
2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་ཞིག་དང་།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་གལ་ཆེན་ཞིག“བཅུ་བཞི་ལྔ”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་བཅས་རེད།ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པའི་མཚམས་སུ་མཚོ་སྔོན་ཉིན་རེའི་ཚགས་པར་གྱིས་གོང་ཚེས་ཉིན་ནས“ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ལ་བསུ་བ་ཞུ་བའི”ཆེད་དོན་འཕྲིན་སྤེལ་བཏང་ནས་མཚོ་སྔོན་གྱིས་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐོབ་པའི་གྲུབ་འབྲས་གསར་པ་གཏོང་སྤེལ་གང་ལེགས་བྱས་ཏེ་མཚོ་སྔོན་གྱི་ས་གཞི་ཆེ་མོའི་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་ཡར་རྒྱས་འགྲོ་བའི་རྣམ་པ་གསར་པ་མངོན་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་རྒྱུར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་རེད།ཐུགས་ཁུར་གནང་རོགས།
མཚོ་སྔོན་ནི་མཚོ་བོད་ས་མཐོའི་ལྟེ་བའི་ས་ཁོངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྨ་ཆུ་དང་།འབྲི་ཆུ།རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་སྣོད་བཅུད་གནས་བབ་དམིགས་བསལ་དང་གལ་འགངས་ཆེ་བ་དང་སྣོད་བཅུད་ཀྱི་འགན་འཁྲི་ལྕི་ལ་དཀའ་ཚེགས་ཀྱང་ཆེན་པོ་ཡོད།མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་།དྲིན་ཚོར་ཡར་བརྩོན།གོ་སྐབས་དམ་འཛིན་དང་དངོས་སྒྲུབ་བཅས་བྱས་ཏེ་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་།གཙང་གསུམ་ཆུ་འགོ་སྲུང་སྐྱོང་།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ཐོག་མཐའ་བར་གསུམ་དུ་འཁུར་ནས་ཆོད་སེམས་དེ་བས་ཆེ་བའི་སྒོ་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྲ་ཞིང་བརྟན་པའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་རེད།
ད་ཆ་སྣོད་བཅུད་དེ་མཚོ་སྔོན་གྱི“འགག་རྩའི་ཚིག་ཏུ”གྱུར་ནས་ནང་དོན་དེ་བས་གཏིང་ཟབ་པ་དང་དེ་བས་རྒྱ་ཆེ་བ་བསྣན་ཡོད།གཙང་གསུམ་བརྗིད་ཉམས་ལྡན་པའི་གངས་ལྗོངས་ས་གཞི་ཆེན་པོར་སྣོད་བཅུད་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་།ལྗང་མདོག་འཕེལ་རྒྱས་དང་སྣོད་བཅུད་མཛའ་གྲོགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།“མིས་རི་ཀླུང་མང་པོ་ཆུད་ཟོས་སུ་མི་གཏོང་བ་དང་།རི་ཆུ་ཀླུང་གསུམ་གྱི་མི་རྣམས་སྟོང་ཟད་དུ་མི་གཏོང་བ”དེ་མཚོ་སྔོན་གྱིས་ལྗང་མདོག་ལ་བརྟེན་ནས་ལན་འདེབས་པ་དང་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ཐད་གྲུབ་འབྲས་གསར་པ་ཐོབ་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།
མངགས་བཅོལ་དམ་བཅངས།
སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་གསར་པ་གཏོད་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཐེངས་གཉིས་ཕེབས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་།མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཁ་ཕྱོགས་ཀྱི་ཐབས་ལམ་གསལ་སྟོན་དང་མདུན་སྐྱོད་ཀྱི་འཆར་གཞི་བཀོད་ཡོད།
མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པ་ལག་ལེན་གྱི་མཐོ་ས་གསར་པ་གཏོད་རྒྱུ་སྤྱི་འདོམས་སུ་བྱས་ཏེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་།ལྗང་མདོག་འཕེལ་རྒྱས།རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན།མི་དང་རང་བྱུང་ཚེ་སྲོག་གཅིག་མཐུན་འདུས་གྲུབ།སྣོད་བཅུད་དཔལ་ཡོན་ལམ་ལུགས་གསར་གཏོད།རི་ཆུ་ནགས་ཞིང་མཚེའུ་དང་།རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤེལ་ཤུགས་སྔར་ལས་ཆེ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།
རྒྱལ་ཡོངས་ཀྱི་སྔོན་ལ་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུ་དེ་ནི་མཚོ་སྔོན་གྱིས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསོག་འཇོག་བྱས་པ་ཞིག་ཡིན་པ་དང་།སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་སྣུར་སྲིང་བྱས་ཡོད།
རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱེད་པ་དང་།“ཀྲུང་ཧྭའི་ཆུ་མཛོད”དང་སའི་གོ་ལའི་སྣེ་གསུམ་པ་སྲུང་སྐྱོང་བྱ་སྤྱོད་ལག་བསྟར་བྱེད་པ།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལས་གྲྭ་གལ་ཆེན་ལ་སྐུལ་འདེད་གཏོང་བ།གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་སྔོ་ལྗང་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།
ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་96%ཡན་ཟིན་པ་དང་།གཙང་པོ་ཆེན་པོ་གསུམ་ཞིང་ཆེན་ནས་ཐོན་པའི་བཅད་ཁའི་ཆུ་སྤུས་ལེགས་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་པ།ས་ངོས་ཀྱི་ཆུའི་རྒྱལ་ཁབ་ཀྱི་དཔྱད་ཞིབ་བཅད་ཁའི་སྤུས་ཚད་ལེགས་པའི་བསྡུར་ཚད་ལོ་གཉིས་བསྟུད་མར་100%ཟིན་པ།ལོ་རེར་ཆ་སྙོམས་རྒྱལ་མཚམས་ནས་སྒྲོལ་བའི་དྭངས་གཙང་ཆུ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ཡན་ཟིན་པ།སྔོ་ལྗང་བར་མཐོངས་ཀྱིས་བཟུང་བའི་བསྡུར་ཚད་70%ལྷག་ཙམ་ཟིན་པ་བཅས་རེད།
གྲངས་གཞི་ཁག་གཅིག་ལས་མཚོ་སྔོན་གྱིས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཆེ་བ་དང་ཤུགས་ཚད་སྔར་བྱུང་མྱོང་མེད་པ་ར་སྤྲོད་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བས་སྣོད་བཅུད་ལྗོན་ཤིང་ལ་གྲུབ་འབྲས་ཐོབ་པ་བྱས་ཡོད།འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་ནགས་ཚལ་ཁྱབ་ཚད་7.5%ཟིན་པ་དང་།རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་57.9%ཟིན་པ།མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོང་མ་བྱས་གོང་གི་ཏུན་2600ནས་ཏུན་ཁྲི་11.4བར་སླར་གསོ་བྱུང་བ།གཙོད་ཁྲི་2ནས་ཁྲི་7ལྷག་ཙམ་བར་སླར་གསོ་བྱུང་བ་བཅས་རེད།
“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་སྣོད་བཅུད་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྗེས་ཐོན་ལེགས་ཆར་འགྱུར་བཞིན་ཡོད་པ་དང་།སྔོ་ཞིང་དྭངས་པའི་རི་ཀླུང་གི་རྣམ་པ་དང་གསེར་རི་དངུལ་རི་ཡི་རིན་ཐང་དེ་“སྤྱིའི་གྲངས་ཀ་”ཆེ་ཤོས་དང་མཐུན་པ།སྣོད་བཅུད་ཁོར་ཡུག་བཟང་པོ་དེ་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་དང་དྲང་སྙོམས་ཀྱི་སྤྱི་པའི་ཐོན་རྫས་གྲུབ་ཏེ། སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ཚང་མའི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་ཡོད།
མ་དཔེ་བཟོ་བ།
རྒྱལ་ཁབ་སྤྱི་གླིང་དེ་བཀྲག་མདངས་འཚེར་བའི་མིང་བྱང་དུ་གྱུར་པ།
རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཡག་པོ་བྱས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་དཔེ་མཚོན་ཡག་ཤོས་སུ་བསྐྲུན་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུའི་རེ་ཞུའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུའི་ཐད་རྒྱལ་ཁབ་སྤྱི་གླིང་འདི་ཉིད་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་ཐོག་མ་ཡིན་པའི་ངོས་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྔོན་ཐོན་ཆུ་བོ་བཏོད་ཡོད།སྔོན་ལ་བྱེད་ཕོད་པ་དང་།འདུ་ཤེས་གསར་བཅོས།འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་མཚོ་སྔོན་གྱིས་སྒྲིག་སྲོལ་གསར་གཏོད་དང་གསར་གཏོད་སྒྱུར་བཅོས་རབ་དང་རིམ་པའི་འཚོལ་ཞིབ་ཁྲོད“ཅིའུ་ལུང་ཆུ་བཅོས”སེལ་བ་དང་།ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི“ཁ་ཐོར་ཅན”མེད་པ་བཟོས་ནས་སྣོད་བཅུད་དོ་དམ་སྲུང་སྐྱོང་གི“དུད་ཚང་རེར་ལས་གནས་གཅིག”མངོན་འགྱུར་བྱུང་བ་སོགས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་ཁག་དང་།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གྲངས་གཞི་ཆེ་མོའི་ལས་སྟེགས་དང་དེ་བཞིན་ཀྲོའུ་དང་རྫོང་ཡན་ལག་ཚོད་འཛིན་ལྟེ་གནས་བཙུགས་པ།སྤུས་ཚད་མཐོ་བའི་སྒོ་ནས་ཚད་ལྡན་ཅན་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་40བསྐྲུན་པ།“གྲོང་ཚོའི་ཨུ་ལྷན་གཉིས+”ལམ་སྲོལ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ཞིབ་འཇུག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
དེ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་གསར་གཏོད་ལས་འགན་ཁག་སྤྱིར་ན་ལེགས་གྲུབ་ཟིན་རྒྱུར་སྐུལ་འདེད་བཏང་ནས་འཛུགས་སྐྲུན་བྱེད་རྩིས་ཡོད་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.16རགས་ཙམ་གཏན་འཁེལ་བྱས་པས་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དུས་འགོའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་གཞི་རྩའི་ཆ་ནས་གྲུབ་ནས་མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།
འབྲི་ཆུའི་ཆུ་འགོར་གཞི་ཚུགས་པ་དང་ཀྲུང་གོར་མིག་རྒྱང་རིང་པོས་བལྟས་ཏེ་མེད་པའི་ཁྲོད་ནས་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བྱེད་པ་དང་།ལམ་བར་དུ་དཀའ་སྤྱད་འབད་བརྩོན་བྱས་ཏེ་ད་ལྟའི་སྐྱེ་ཁམས་ཆེན་པོར་བྱེད་པའི་མཚོ་སྔོན་གྲུབ་འབྲས་ཐོབ་པ་རེད།
རྒྱལ་ཁབ་སྤྱི་གླིང་གི་གཅིག་གྱུར་ཚད་ལྡན་གྱི་དོ་དམ་སྒྲིག་སྲོལ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་འགན་དབང་མཐའ་མཚམས་གསལ་པོ་དང་།བདག་དབང་དང་ལྟ་སྐུལ་དོ་དམ་དབང་ཆ་ལོགས་དབྱེ།ས་གནས་སྲིད་གཞུང་དང་དོ་དམ་སྡེ་ཚན་ཕན་ཚུན་མཉམ་དུ་སྐྱོད་པ།མཉམ་འགུལ་བཟང་པོ།མཉམ་འདྲེས་ནུས་ལྡན་བཅས་ཀྱི་སྲུང་སྐྱོང་ཁུལ་གསར་པའི་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་བཙུགས་ནས་རྒྱལ་ཡོངས་ཀྱི་སྔོན་ལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལམ་ལུགས་ཚད་གཞིའི་མ་ལག་བཙུགས་པ་དང་།རང་བྱུང་སྲུང་སྐྱོབ་ཁུལ་སྡེབ་སྒྲིག་ལེགས་སྒྱུར་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་གླིང་གིས་གཙོ་བོ་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གསར་པ་གཞི་རྩའི་ཐོག་ཆགས་པར་བྱ་དགོས།
སྐྱེ་ཁམས་ཀྱི་མི་མངོན་པའི་ནུས་ཤུགས་རྒྱུན་མཐུད་ངང་འདོན་པ།
མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྣོད་བཅུད་ཡིན་པ་དང་།འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད་ཡིན་ལ།མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྣོད་བཅུད་ལ་ཐུག་ཡོད།སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་དང་།སྣོད་བཅུད་སྲུང་སྐྱོང་དེ་སྔོན་ལ་འཇོག་པའི་འཐབ་ཇུས་སུ་བརྩིས་ནས་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་མུ་མཐུད་གཏོད་པ།ཐོན་ལས་ཀྱི་ས་ཁུལ་བཞི་མགྱོགས་མྱུར་འཛུགས་སྐྲུན་བཅས་བྱས་ཏེ་དེང་གི་མཚོ་སྔོན་གྱིས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་།ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བརྟན་པོ་གཏོང་བ།འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་སུ་གཏོང་བ་བཅས་བྱས་ནས་ལས་རིགས་ཁག་ལྗང་མདོག་གི་ཕྱོགས་སུ་སྐྱེ་བ་དང་ལྗང་མདོག་གི་ཕྱོགས་སུ་སྐྱོད་བཞིན་ཡོད་པས་རང་བཞིན་གྱིས་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བཞིན་ཡོད།
ཆུ་རྒྱས་པ་དང་།འོད་མདངས།རླུང་ལེགས་པ།ས་རྒྱ་ཆེ་བཅས་ཀྱི་རང་བྱུང་རྣམ་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས་དེ་སྔའི་འཕེལ་རྒྱས་ཀྱི་ཞན་ཆ་དེ་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་ཡོད།རྒྱལ་ཁབ་ཀྱིས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་གོ་སྐབས་དང་ཁྲོམ་རའི་གོ་སྐབས་དམ་འཛིན་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང“ཐཱན་གཉིས”ཀྱི་དམིགས་ཚད་ལ་དམིགས་ནས་མཚོ་སྔོན་གྱིས་རྟེན་གཞིའི་གཞི་ཁྱོན་མུ་མཐུད་རྒྱ་ཆེར་གཏོང་བ་དང་།གློག་དྲའི་ཞན་ཆ་གསབ་པ།གསོག་འཇོག་གི་འཇུར་མིག་སེལ་བ།གློག་ནུས་ཚབ་བྱེད་མགྱོགས་སུ་གཏོང་བ།ནུས་རྒྱུ་གཙང་མ་འབྱུང་ཁུངས་དྲ་དངོས་གསོག་འཇོག་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པར་སླེབས་ནས་ཐོན་ལས“མཛེས་ལྗོངས”ལ་བརྟེན་ནས་འཕེལ་རྒྱས་གཏོང་བཞིན་ཡོད་པ་རེད།
“མཚོ་སྔོན་གྱི་ལྗང་མདོག་གློག་གཏོང”གི་ལག་ལེན་ལས་འཛམ་གླིང་གི་ཟིན་ཐོ་ཡང་ཡང་བཏོད་དེ་སྣོད་བཅུད་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆ་གཉིས་ར་འཕྲོད་བྱུང་བ་དང་།ཆིང་ཡུས་ཐེའི་མཐོ་གནོན་དེ་འཛམ་གླིང་གི་ནུས་རྒྱུ་གཙང་མའི་ཕྱིར་སྐྱེལ་བགྲོད་ལམ་དང་པོར་གྱུར་ནས་རྒྱུན་ཆད་མེད་པའི་གློག་ནུས་དེ་དཔལ་འབྱོར་གྱི་སྒུལ་ནུས་སུ་བསྒྱུར་བ་དང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་མཚོ་སྔོན་གྱི“ལྗང་མདོག་གློག་གཏོང”སྤྱོད་རྒྱུ་བྱུང་བ།མཚོ་སྔོན་གྱི་ཀའོ་ཅིང་དང་།ཨ་ཐེ་སི།ཐེན་ཧོ་སོགས་ཁེ་ལས་མཚོ་སྔོན་དུ་གཞིས་ཆགས་པ་དང་།སྟོད་རྒྱུད་ཀྱི་མ་བཅོས་རྒྱུ་ཆ་དང་ལྷུ་ལག་ལས་སྣོན་ཐོན་སྐྱེད་ནས་སྨད་རྒྱུད་ཀྱི་དྲ་སྦྲེལ་གློག་གཏོང་བར་སླར་ཡང་སྐྱེལ་འདྲེན་བྱས་ཏེ་ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱས་པ་དང་།ཐཱན་མེད་པའི་ཐོན་ལས་གླིང་ཁུལ་སྔོན་ལ་དཔེ་སྟོན་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་ནས“ལྗང་མདོག་གློག་”གི་ལེགས་ཆས་ལག་རྩལ་སྔོན་ཐོན་དང་།ལྗང་མདོག་ཐཱན་ཉུང་།ཐོན་ལས་ཀྱི་ལེགས་ཆ་ལྡན་པའི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཀྱི་རྣམ་གྲངས་ཁག་གཅིག་གླིང་ཁུལ་དུ་འཛུགས་རྒྱུའི་ཡིད་དབང་འགུག་དགོས།
ནུས་གསོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཟམ་མི་ཆད་པར་མགྱོགས་སུ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་ཆན་ཝ་ཁྲི་6རེ་ཟིན་པའི་གཤེར་གཟུགས་མཁའ་རླུང་ནུས་གསོག་དཔེ་སྟོན་རྣམ་གྲངས་ལས་འགོ་ཚུགས་པ་དང་།ཝ་རང་དང་།འབའ།ལྷོ་རི་སོགས་རྣམ་གྲངས་3ལ་ཞིབ་མཆན་ཐོབ་ནས་མཚོ་སྔོན་གྱི་ཆུ་འཐེན་ནུས་གསོག་རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུ་མེད་པའི་ཚད་བརྒལ་བྱུང་བ་རེད།
“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་དང་གློག་ཤུགས་མ་ལག་གསར་པ་འཛུགས་རྒྱུར་གཞོལ་ནས་དྭངས་གཙང་དྲོད་ལེན་གྱི་གོམ་སྟབས་མགྱོགས་སུ་བཏང་ཞིང་།མིག་སྔར་རྨ་སྟོད་དང་།བྲག་དཀར་།གསེར་ཆེན་།འབའ་རྫོང་།ཀུའེ་ནན།ཧོ་ནན་སོགས་རྫོང་གི་དྭངས་གཙང་དྲོད་ལེན་དཔེ་སྟོན་རྫོང་བསྐྲུན་རྒྱུ་གཙོ་གནད་ཐོག་ལག་བསྟར་བྱས་པ་དང་འབྲེལ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཚོད་ལྟའི་ཁྱབ་ཁོངས་ནང་འཇུག་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།
ད་ཆ་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་སྣོད་བཅུད་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་།འོད་ཤུགས་གླིང་ཁུལ་གྱི་ཆ་སྙོམས་རླུང་མྱུར་ཚད་དམའ་རུ་ཕྱིན་པ།ས་རྒྱུའི་ཆུ་རླངས་འགྱུར་ཚད་ཉུང་དུ་ཕྱིན་པ།སྔོ་ཁེབས་ཁྱབ་ཚད་མཐོ་རུ་ཕྱིན་པ་བཅས་མ་ཟད།“འོད་ཤུགས་སྣོད་བཅུད་འབྲོག་རའི”ཚོད་ལྟའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་འོད་ཤུགས་ལུག་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་བ་དང་།ལྗང་མདོག་འོད་ཤུགས་སྤུས་རྟགས་སྐྱེད་སྲིང་བྱས་ཏེ་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད།
སྣོད་བཅུད་ལ་བརྟེན་ནས་འཛུགས་པ་དང་།སྣོད་བཅུད་ལ་བརྟེན་ནས་དར་སྤེལ་གཏོང་བ།སྣོད་བཅུད་ལ་བརྟེན་ནས་དར་རྒྱས་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་གི་གྲངས་ཚད་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་ཚད་རྒྱ་ཆེར་བཏང་ནས་སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་ཀྱིས་དམངས་འཚོ་ལེགས་གཏོང་ལ་ཕན་པ་ཐོབ་པ་མ་ཟད།དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ལའང་ཁྱབ་ཡོད།འབད་བརྩོན་ལྷོད་མེད་ཀྱིས་སླར་ཡང་འགོ་ཚུགས་ཏེ“རྒྱལ་ཁབ་ཀྱི་དོན་ཆེན་པ”བློ་ལ་བརྟན་པོར་ངེས་ནས་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་རང་བྱུང་ལ་བརྩི་འཇོག་དང་།རང་བྱུང་དང་བསྟུན་པ།རང་བྱུང་ལ་གུས་ཤིང་སྐྲག་པ་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་འཚོལ་ཞིབ་ཧུར་ཐག་བྱས་ཚེ་སྔོ་ཞིང་དྭངས་པའི་རི་ཆུ་དེ་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་དུ་འགྱུར་རྒྱུ་རེད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།