ཏུ་བསྐྱོད་དེ་རང་འགུལ་གྱིས་མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་སློག་པ་དང་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།
“2023ལོར་རིམ་པ་ཁག་གི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དངོས་ཚན་ལས་སྟེགས་ཀྱིས་མང་ཚོགས་ཀྱི་རིགས་ཁག་གི་བཅའ་ཁྲིམས་བློ་འདྲི་མི་ཐེངས་ཁྲི་2.5ལྷག་ཙམ་ལ་ལན་བཏབ་པ་དང་།སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐད་སྦྲེལ་ལས་སྟེགས་འདུས་གྲུབ་འཕེལ་རྒྱས་བཏང་ནས་ཞིང་ཆེན་ཡོངས་ཀྱིས་གཅིག་གྱུར་བརྡ་གཏོང་དང་།གཅིག་སྡུད་ཞབས་ཞུ།གཞི་གཅིག་ཏུ་འཁོར་སྐྱོད་བཅས་བྱེད་སྟངས་མངོན་འགྱུར་བྱུང་ཡོད”མཱ་ཁྲང་ཅུན་གྱིས་12348མཚོ་སྔོན་ཁྲིམས་ལུགས་དྲ་བ་ལྟེ་བར་བྱས་ནས་གློག་ཀླད་ཀྱི་མཐའ་སྣེ་དང་།སྒུལ་བདེའི་སྣེ།རིག་ནུས་མཐའ་སྣེ་བཅས་གཞི་གཅིག་ཏུ་འདུས་པའི་དྲ་རྒྱའི་ལས་སྟེགས་ཀྱི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ལེགས་སྒྱུར་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་མང་ཚོགས་ལ་རིག་ནུས་དྲན་འཆར་དང་།སྐད་བརྡ།བརྙན་ལམ་སོགས་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།

དཔལ་ཡོན་དང་འཆམ་མཐུན་གྱི་སྤྱི་ཚོགས་དར་སྲོལ་ཧུར་ཐག་བསྐྲུན་ནས་འཆམ་མཐུན་ལེགས་སྐྱོང་གི་དར་སྲོལ་གསར་པར་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ལ་གསོན་ཤུགས་བསྣན་དགོས།
ཞིང་ཆེན་ཡོངས་ཀྱི་གཉེན་སྒྲིག་གོམས་སྲོལ་སྒྱུར་བཅོས་ཚོད་ལྟའི་རྫོང་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་ཞིང་ཆེན་དེ་ཡོངས་ཀྱི་སྔོན་ལ་གྲོང་གསེབ་ཀྱི་བཀྲ་ཤིས་པའི་བྱ་བའི་ཚད་གཞིའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་བཟོས་ནས་བཏོན་པ་དང“ཁྱིམ་ཚང་ཡག་ཤོས”དང“སྐར་མ་ལྔའི་ཤེས་དཔལ་དུད་ཚང”སོགས་ཕུལ་བྱུང་དཔེ་མཚོན་དཔྱད་འདེམས་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་གྲོང་མིས་རང་རྟོགས་ངང་ཤེས་དཔལ་སྲོལ་གསར་ལག་ལེན་བསྟར་རྒྱུར་སྐུལ་ཁྲིད་བྱས་པ།
གྲོང་ཁྱེར་རིམ་པའི་ཤེས་དཔལ་ལག་ལེན་དཔེ་སྟོན་ས་ཚིགས་19ཡིས་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཏེ་སྐར་བསགས་ཐོ་འགོད་དོ་དམ་དང་ཚོང་ཟོག་བརྗེ་རེས་སོགས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ནས་གཅེས་སེམས་སྒོ་རྩིས་ཚོང་ཁང་གི་སྐར་བསགས་ལམ་ལུགས་དོ་དམ་གྱིས་སྤྱི་ཚོགས་བཅོས་སྐྱོང་ལ་གསོན་ཤུགས་གསར་པ་བསྣན་ཡོད།
“སྤྱི་དམངས་ཀྱི་ཀུན་སྤྱོད་དྲིལ་བསྒྲགས་གཟའ་འཁོར”དང“‘འབར་མདེལ་གཉིས་དང་སྲུང་སྐར་གཅིག’གི་སྙིང་སྟོབས་གཞི་རིམ་དུ་སྤེལ་བ་”སོགས་ཀྱི་བརྗོད་བྱ་གཙོ་བོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།ཀུན་སྤྱོད་དཔེ་བཟང་ཅན་དང་“དུས་རབས་གསར་པའི་ལོ་ཆུང་བཟང་པོ”སོགས་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་དགེ་སྒྲུབ་ཡར་ཐོན་དང་།རྒན་བཀུར་གཉེན་གཅེས།ཀུན་སྤྱོད་ལ་བརྩི་བཀུར་དང་དགེ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་བཏོད་ཡོད།
འཇའ་ཚོན་གྱི་ཕ་ཡུལ་ནས་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་དང་དེ་ནས་གསེར་དངུལ་ཐང་རྩྭ་ཐང་བར་ཤེས་དཔལ་ཞི་མཐུན་དང་ཡར་བརྩོན་གྱི་སྤྱི་ཚོགས་རྣམ་པ་ཞིག་རིམ་བཞིན་ཆགས་བཞིན་ཡོད།དེ་དང་ཆབས་ཅིག་མི་ཚང་མ་ཐུན་མོང་ཐོག་ཞུགས་ནས་ཤེས་དཔལ་དར་སྲོལ་གཏོད་པ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དེ་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད་པ་དང་།དཔྱིད་རླུང་དང་ཆར་རླུང་ལྟ་བུའི་ཆར་རླུང་ལྟ་བུར་སྐད་གྲགས་མེད་པ་ཞིག་རེད།
2023ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་གཏོང་བ་དང་།དྲང་ཕྱོགས་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་བ།བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གཞི་རིམ་བཅོས་སྐྱོང་སྤུས་རྟགས་ཁག་གཅིག་འཚོལ་ཞིབ་ཧུར་ཐག་བྱས་ནས་མང་ཚོགས་ལ་ལུགས་རྙིང་སྲོལ་ངན་མེད་པ་བཟོ་བ་དང་ཤེས་དཔལ་སྲོལ་གསར་འཛུགས་བྱེད་དགོས།
ཞིང་ཆེན་དམངས་སྲིད་ཐིང་གིས་ཕུལ་བྱུང་གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་འཚོལ་བསྡུ་དང་གདམ་གསེས་བྱ་རྒྱུར་མཛུབ་ཁྲིད་ཧུར་ཐག་བྱས་པ་བརྒྱུད《ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་བདམས་བསྒྲིགས》ཞེས་པ་པར་སྐྲུན་བྱས་ནས་ས་གནས་ཁག་གིས་དངོས་སྒྲུབ་གོ་ཆོད་ཀྱི་གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་རྒྱུར་སྔར་བས་ཁྲིད་སྟོན་བྱས་ཏེ་ལུགས་རྙིང་སྲོལ་ངན་བཀག་འགོག་དང་སྤྱི་ཚོགས་ཀྱི་དར་སྲོལ་ལེགས་སུ་བཏང་བ་རེད།
ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་སོགས་སྡེ་ཚན་ལྔས་མཉམ་འབྲེལ་ཐོག་ཡིག་ཆ་པར་འགྲེམས་བྱས་ནས་ས་གནས་ཁག་གིས་གཅེས་སེམས་སྒོ་རྩིས་ཚོང་ཁང་གཞི་རྟེན་དུ་བྱས་ནས“སྐར་གསོག་ལམ་ལུགས”དང“གསལ་ཐོའི་ལམ་ལུགས”ཁྱབ་གདལ་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ལས་སྟེགས་གསར་པ་ཞིག་བསྐྲུན་ནས་ཞིང་འབྲོག་པ་མང་ཚོགས་ལ་ཤེས་དཔལ་ལྡན་པའི་ཡུལ་སྲོལ་དང་།ཁྱིམ་སྲོལ་བཟང་པོ།བབ་ཆགས་པའི་དམངས་སྲོལ་བཅས་སྐྱེད་སྲིང་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།
ཞིང་ཨུད་དྲིལ་བསྒྲགས་པུས་ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ“མཚོ་སྔོན་གྱི་མི་བཟང”འདེམས་འཛུགས་དྲིལ་བསྒྲགས་ཁྱབ་བསྒྲགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་།ས་གནས་ཁག་དང་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ནས་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཁྲོད་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་དང་ཡ་རབས་སྲོལ་གསར་སྐྱེད་སྲིང་བྱས་པ་རེད།
སྤྱི་ཚོགས་བཅོས་སྐྱོང་གི་སྣེ་གཅིག་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་དང་འབྲེལ་བ་ཡོད་པ་དང་།སྣེ་གཅིག་ནས་མི་དམངས་མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་ཡོད།ས་གནས་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་གཅིག་གི་བརྟན་ལྷིང་སྲུང་སྐྱོང་དང་ཕྱོགས་གཅིག་གི་དུས་བདེ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་བྱེད་ཐབས་བཏོན་པ་དང་།འགལ་ཟླ་དང་རྩོད་གཞི་སེལ་བ།སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་སྲོལ་བཟང་དར་སྤེལ་དང་།ཞི་མཐུན་ལ་སྐུལ་འདེད།བརྟན་ལྷིང་འགན་ལེན་བཅས་ཀྱི་དཔྱིད་རླུང་ས་མཐོའི་ས་གཞི་ཆེན་པོར་ཁྱབ་པར་སྐུལ་མ་དང་སྐུལ་ཁྲིད་བྱས་ཏེ་ཐུན་མོང་ཐོག་སྤྱི་ཚོགས་བཅོས་སྐྱོང་གི་རི་མོ་གསར་པ་ཞིག་བྲིས་ཡོད།

[གསར་འགོད་པའི་མྱོང་ཚོར།]“བཅོས་སྐྱོང་གསུམ”མཉམ་འདྲེས་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་རམ་འདེགས་བྱས་པ།
སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན།ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་།ཁྲིམས་སྐྱོང་།ཀུན་སྤྱོད་བཅས་ཕན་ཚུན་མཉམ་འདྲེས་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་།མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་ནི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།
མི་དམངས་མང་ཚོགས་ནི་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་རྩ་བའི་སྟོབས་ཤུགས་ཡིན་ལ།སྤྱི་ཚོགས་བཅོས་སྐྱོང་གི་གཙོ་ཤུགས་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན།གཞི་རིམ་དུ་གནས་པའི་དབང་གིས་ཁོང་ཚོས་སྤྱི་ཚོགས་ཀྱི་བདེ་སྡུག་དང་འགལ་ཟླ་དང་རྩོད་གཞི་ཐད་ཀར་དང་།ཚོར་བ་སྐྱེན་ཤོས།དོན་དངོས་དང་མཐུན་ཤོས་བཅས་ཡིན་པ་དང་།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལའང་སྐད་ཆ་བཤད་དབང་ཆེ་ཤོས་ཡོད།དེར་བརྟེན་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ན།དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱེད་པ།མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་།རང་འགུལ་རང་བཞིན།གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ།མི་དམངས་མང་ཚོགས་སྐུལ་སློང་དང་ཁྲིད་སྟོན་བྱས་ཏེ་མི་དམངས་བཅོས་སྐྱོང་གི་རྣམ་པ་བཟང་པོ་བཏོད་དགོས།
ཁྲིམས་སྐྱོང་ནི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་འགན་ལེན་གལ་ཆེན་དང་རྨང་གཞི་བརྟན་པོ་ཡིན།སྤྱི་ཚོགས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པར་ད་དུང་ཁྲིམས་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་དང་།ཁྲིམས་སྐྱོང་གི་བསམ་བློ་འཛུགས་པ།ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བ།སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ།དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ།མི་དམངས་ཡོངས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བློ་དཀར་སེམས་དཀར་གྱིས་བརྩི་སྲུང་བྱེད་མཁན།དེ་དང་ཆབས་ཅིག་ད་དུང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་དང་།དམངས་བདེ།དམངས་ཕན་བཅས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་ཁྲིམས་འཛིན་ནན་པོ་དང་དྲང་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།འདྲི་གཅོད་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་བྱེད་དགོས།
ཁྲིམས་ཀྱིས་གནམ་འོག་བདེ་འགོད་དང་།ཀུན་སྤྱོད་ཀྱིས་མི་སེམས་ལ་ཕན།བཅའ་ཁྲིམས་ནི་སྤྱི་ཚོགས་བཅོས་སྐྱོང་གི་ཚད་གཞི་ཡིན་པ་དང་།ཀུན་སྤྱོད་ནི་མི་སེམས་གསོ་བའི་སྨན་བཟང་ཞིག་ཡིན།སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་དང་བསྟུན་ནས་ཀུན་སྤྱོད་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་།ཀུན་སྤྱོད་ཀྱིས་སློབ་གསོ་གཏོང་བ་དེའང་སྤྱི་ཚོགས་བཅོས་སྐྱོང་གི་ནང་གནས་སྒུལ་ཤུགས་སྐྱེད་སྲིང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས།དུས་རབས་གསར་པར་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པར་ཁྲིམས་ལྟར་བཅོས་སྐྱོང་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཀུན་སྤྱོད་ཀྱིས་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ།སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀུན་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྤྱོད་བཟང་དར་སྤེལ་བྱེད་དགོས།
རྒྱལ་ཁབ་དར་རྒུད་ནི་ལམ་ལུགས་ལ་ཐུག་པ་དང་།དམངས་ཀྱི་བདེ་སྐྱིད་ནི་སྲིད་སྐྱོང་བ་ཡིན།སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་རང་སྐྱོང་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་དང་ཁྲིམས་སྐྱོང་ལ་བརྟེན་ནས་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་དགོས་པ་མ་ཟད།ད་དུང་ཀུན་སྤྱོད་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་བཏང་སྟེ།མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྲིམས་སྐྱོང་དད་མོས་དང་ཀུན་སྤྱོད་རང་རྟོགས་འཛུགས་པ་དང་།སྤྱི་ཚོགས་སྔར་བས་ཡ་རབས་ཞི་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ།མི་དམངས་མང་ཚོགས་་ཀྱི་བདེ་སྐྱིད་དང་བློ་ཡིད་ཚིམས་ཚད་སྔར་ལས་ཇེ་བཟང་དུ་གྱུར་ཡོད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།