【ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བསུ།】མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་ངག་ལ་འགུག བདེ་སྐྱིད་ཀྱི་མེ་ཏོག་རྣམ་པར་བཞད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

དགུན་དུས་མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་སྐྱོད་སྐབས་མི་རིགས་སོ་སོའི་མང་ཚོགས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་མི་སེམས་འགུལ་བའི་རྣམ་པ་མཐོང་རྒྱུ་ཡོད།

མཚོ་སྔོན་ནི་གནའ་སྔ་མོ་ནས་བཟུང་མི་རིགས་མང་བའི་རོགས་རེས་མཉམ་གནས་དང་ཞི་མཐུན་མཉམ་འདྲེས་ཀྱི་ས་ཆ་ཞིག་རེད།ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་གྲངས་ཉུང་མི་རིགས་ཁག་གི་མི་འབོར་གྱིས་49.47%བཟུང་བ་དེ་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱིས་བཟུང་བའི་བསྡུར་ཚད་མཐོ་ཤོས་ཀྱི་ཞིང་ཆེན་ཞིག་དང་།ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་མཉམ་འདྲེས་དང་སྣ་མང་གཞི་གཅིག་གི་དཔེ་མཚོན་ས་ཁུལ་ཞིགརྒྱལ་ཡོངས་ཀྱི་མི་རིགས་ལས་དོན་གྱི་ཞིང་ཆེན་ཆེན་པོ་ཞིག་བཅས་རེད།

དེ་གར་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱིས་རྡོ་འབྲུ་ལྟར་དམ་པོར་འཐམས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞི་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རི་མོ་གསར་པ་ཐུན་མོང་ཐོག་བཀོད་ཡོད་པ་རེད།

མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སེམས་མཐུན་སྒོར་གཅིག”མཉམ་དུ་འབྲི་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གཉིས་གནང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་ནས་མཚོ་སྔོན་གྱི་མི་རིགས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་དང་མཛུབ་སྟོན་གལ་ཆེན་གནང་ནས་མཚོ་སྔོན་གྱི་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་དང་རྩ་བ་གཏན་འཁེལ་བྱས་ཡོད།

ཏང་གི་མི་རིགས་སྲིད་ཇུས་ཀྱི་འོག་ཏུ་རེབ་གོང་ནས་མཚོ་སྔོན་པོའི་འགྲམ་དང་།གཙང་གསུམ་ཆུ་འགོ་ནས་ཚྭ་འདམ་གཤོངས་ས།རྩྭ་ཐང་འབྲོག་ར་ནས་རྨ་ཆུ་དང་ཙོང་ཆུའི་ངོགས་གཉིས་བཅས་སུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཡོད།

དགུན་དུས་ཉི་མ་དྲོ་ཞིང་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་ལྔ་བཅུ་གྲོང་རྡལ་པན་ཡན་གྲོང་ཚོའི་གྲོང་མི་ཚོས་མཉམ་དུ་ཅི་འཕྲོས་མོལ་འཕྲོས་དང་།འགྱུར་ལྡོག་གླེང་བ།མཐུན་སྒྲིལ་གླེང་བ།ཏང་གི་བཀའ་དྲིན་ཚོར་བ་བཅས་བྱས་ནས་ཕྲུ་གུ་གཉིས་གསུམ་ཙམ་གྱིས་འགྲམ་དུ་རྩེད་འཇོར་རོལ་བཞིན་ཡོད།མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིར་སྤུས་དག་གི་བོད་རུམ་རེ་རེ་བཞིན་འཁེལ་འཐག་འཕྲུལ་འཁོར་དང་བྲེལ་འཚུབ་ཀྱི་གཟུགས་བརྙན་དང་བསྟུན་ནས་ཁེ་ལས་འཕེལ་རྒྱས་ཀྱི་རོལ་དབྱངས་གསར་པ་ཞིག་དཀྲོལ་བཞིན་ཡོད་པ་དང་།ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཝུན་ཧུའེ་ལམ་ཁྲོམ་གཞུང་ཝུན་ཐིང་སྲང་ལམ་སྡེ་ཁུལ་དུ་སྐྱོད་སྐབས་མི་རིགས་མཐུན་སྒྲིལ་ཞི་མཐུན་གྱི་རྣམ་པ་ཟབ་མོ་མངོན་པ་དང་མི་རིགས་ཁག་གི་གྲོང་མིས་མཉམ་སྡོད་དང་།མཉམ་སྐྲུན།མཉམ་སྤྱོད།མཉམ་སྤྱོད་བཅས་ཀྱི་ཁྲོད་སྤེལ་རེས་དང་།འགྲོ་འོང་།མཉམ་འདྲེས་བཅས་བྱས་ཡོད།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་གྲོང་ཚོར་གསར་དུ་བསྐྲུན་པའི་ཐང་ཆེན་དང་ས་མེད་འདེབས་གསོ་སྔོག་འཐུ་གླིང་ཚང་མ་སྤྱོད་འགོ་ཚུགས་པས།དེ་གའི་འབྲོག་པ་མང་ཚོགས་རྣམས་དགའ་སྤྲོའི་ངང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྤོབས་པ་ཆེན་པོ་སྐྱེས་ཡོད།

མངགས་བཅོལ་ནན་པོ་ཡིད་ལ་བརྟན་པོར་ངེས་ནས་རེ་བ་ཆེན་པོ་ཆུད་ཟོས་སུ་མི་གཏོང་བ།མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དེ་རྩ་བའི་གཞི་འཛིན་སར་བརྩིས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཆེས་རྩ་བའི་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཐབས་ལམ་དུ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན། མི་རིགས་ཁག་སེར་བའི་འབྲུ་གུ་དང་འདྲ་བར་དམ་པོར་འབྲེལ་ཞིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་པའི་གསོན་ཉམས་ལྡན་པའི་རྣམ་པ་ཐོན་ཡོད།

ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་རིགས་ལས་དོན་ལེགས་འགྲུབ་ཡོང་བའི་རྩ་བའི་འགན་ལེན་ཡིན་ལ།མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་རྩ་བའི་འགན་ལེན་ཡང་ཡིན།མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་རིམ་པ་བཞིའི་ཏང་སྲིད་འགོ་ཁྲིད་གཙོ་བོས་སྤྱིའི་འགན་འཁུར་བའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ་སྐོར་གཟིགས་སྐོར་ཞིབ་དང་།ཆབ་སྲིད་རྟོག་ཞིབ།སྲིད་སྐྱོང་བྱས་རྗེས་དཔྱད་ཞིབ།ཏང་ཨུད་དང་སྲིད་གཞུང་གི་ལྟ་ཞིབ་ཞིབ་བཤེར།མི་དམངས་འཐུས་ཚོགས་སྲིད་གྲོས་ཀྱི་ལྟ་ཞིབ་བརྟག་ཞིབ་སོགས་ཀྱི་ནང་དོན་ནང་བཅུག་ནས་ཏང་ཨུད་ཀྱི་འགོ་ཁྲིད་དང་།ཏང་སྲིད་ཀྱི་འགན་མཉམ།སྤྱི་ཚོགས་ཀྱིས་མཉམ་དུ་གསར་གཏོད་བཅས་བྱེད་པའི་རྣམ་པ་ཆེན་པོ་ཞིག་ཆགས་པ་བྱས་ཡོད།རྒྱལ་ཡོངས་སུ་ཏང་ཨུས་སྤྱིའི་གནས་ཚུལ་འཛིན་སྐྱོང་གསར་འཛུགས་དང་།ཆེད་དོན་དཔྱད་ཞིབ།ཕྱོགས་གསུམ་པའི་དཔྱད་དཔོགའགུལ་རྣམ་དོ་དམ།མ་དངུལ་བྱ་དགའ་དང་ཁ་གསབ་བཅས་ནང་དོན་དུ་བྱས་པའི“ཨང་དང་པོ་ལྔ”གཏོད་པའི་ལམ་སྲོལ་བཏོད་དེ་དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

སྟོབས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།

2023ལོར་མཚོ་སྔོན་གྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ལོ་ཞིག་ཡིན་པ་སྨོས་མེད་རེད།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་བཙུགས་ནས་ལོ་70འཁོར་བའི་དུས་སྐབས་གལ་ཆེན་སྔ་རྗེས་སུ་བསུས་པ་དང་།《མཚོ་སྔོན་ཞིང་ཆེན་གྱི“བཅུ་བཞི་ལྔ”ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཆར་འགོད》བཟོས་ནས་བཏོན་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ་དང་།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ།མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱ་སྤྱོད་ཁག་10དང་མི་རིགས་ལས་དོན་གྲངས་གཞི་ཅན་དང་།སྤུས་ལེགས་གྲོང་གསེབ་འཛུགས་སྐྲུན།ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་འདུ་འགོད་ཁག་3སྒྲིག་འཛུགས་དང་ལག་བསྟར་བྱས་པ།“པད་མ་དམར་དམག་ལུང་ཤུལ་ཤུལ”དེ་རྒྱལ་ཁབ་རིམ་པའི་4Aརིམ་པའི་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱས་པས་མི་རིགས་ཁག་གི་མང་ཚོགས་ཚོས་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་བསྐྱར་དྲན་བྱེད་པ་དང་གསར་བརྗེའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་ལེན་བྱེད་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་ཡོད།

“རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་།གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ།གྲངས་ཉུང་མི་རིགས་ཁག་དབར་ཡང་ཕན་ཚུན་ཁ་འབྲལ་ཐབས་མེད”“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ།བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ”“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས”མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་གཞུང་དང་།ཐང་ཆེན།སྤྱི་གླིང་།རླངས་འཁོར་བབས་ཚུགས་བཅས་གང་སར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྦྱར་ཡིག་མཐོང་རྒྱུ་ཡོད་པ་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་མངོན་ཡོད།

“ད་ཐེངས་ཀྱི་བྱེད་སྒོས་མི་རིགས་ཁག་གི་སློབ་མའི་དབར་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་ཐེབས་པ་མ་ཟད།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་དེ་མི་རིགས་ཁག་གི་གཞོན་ནུ་སློབ་མའི་སེམས་ནང་བརྟན་པོར་ཟུག་ཡོད”2023ལོའི་ཟླ་11ཚེས་3ཉིན་ཟི་ལིང་གྲོང་ཁྱེར་གྲོང་དབུས་ཆུས་ཙུང་ཀྲའེ་གྲོང་རྡལ་གྲོང་གསར་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ནང“ཉིའུ་ཙེ་རི་མོའི་མི་རིགས་ཀྱི་ས་བོན་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་།མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱ་རིགས་དང་།བོད་རིགས།ཧུའེ་རིགས།སོག་རིགས་སོགས་མི་རིགས་ཀྱི་སློབ་ཆེན་སློབ་མ་56ཞུགས་ཡོད་པ་རེད།བྱེད་སྒོ་སྤེལ་ཡུལ་དུ་གཞོན་ནུ་སློབ་མ་ཚོས་དང་བླངས་པའི་མཛུབ་ཁྲིད་འོག་ཚོགས་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ཆེ་ཆུང་མི་འདྲ་བ་དང་ཁ་དོག་མི་འདྲ་བའི་སྒྲོག་གུ་སྒྲིག་སྦྱོར་དང་།འཚེམ་པ།མཛེས་བཟོ་བཅས་བྱས་ཏེ་གསར་གཏོད་ཀྱི་མི་རིགས་ཀྱི་ཁྱད་ལྡན་སྒྱུ་རྩལ་ཐོན་རྫས་རེ་རེ་བཟོས་ནས་ས་གནས་ས་ཐོག་གི་མི་རིགས་མཐུན་སྒྲིལ་གྱི་སྤྲོ་སེམས་འཁོལ་བའི་རྣམ་པའི་ཐོག་ཏུ་མངོན་པར་བྱས་ཡོད།

ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཤིན་ཧའེ་ལམ་ཁྲོམ་གཞུང་དུ་ལོ་མང་རིང་མི་300ལྷག་ཙམ་གྱིས་བཙུགས་པའི“སེ་འབྲུའི་ཁྱིམ་གཞི”ཀྱི་དང་བླངས་པའི་དཔུང་ཁག་ཅིག་གིས་ཐོག་མཐའ་བར་གསུམ་དུ་སེམས་ནུས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུས་ཡོད།ཁོང་ཚོས“མི་རིགས་མཐུན་སྒྲིལ་དང་གནད་སྨིན་རོགས་སྐྱོར་ཟུང་དུ་འབྲེལ་བའི”ལས་དོན་སྤེལ་ཐབས་ལག་ལེན་བསྟར་བ་བརྒྱུད།“ང་ཚོའི་དུས་ཆེན”སྤྱད་དེ་སྤོས་ཐུམ་བཟོ་བ་དང་།ཡིག་གཟུགས་དང་རི་མོ།ཁྱིམ་སྲོལ་རྒྱུན་འཛིན།ཐབ་ཚང་གི་སྒྱུ་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་ལག་ལེན་བསྟར་བ་དང་།མི་རིགས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གཏོད་རྒྱུ་ནི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་།ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སྐྱོད་པ་བཅུ”ཡི་བྱེད་སྒོ(ཁྱིམ་ཚང་དང་།སྡེ་ཁུལ།གྲོང་གསེབ།སློབ་གྲྭ།ལས་ཁུངས།དགོན་སྡེ།དམག་སྒར།དྲ་རྒྱ།ཁྲོམ་ར)སྤེལ་ཏེ།“གནས་ཐོག་སྤུས་འདེགས་དང་། གནས་ཐོག་སྐུལ་སྤེལ། ཁྱོན་ཡོངས་འགག་སྒྲོལ། ཁྱོན་ཡོངས་མཐོར་གཏོང་”བཅས་ཀྱི་“གནས་ཐིག་ཁྱོན་”གི་ལས་ཀའི་བསམ་ཕྱོགས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་སློབ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་གྲུབ་ཚུལ་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་པ་དང་། ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་ལས་དོན་ཁག་ལ་ཁ་གཏད་འཇལ་ཏེ་ཏང་ཀྲུང་དབྱང་ལ་རྒྱུགས་ལན་ཡག་པོ་ཞིག་འབུལ་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཡོད།

དམངས་འཚོར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།

མཐུན་སྒྲིལ་ལས་བྱུང་བ་དང་།སྟོབས་ཤུགས་མཐུན་སྒྲིལ་ལས་བྱུང་བ།མཚོ་སྔོན་གྱི་ས་གཞི་ཆེ་མོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་བཞད་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་དང་།ལག་གདང་སྦྲེལ་ནས་རོགས་རེས།འབད་འཐབ་ཧུར་ཐག་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཐུན་མོང་ཐོག་བརྩམས་ཡོད།

“གྲོང་ཚོའི་ས་ལར་རིགས་ཀྱིས་བོད་སྐད་ཤོད་ཤེས་པ་དང་བོད་རིགས་ཀྱིས་ཀྱང་སྐད་ཆ་ཤོད་ཤེས་ཀྱི་ཡོད།ལོ་མང་རིང་གྲོང་མི་ཚོས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ངར་ཤུགས་གཅིག་ཏུ་སྒྲིལ་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཡང་མངོན་ཡོད”ཅེས་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་རྡོ་སྦིས་བོད་རིགས་ཤང་མདོ་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སངས་རྒྱས་ཚེ་རིང་གིས་བཤད།ཉེ་བའི་ལོ་ཤས་རིང་།གྲོང་ཚོ་དེས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས“སེ་འབྲུ་དམར་པོའི་ཁྱིམ་གཞི”ཧུར་ཐག་བཏོད་པ་དང་།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ།ཕྱུག་འགྱུར་སྣེ་ཁྲིད་པས་ཐོན་ལས་གཉེར་རྒྱུར་རྒྱབ་སྐྱོར་ཧུར་ཐག་བཅས་བྱས་པས་གྲོང་ཚོའི་ནང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་དང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ཐར་ཤུལ་ཤང་ཐར་ཤུལ་གྲོང་ཚོར་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་གྲོང་ཚོའི་ལམ་དུ་རླངས་འཁོར་བཏང་ནས་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པ་དང་།ཐར་ཤུལ་གྲོང་ཚོས་བཟོས་པའི“གྲོང་སྲོལ་དམངས་ཆིངས”32ནང་ཆེ་བ་གྲོང་ཚོའི་རྒྱང་རིང་འཆར་འགོད་དང་ཆུང་བ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་བར་གྱི་ཞིབ་ཕྲའི་གནས་ཚུལ་ཚང་མར་མི་རིགས་མཐུན་སྒྲིལ་དང་ཕན་ཚུན་མཉམ་འདྲེས་རོགས་རམ་བྱེད་པའི་ནང་དོན་ལ་བསམ་གཞིག་བྱས་ཡོད།ད་ཆའི་དར་ཤུལ་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་བརྒྱུད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྲོག་ལས་སྟོབས་ཆེན་དང་།འབྲོག་ཁུལ་མཛེས་པ།འབྲོག་པ་ཕྱུག་པོ་ཆགས་པ་བཅས་ཀྱི་རྩྭ་ཐང་གི་གྲོང་ཚོ་གསར་པར་གྱུར་ཡོད།

མཐུན་སྒྲིལ་གྱི“སེ་འབྲུ་”བཏབ་ནས་མི་རིགས་ཀྱི་“བདེ་སྐྱིད་མེ་ཏོག་”བཏབ་པ་རེད།མཚོ་སྔོན་གྱིས་སྒྱུར་བཅོས་འཕེལ་རྒྱས་ཚང་མར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མངོན་པའི་དོན་སྙིང་མཐའ་འཁྱོངས་བྱས་ཏེ་ནོར་སྲིད་ཆུང་ངུར་བརྟེན་ནས་དམངས་འཚོ་ཆེན་པོ་གཉེར་རྒྱུར་སྣང་ཆེན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་གཏོང་སྒོའི་75%ཡན་དམངས་འཚོའི་ཁྱབ་ཁོངས་སུ་སྤྱོད་རྒྱུ་ཡིན་པ་རེད།ཞིང་ཆེན་ཐད་གཏོགས་སྡེ་ཚན་61གིས“མི་རིགས་མཐུན་སྒྲིལ་+”མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་འགོད་བཟོས་པ་དང་།སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་།ཐོན་ལས་ཀྱི་“ས་ཁུལ་བཞི”འཛུགས་སྐྲུན།དམངས་འཚོ་ལེགས་གཏོང་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཡོད།

གོང་འོག་འདོད་ན་རྒྱལ་ཁ་ཐོབ་ན།མཉམ་སྐྱིད་མཉམ་སྒྲུབ་བྱས་ན་དར་རྒྱས་ཡོང་།འགོ་འཛུགས་ས་གསར་པའི་ཐོག་མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ཡིན་ཞིང་།

གསར་འགོད་པས་བརྗོད་དོན། མངོན་ཡོད་ཚོར་སྣང་ནུས་ལྡན་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་དགོས།

ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་མངོན་ཡོད་ཚོར་སྣང་ནུས་ལྡན་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་དགོས་ཞེས་བཏོན་ཡོད།དཔེ་སྟོན་ཞིང་ཆེན་གཏོད་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱེད་པ་དང་།ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་གཏོད་པ།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི“མཚོ་སྔོན་གྱི་ལག་ལེན”ལ་སྐུལ་འདེད་གཏིང་ཟབ་གཏོང་བ།“སྡེ་ཁུལ་གྱི་སེ་འབྲུའི་ཁྱིམ་གཞིས”རྒྱུན་མཐུད་ངང་སྐྲུན་པ།མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་མུ་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ལས་རིགས་ཁག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་སྔོན་སྤུས་རྟགས་དེ་བས་མང་བ་གཏོད་དགོས།དེ་ནི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བར་ལས་དོན་ཁག་ཚང་མ་ཏན་ཏིག་ནང་དམ་འཛིན་དང་ཞིབ་ཚགས་ནང་བསྒྲུབས་ཏེ་མངོན་ཡོད་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་།ཚོར་སྣང་ལྡན་པའི་ཁྲོད་བསམ་བློར་སྣེ་ཁྲིད།ནུས་ལྡན་ཁྲོད་ནས་ཤེས་རྟོགས་ཡང་དག་བཅས་བྱེད་དགོས།མཚོ་སྔོན་ནི་མི་རིགས་ལས་དོན་གྱི་ཞིང་ཆེན་ཆེན་པོ་ཞིག་དང་ཤིན་ཅང་བརྟན་ལྷིང་དང་བོད་བརྟན་ཡོང་བའི་འཐབ་ཇུས་ཀྱི་ས་ཆ་གལ་ཆེན་ཞིག་ཡིན་པས་སྔར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་སྲོལ་རྒྱུན་ཡོད།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བར་དཔྱིད་རླུང་དང་ཆར་པ་འབབ་པ་དང་ཤུགས་རྐྱེན་ཐེབས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྤེལ་དགོས།མི་རིགས་ཁག་གི་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་།རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།སྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ་བརྟན་དུ་བཏང་ནས་རྒྱལ་དམངས་སློབ་གསོ་དང་།ལས་བྱེད་པའི་སློབ་གསོ།སྤྱི་ཚོགས་སློབ་གསོ་བཅས་ཡོངས་སུ་ཁྱབ་པར་བྱགཞི་རྟེན་གསར་གཏོད་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ནང་ཁྱབ་པ་བྱེད་པ་དང་།ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཕུལ་བྱུང་རིག་གནས་བརྩམས་ཆོས་གསར་རྩོམ་དང་བརྒྱུད་སྤེལ་བྱེད་པ།མི་རིགས་ཁག་གིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་བྱེད་སྒོའི་སྤུས་རྟགས་གཏོད་པ།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཞི་རིམ་དུ་སྤེལ་བའི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོ་བརྟན་དུ་གཏོང་བ་དང་།རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་དེ་གཡུལ་ས་གཙོ་བོར་བརྩིས་ནས་སློབ་མའི་བསམ་བློའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་སློབ་མར་ཡང་དག་པའི་མི་ཚེའི་ལྟ་བ་དང་།འཇིག་རྟེན་ལྟ་བ།རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས།མི་རིགས་ཁག་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་ལག་ལེན་གཞི་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་།མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ།མང་ཚོགས་ཉེ་འགྲམ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས།ཉིན་རེ་བཞིན་འབད་བརྩོན་བྱེད་དགོས་པ་དང་།རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ལ།ཕྱོགས་མང་གཞོགས་འདེགས་ཀྱིས་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་ཚང་མ་རྡོ་འབྲུ་ལྟར་དམ་པོར་སྦྲེལ་ནས་རྐང་ལག་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ཚེ་གཞི་ནས་མི་རིགས་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བྱེད་ཐུབ་པ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གཞི་ནས་དར་རྒྱས་མི་ཡོང་བ་བྱེད་ཐུབ།དེས་ང་ཚོར་“མངོན་ཡོད་”ཀྱི་ཐད་ནས་བསམ་བློ་གཏོང་བ་དང་།“ཚོར་སྣང་”གི་ཐད་ནས་བརྩེ་སེམས་དང་“ཕན་ལྡན”གྱི་ཐད་ནས་ཤུགས་རྒྱག་དགོས་པ་དང་།གཞི་རིམ་ནས་འགོ་རྩོམ་པ་དང་།དམངས་སེམས་ནས་འགོ་རྩོམ་པ།སྤྱི་ཚོགས་ཀྱི་སྡེ་ཚན་ཆུང་ཤོས་ནས་འགོ་བརྩམས་ཏེ།མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་གི་ཐོན་སྐྱེད་འཚོ་བའི་ཁྲོད་ཤེས་རྟོགས་ཟབ་ཏུ་གཏོང་བ་དང་བརྩེ་དུང་ཟབ་ཏུ་གཏོང་བ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སེམས་ཀྱི་གཏིང་དུ་ཟུག་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།