【ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བསུ།】སྤུས་ལེགས་འཕེལ་རྒྱས་ཁྲོད་སྤུས་ཚད་མཐོ་བའི་འཚོ་བ་ལོངས་སུ་སྤྱོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་“དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་།མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་”པའི་བཀོད་སྒྲིག་གལ་ཆེན་བྱས་ཡོད།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོར་མཚོ་སྔོན་གྱིས་གཞི་རྩའི་སྤྱི་པའི་ཞབས་ཞུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་།དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ།བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་སུ་བསྒྱུར་བ་བཅས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་སྤུས་ཚད་མཐོ་བའི་འཚོ་བ་བཏོད་དེ་ཐུན་མོང་ཐོག་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ལེའུ་གསར་པ་ཞིག་བརྩམས་ཡོད།

སྲིད་ཇུས་གནད་འཁེལ་གྱིས་ལགབསྟར་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་རོགས་རམ་བྱས་པ།

“སྒྱུར་བཀོད་བྱས་རྗེས་ཁང་པའི་ཐོག་ཆུ་འགོག་ཐུབ་པ་དང་།རླངས་འཁོར་འཇོག་ས་བཀོད་སྒྲིག་བྱས་པ།ད་དུང་རྡོ་སོལ་གྱི་ཁང་པ་བཤིག་ཡོད་པས་ཁུལ་ཆུང་དེ་བལྟས་ན་གཙང་ལ་ལྟ་ན་སྡུག་པ་ཞིག་འདུག”ཁུལ་ཆུང་གི་འགྱུར་ལྡོག་སྐོར་གླེང་སྐབས་ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་སྐུ་ཞབས་ཚུའེ་ཡིས་ཆུ་རྒྱུག་རྒྱུག་མེད་པ་རེད།སྐུ་ཞབས་ཚུའེ་ལགས་ཀྱི་ཁྱིམ་ནི་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཧྲེང་ལི་ལམ་ཁྲོམ་གཞུང་ཤར་གྱི་འགྲིམ་འགྲུལ་སྲང་ལམ་གྱི་སྒོ་ར་ཨང་20པ་ནས་ཡིན་པ་དང་སྒྱུར་བཀོད་མ་བྱས་གོང་གི་སྒོ་རའི་ནང་གི་ཁོར་ཡུག་བཙོག་པ་དང་།རྙོག་ཟིང་།ཞན་པ་བཅས་ཡིན་པ་མ་ཟད།ད་དུང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ཡོད།གྲོང་མི་མང་ཚོགས་ཀྱིས་སྡོད་གནས་ལ་སེམས་ཁུར་བྱེད་པའི་ཕྱོགས་གང་ཅིའི་ཐད་ནས་འགོ་བཙུགས་ཏེ་ན་ནིང་དབྱར་ཁར་སྡེ་ཁུལ་གྱིས་ཁུལ་ཆུང་གི་སྤྱིའི་རྣམ་པར་རིམ་སྤོར་སྒྱུར་བཀོད་བྱས་ཡོད།

མིག་སྔར།མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་སྣ་མང་ཅན་དང་།རིམ་པ་མང་བ།ཕྱོགས་མང་པོ་བཅས་མངོན་པ་དང་བསྟུན་ནས།དམངས་ཚིས་གནད་དོན་དེ་སྔོན་ཆད་“ཡོད་མེད”ནས་“ལེགས་མིན་”དུ་འགྱུར་ཡོད།ཁུལ་ཆུང་རྙིང་པར་རྣམ་པ་གསར་པ་ཐོན་ནས་འདས་ཟིན་པའི་ལོ་གཅིག་ནང་མཚོ་སྔོན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་3.4སྒྱུར་བཀོད་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད།ཞིང་འབྲོག་པའི་དུད་ཚང་ཁྲི་4ཡི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་གྲྭའི་རྣམ་གྲངས་བཅས་སྤྱི་འདོམས་ལག་བསྟར་བྱས་པ་དང་།གློག་སྐས་100བསྣན་ནས་གྲོང་མིའི་ལེགས་སྒྱུར་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐངས་ཡོད།

དཔྱིད་ཀར“ལས་ཞུགས་ཆེད་སྤྱོད་མེ་འཁོར”མཚོ་སྔོན་ནས་ཐོན་ཏེ་ཤར་རྒྱུད་གྲོང་ཁྱེར་དུ་བསྐྱོད་དེ་ཤར་ནུབ་རྒྱུད་ཀྱི་ངལ་ནུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།སློབ་ཐོན་དུས་སུ“ལས་ཞུགས་རླངས་འཁོར་ཆེ་གྲས་ཐད་གཏོང་རླངས་འཁོར་”སློབ་གྲྭ་དང་།ཁེ་ལས།གླིང་ཁུལ།སྡེ་ཁུལ་བཅས་སུ་བསྐྱོད་དེ་མཐོ་སློབ་ཐོན་སློབ་མ་དེ་བས་ལས་ཞུགས་གང་ལེགས་ཐུབ་རྒྱུར་རོགས་རམ་བྱས་པ་དང་།ལོ་གཅིག་གི་དུས་བཞིར་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཁག་མཚོ་སྔོན་གྱི་ས་གཞི་ཆེ་མོར་མེ་ཏོག་བཞད་པ་དང་སློབ་མ་ཚོ་དེ་གར་སློབ་གྲྭ་ཐོན་རྗེས་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ལས་གཏོད་ཐུབ་ཡོད།

ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་ལ།ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བའི་རྨང་གཞི་གལ་ཆེན་ཡང་ཡིན།མཚོ་སྔོན་གྱིས་ལས་ཞུགས་བརྟན་པོ་དང་ལས་ཞུགས་འགན་ལེན་གྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ནས་ལས་ཞུགས་ལས་གཏོད་འབབ་འཕར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལས་ཞུགས་གཞི་ཁྱོན་ཆེ་རུ་དང་།གྲུབ་ཆ་ལེགས་སྒྱུར།སྤུས་ཚད་མཐོར་གཏོང་བཅས་མངོན་འགྱུར་ཧུར་ཐག་བྱས་ནས་སྤྱི་ཚོགས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་པ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འཕེལ་བ་བྱས་ཏེ་མི་དེ་བས་མང་བ་བློ་ཡིད་ཚིམ་པའི་ལས་གནས་ཐོག་བསྐྱོད་དེ་ལས་བརྩོན་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ་པ་བྱས་ཡོད།

འདས་ཟིན་པའི་ལོ་གཅིག་རིང་མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ལས་ཞུགས་ལ་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོའི་“12+N”སྤྱི་པའི་ལས་ཞུགས་ཆེད་དོན་བྱེད་སྒོ་བཀོད་སྒྲིག་བྱས་པ་དང་ཆེད་དོན་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་།ཅང་སུའུ་ཁེ་ལས་མཚོ་སྔོན་དུ“ལས་ཞུགས་རོགས་སྐྱོར་ཟླ་བ་དང་དཔྱིད་རླུང་བྱ་སྤྱོད”ཀྱི་ཞིང་ཆེན་རིམ་པའི་ཆེད་དོན་གདན་ཞུའི་ཚོགས་འདུར་ཞུགས་རྒྱུར་གདན་དྲངས་ནས་ཞིང་ཆེན་ཡོངས་ཀྱིས་ཝུའུ་ཤིས་སུ“སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞིའི་ལས་སྒོའི་རྐང་འཛིན་ནུས་པ་མཐོར་གཏོང་གསོ་སྦྱོང་འཛིན་གྲྭ”གཐེར་བ།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཁ་གཏད་རོགས་སྐྱོར་ལས་དོན་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་ཚོགས་འདུའི་ཆ་འཕྲིན་ཟམ་མི་ཆད་པར་ཤར་གཏོང་ཐུབ་པ་བྱས་ནས་ལས་ཞུགས་ཚོགས་སྤྱིའི་ཧུར་བརྩོན་རང་བཞིན་ཆེ་རུ་བཏང་སྟེ་ལས་ཀ་འཚོལ་མཁན་ཚོར་ཁ་ཕྱོགས་དང་བར་མཐོངས་དེ་བས་མང་བ་མཁོ་འདོན་བྱས་ཡོད།

དེ་དང་ཆབས་ཅིག་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་སྤུས་ཚད་མཐོ་རུ་བཏང་ནས་སྒོ་རྩར་སྲིད་ཇུས་སྐྱེལ་བ་དང་།ལས་གནས་སྐྱེལ་བ།སྒོ་རྩར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རང་འགུལ་ངང་ཆེད་སྤྱོད་རླངས་འཁོར་དང་།ཆེད་གཏོང་མེ་འཁོར།རླངས་འཁོར་འགན་ལེན་སོགས་ཀྱི་བྱེད་ཐབས་མཐུན་སྦྱོར་བྱས་ཏེ་ལས་མི་གཅིག་སྡུད་ཕྱིར་གཏོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་།ངལ་ནུས་སྤུས་རྟགས་སྐྱེད་སྲིང་དང་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤུས་རྟགས་གཅིག་གཏོད་པ་དང་།

དམངས་ཕན་གྱི་བྱ་བ་དར་སྤེལ་གཏོང་དགོས།འདས་ཟིན་པའི་ལོ་གཅིག་ནང་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་།ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་སྒྲུབ་པ་དང་།ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ།མང་ཚོགས་དང་གཞི་རིམ་དུ་ཟབ་ཞུགས་བཅས་བྱས་ཏེ་དམངས་འཚོར་ཕན་པ་དང་དམངས་སེམས་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱས་ཡོད།

གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་“མཉམ་དུ་མཉམ་འགུལ”ལ་སྐུལ་འདེད་གཏོང་དགོས།

“ཁྱེད་རང་དུས་ཡུན་ཇི་ཙམ་རིང་སྨན་ཁང་དུ་བརྟག་དཔྱད་བྱེད་པར་ཕེབས་སྐབས་ཁྲག་ཤེད་མཐོ་བའི་ནད་གཞི་ཡོད་མེད་དང་།ཁྱེད་ཀྱིས་ང་ལ་ན་ཟུག་གཏོང་གི་འདུག”ཅེས་བརྙན་ཤེལ་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་སྨན་རྩིས་ཁང་གི་རིགས་གཅིག་མཁས་ཅན་གྱིས་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཀྲུང་ལུགས་སྨན་རྩིས་ཁང་དུ་སྨན་ཁང་དུ་སྡོད་པའི་ནད་པར་རྒྱང་ཁྲིད་སྨན་བཅོས་བྱས་པ་རེད།

གྱོད་གཞི་འདི་ལྟ་བུ་ནི་གྱོད་གཞི་ཞིག་མིན།སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་ཆེར་བཏང་ནས་མཚོ་སྔོན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་རྫོང་ཁོངས་ཀྱི་སྨན་བཅོས་སྒྲིག་གཞི་42བཙུགས་པ་དེ་རྫོང་རིམ་པའི་སྨན་ཁང་57དང་གཞི་རིམ་སྨན་བཅོས་སྒྲིག་གཞི་338ལ་ཁྱབ་པ་དང་།ལས་སྟེགས་བསྐྲུན་ནས་སྨན་བཅོས་ཐུན་མོང་ནང་གི་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་དང་།སྨན་བཅོས་ལག་རྩལ།སྨན་རྫས་འགན་ལེན་སོགས་གོང་འོག་འབྲེལ་མཐུད་ཐུབ་པ་བྱས་ཡོད།

གྲོང་ཁྱེར་དང་གྲོང་གསེབ་བར་གྱི་“འགུལ་ཐེངས་གཅིག་མཉམ་འདར་”མངོན་འགྱུར་བྱེད་པ་ནི་དེ་ཙམ་གྱིས་མི་ཚད་པ་ཞིག་རེད།ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་གཙོ་བོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི“ཐུན་མོང་ཐོག”ལ་ཐུག་ཡོད།སྒྱུར་བཅོས་གཏིང་ཟབ་བྱས་པ་བརྒྱུད་མཚོ་སྔོན་གྱིས་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་པའི་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུ་རེད།

བྱིས་པ་ཚོ་ཁྱིམ་གྱི་སྒོ་འགྲམ་དུ་བུ་བཅོལ་ཁང་དུ་བསྐྱོད་རྒྱུ་དེ་གྲོང་ཁྱེར་དུ་ཧ་ཅང་སྟབས་བདེ་པོ་ཡོད་མོད།འོན་ཀྱང་མཚོ་སྔོན་གྱི་ཐག་རིང་ལུང་ཁུག་གི་འབྲོག་ཁུལ་དུ་དཀའ་གནད་ཅིག་རེད།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས“གནས་གཏན་འཁེལ་གྱི་སློབ་ཁྲིད”བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་ཤང་གྲོང་ཁག་གི་ད་ཡོད་བུ་བཅོལ་ཁང་ལ་བརྟེན་ནས་རྨང་གཞི་བཏིང་བ་དང་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རླངས་འཁོར་ལ་བསྡད་ནས་རྫོང་དེ་ཡོངས་སུ“གནས་གཏན་འཁེལ”17གཏན་འཁེལ་བྱས་པ་དང་འདས་ཟིན་པའི་ལོ་གཅིག་ནང“ཁྱེད་ལ་དགའ་བའི”བུ་བཅོལ་ཁང་གཅིག་སྔ་རྗེས་སུ་སྒོ་ཕྱེ་ཡོད།

2023ལོར་ཕྱིར་མིག་བལྟས་ཚེ།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་པོ་ཨའེ་སྲང་ལམ་གྱི་ཨའེ་ཧྭ་གླིང་དུ་སྡོད་པའི་ཝུའེ་དབྱི་ཧྲེང་གིས་འཚོ་བ་ཉིན་རེ་ལས་ཉིན་རེར་སྐྱིད་པོ་སྐྱེལ་གྱི་ཡོད་ཅེས་བརྗོད་ཆོགཁོང་གིས“སྡེ་ཁུལ་གྱིས་ང་ཚོར་རིན་མེད་ངང་ལྟོ་ཆས་སྐྱེལ་བ་མ་ཟད།ད་དུང་ཆེད་ལས་མི་སྣ་གདན་ཞུ་བྱས་ནས་ང་ཚོར་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད་པས་བུ་ཕྲུག་ཚོ་བློ་བདེ་པོ་འདུགསྡེ་ཁུལ་དེ་ང་ཚོའི་ཁྱིམ་ཚང་གཉིས་པར་གྱུར་ཡོད”ཅེས་བཤད།

དམངས་ཀྱི་འབོད་སྒྲ་ཉན་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བ།མཚོ་སྔོན་གྱིས“རྒན་གཅིག་ཆུང་གཅིག”གི་བདེ་སྐྱིད་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ནས་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་དང་མཐོར་གཏོང་འདུ་འགོད་དང་འོས་འགན་སློབ་གསོའི་ལྷུ་ཚིགས་ཞན་ས་ལེགས་སུ་གཏོང་བ་དང་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་ལ་སྐུལ་འདེད་བཏང་སྟེ“ཉུང་གཏོང་གཉིས”ཀྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་བཏང་བ་རེད།དེ་དང་ཆབས་ཅིག་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཀུན་ཕན་རྒན་གསོའི་ཆེད་དོན་བྱ་སྤྱོད་དང་སྡེ་ཁུལ་གྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ་དང་།གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ།སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་རྒན་རྒོན་དེ་བས་མང་བར“རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་བརྟེན་ས་ཡོད”

མིག་སྔར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་སྤྱི་པའི་ཞབས་ཞུའི་“སྤུས་ལེགས་དོ་སྙོམས”ནི་སྤྱི་མཚན་གྱི་ཐ་སྙད་ཅིག་མིན་པར་བུད་ཤིང་དང་འབྲས་སྣུམ་ཚྭ་དང་མཉམ་དུ་མི་སེར་དཀྱུས་མའི་འཚོ་བ་རིམ་བཞིན་འདྲེས་ཡོད།དམངས་ཚིས་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་པ་དང་བསྟུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་ཆེ་བ་དང་།བདེ་སྐྱིད་ཚོར་སེམས་དེ་བས་རྒྱུན་མཐུད་ཐུབ་པ།བདེ་འཇགས་ཚོར་སེམས་དེ་བས་འགན་ལེན་ཡོད་པ་བཅས་རེད།

མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི“བདེ་སྐྱིད་ཀྱི་གསང་ཨང”སེལ་བ།

“ཟི་ལིང་དུ་གསར་གཏོད་ལས་གཏོད་བྱེད་པར་དུས་བདེ་རྟག་ཏུ་ཉེ་འགྲམ་དུ་ཡོད་པ་རེད”“སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ནི་རྒྱུ་རྐྱེན་གལ་ཆེན་ཞིག་རེད”“འགལ་ཟླ་དང་རྩོད་གཞི་ཡོད་ཚེ་ང་ཚོས་འཕྲལ་མར་གནས་ལུགས་བཤད་པའི་ས་ཆ་རྙེད་ཐུབ”གྲོང་ཁྱེར་གང་དུ་འཚོ་བ་སྐྱེལ་རྒྱུ་གདམ་ག་བྱེད་པ་དང་དེ་བཞིན་གྲོང་ཁྱེར་དེར་འཚོ་བར་བདེ་སྐྱིད་ཀྱི་ཚོར་སྣང་ག་ཚོད་ཡོད་མིན་ཐད་མི་ཚང་མར་མྱོང་ཚོར་མི་འདྲ་བ་ཡོད།

འདས་ཟིན་པའི་ལོ་གཅིག་ནང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་“ཚད་ལོན་གྲོང་ཁྱེར”གྱི་མཚན་སྙན་སོ་སོར་ཐོབ་པ་དང་དུས་མཚུངས་ཟི་ལིང་གྲོང་ཁྱེར་གྱི“གྲོང་ཁྱེར་ཁོངས་ཀྱི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྲིད་འཛིན་རྩོད་གཞི་ནུས་ལྡན་ངང་འགོག་ཟོན་དང་སེལ་བའི”ཉམས་མྱོང་དང་བྱེད་ཐབས་དེ“ཕུལ་བྱུང་གསར་གཏོད་ཉམས་མྱོང”གི་མིང་ཐོའི་ནང་ཚུད་ཡོད་པ་རེད།

དེ་ནི་གཟི་བརྗིད་ཅིག་ཡིན་པ་མ་ཟད།གཟི་བརྗིད་ཀྱི་རྒྱབ་ཏུ་གྲོང་མིའི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཀྱིས་ཁེངས་ཡོད།

རྨང་གཞི་བརྟན་པོ་བྱུང་ན་མི་སེར་བདེ་འཇགས་ཡོང་བ།ས་ཁོངས་གཅིག་བཅོས་སྐྱོང་བྱས་ན་གནམ་འོག་བདེ་འཇགས་ཡིན།ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་རི་མོ་གསར་པ་འགོད་པའི་བརྒྱུད་རིམ་ནང་སྤྱི་ཚོགས་བཅོས་སྐྱོང་ནི་ནུས་པ་གལ་ཆེན་ཐོན་པའི“གནོན་རྡོ”ཞིག་རེད།ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་མཚོ་སྔོན་རྒྱུན་ཆད་མེད་པར་བསྐྲུན་ནས་མཚོ་སྔོན་ཞིང་ཆེན་གྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྡེ་ཁུལ་གྱི་གྲོང་མིར་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱས་ཡོད།

“དྲ་མིག་ཅན་ལག་བསྟར་བྱས་པ་ནས་བཟུང་།དོན་དག་ཡོད་ཚེ་དྲ་མིག་ཅན་འཚོལ་གྱི་ཡོད།དེ་ཉིན་ལས་དོན་དེ་ཉིན་སྒྲུབ་ཀྱི་ཡོད་པས་ཧ་ཅང་ཡག་པོ་འདུག”ཅེས་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་ཧྲ་ཀུའུ་ཧུད་རིགས་ཤང་ཧྲ་ཀོའུ་གྲོང་ཚོའི་གྲོང་མི་མཱ་ཡན་གྱིས་དགའ་ཚོར་ཆེན་པོས་བཤད།བྱེ་ལུང་ཤང་གིས་དྲ་མིག་ཅན་གྱི་བཅོས་སྐྱོང་བྱེད་སྟངས་གསར་པ་བརྒྱུད་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དྲ་མིག་མི་སྣ་བརྒྱུད་འཕྲལ་མར་ཐག་གཅོད་ནུས་ལྡན་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་ཡོད།མཚོ་སྔོན་གྱི་ས་གཞི་ཆེ་མོར་དྲ་མིག་མི་སྣ་གྲངས་མེད་ཀྱིས་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་དུས་བདེའི་དྲ་རྒྱ་བཟོ་བཞིན་ཡོད།

“དུས་བདེ་ཆེན་པོའི”སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་མགྱོགས་མྱུར་ཆགས་པ་དང་།སྣོད་བཅུད་ཁོར་ཡུག་བཟང་པོ་དེ་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་དུ་གྱུར་པ།སྤྱི་པའི་རིག་གནས་ཞབས་ཞུ་དམངས་ཡོངས་ལ་ཕན་པ་ཐོབ་པ།གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་སོགས་འདས་ཟིན་པའི་ལོ་གཅིག་ནང་དམངས་ཚིས་རྣམ་གྲངས་རེ་རེ་བཞིན་ལག་བསྟར་བྱས་པར་བརྟེན་གྲོང་ཁྱེར་ནས་གྲོང་གསེབ་བར་མཚོ་སྔོན་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

ལམ་ཆེན་ལྟར་མི་དམངས་སྟོང་ཟད་དུ་མི་གཏོང་བ།ལོ་ཧྲིལ་པོར་རྒྱང་ལྟ་བྱེད་པ།མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་མགྱོགས་སུ་གཏོང་བའི་ལམ་བུའི་ཐོག་མཚོ་སྔོན་གྱིས་བྱ་བ་གཅིག་རྗེས་གཉིས་མཐུད་དུ་བསྒྲུབས་པ་དང་།ལོ་རེ་བཞིན་བསྒྲུབས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་ཐུབ་པ་བྱས་ཏེ་ཡིད་ཆེས་ཀྱིས་ཁེངས་པའི་ངང་ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་ཕྱོགས་སུ་སྐྱོད་བཞིན་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།