【ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བསུ།】ཚན་རྩལ་གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་ས་མཐོའི་སྟེང་གི་དེང་རབས་ཅན་གྱི་ཚན་རྩལ་གསར་གཏོད་གླིང་ཁུལ་གསར་པ་བསྐྲུན་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ལོ་གསར་པའི་ནང་ཕྱིར་ལྟ་བྱེད་སྐབས། འདས་ཟིན་པའི་ལོ་གཅིག་ནི་ཐོན་ལས་སྔོན་ལ་འཕེལ་རྒྱས་གཏོང་བར་ཕན་འབྲས་ཏན་ཏིག་ཐོབ་པའི་ལོ་ཞིག་དང་།རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་སྒུལ་ཤུགས་སྔར་བས་ཆེ་རུ་འགྲོ་བའི་ལོ་ཞིག་ཡིན་ལ།གཙོ་གནད་ལས་འགན་ལ་ཚད་བརྒལ་གསར་པ་བྱུང་བའི་ལོ་ཞིག་ཀྱང་ཡིན་ལ།གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་ཞིག་ཀྱང་ཡིན།

ན་ནིང་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གིས“སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་དེང་རབས་ཅན་གྱི་ཚན་རྩལ་གསར་གཏོད་གླིང་ཁུལ་གསར་པ་གཏོད་པའི”དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྐུལ་འདེད་དང་།ཚོང་འགུགས་ལ་སྐུལ་འདེད།ཚན་རྩལ་གསར་གཏོད་ལ་དམ་འཛིན།ཁོར་ཡུག་ལེགས་གཏོང་།ཐོན་སྐྱེད་བརྟན་པོ།ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཀ་རྟེན་ཐོན་ལས་གཅིག་སྡུད་འཕེལ་རྒྱས་དང་།སྣེ་འདྲེན་ཁེ་ལས་སྟོབས་ཆེར་གཏོང་བ། ཚན་རྩལ་འདུས་ཚད་མཐོ་བ་དང་། ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་བྱེད་ཚད་མཐོ་བ་བཅས་ཀྱི་ཚན་རྩལ་གླིང་ཁུལ་དུ་འཕེལ་རྒྱས་བཏང་ཡོད།

འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ལ་རྩིས་བཤེར་བྱེད་སྐབས་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འབད་ལ་སྐུལ་འདེད་གཏོང་བ། སློབ་བསྡུར་བསྙེགས་བརྒལ་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་པར་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞབས་ཞུ། ཚན་རྩལ་གསར་གཏོད། ལྗང་མདོག་ཐོན་ལས་སོགས་ཟུར་ཚད་མང་བ་དང་ཁྱབ་ཁོངས་མང་བའི་ཚད་བརྒལ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད།

སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་གྱི་ལས་དོན་ཕྱོགས་སྡོམ་ལ་བལྟས་ན།བཀྲག་མདངས་འཚེར་ས་མང་བ་དང་གསར་གཏོད་འགྱུར་ལྡོག་ཡོང་བའི་བྱེད་ཐབས་ཀྱི་གྲུབ་འབྲས་རེ་རེ་བཞིན་གླིང་ཁུལ་2023ལོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དཔང་པོ་བྱས་ཡོད།

“ཟི་ལིང་སྐྱེ་དངོས་གླིང་ཁུལ་གྱི་ཐོན་ལས་ཆེན་པོ་གསུམ་གྱི‘ཐབས་གཉིས་ནང་འདྲེན་གཉིས’ཀྱི་རྣམ་གྲངས”དེ་མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི“རིག་ནུས་གཙང་གསུམ་ཆུ་འགོ·མཚོ་སྔོན་གསར་པར་རམ་འདེགས་བྱེད་པའི”ཤེས་ལྡན་པའི་རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག“ཁྱད་ལྡན་ཤེས་ལྡན་པའི་རྣམ་གྲངས་ཆེ་གྲས་བཅུ”ལ་བདམས།

ས་མཐོའི་སྐྱེ་དངོས་གསོ་རིག་ཁྱད་ལྡན་ཐོན་ལས་ཚོགས་འདུས“མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན་ལས་ཚོགས་འདུས”ལ་ཆོག་མཆན་ཐོབ་པ།

མཚོ་སྔོན་ཞིང་ཆེན་གྱི་གླིང་ཁུལ་གྱི་ཚན་རྩལ་འཚར་ལོངས་ཀྱི་རྐང་དབང་མ་འཇོག་ཐེབས་རྩ་ཐོག་མ་དེ་བཙུགས་ནས་ཞིང་ཆེན་ཡོངས་སུ་སྔོན་ལ་མ་རྩ་ཚོང་འགུགས་དང་ཐེབས་རྩ་ཚོང་འགུགས་བྱས་པ།

གླིང་ཁུལ་གྱི་གཞི་ཁྱོན་ལྡན་པའི་ཁེ་ལས་གསེར་ཁེ་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་དེ“རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་ལེགས་ཆའི་ཁེ་ལས”དང“མཚོ་སྔོན་ཞིང་ཆེན་གྱི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་དང་པོ”ལ་བདམས་པ་དང་།

གླིང་ཁུལ་གྱི་གཞི་ཁྱོན་ཁེ་ལས་མཚོ་སྔོན་མིང་ནུའོ་སྤྱིན་ཐུམ་ཚད་ཡོད་ཀུང་སི་དང་མཚོ་སྔོན་དབྱི་ན་ཝུའེ་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དེ“རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ”ལ་བདམས།

འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་ཚད་གསར་པའི་ཕྱོགས་སུ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་གྱིས་གླིང་ཁུལ་གྱི་ཁྱད་ཆོས་ལ་སླར་ཡང་ཞིབ་ལྟ་བྱས་ཏེ་བརྟན་ཐོག་ཡར་འཕེལ་དང་།ཡར་རྒྱས་ལ་བརྟེན་ནས་བརྟན་པོར་སྐུལ་འདེད།སྔོན་ལ་བཙུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་བསྐྱར་འཕར་གྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་ཆེ་རུ་བཏང་ནས་དཔལ་འབྱོར་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་ཡོང་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ཟི་ལིང་གིས་མདུན་སྐྱོད་དང་མིག་དཔེ་སྟོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཚན་རྩལ་གསར་གཏོད་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ལེགས་སུ་ཕྱིན་པ།

2023ལོར་གླིང་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་དུས་མཚུངས་ལས་10%འཕར་བ་དང་།གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་18.2བཏང་བ་དེ་དུས་མཚུངས་ལས་14.9%འཕར་ཡོད།བཅད་གྲངས་ཡན་གྱི་སྡེབ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་148.7ཟིན་པ་དེ་དུས་མཚུངས་ལས་17.5%འཕར་ཡོད།

ན་ནིང་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་གྱིས་ཁེ་ལས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་བཟོ་ལས་ཁེ་ལས་2གཞི་ཁྱོན་ཡན་གྱི་ཁེ་ལས་ནང་བདེ་བླག་ངང་བཅུག་པའི་ནང་མཚོ་སྔོན་ཧུང་ཡོན་ཅའོ་ཡོན་སྤྲི་དཀར་རྒྱུ་མ་ཚད་ཡོད་ཀུང་སིས་ལོ་དེར་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ཞིང་ལས་ཐོན་རྫས་དང་ཅ་ཁོའི་ཚོང་དོན་སོགས་ཚོང་དོན་ཁེ་ལས་7བཅད་གྲངས་ཡན་གྱི་ཁེ་ལས་ནང་བདེ་བླག་ངང་བཅུག་ཡོད་པ་རེད།

ཚོང་འགུགས་མ་འདྲེན་ཐད་གླིང་ཁུལ་གྱིས་ཚོང་འགུགས་མ་འདྲེན་གྱི“འདུ་འགོད་ཨང་དང་པོ”མཐའ་འཁྱོངས་བྱས་ཡོད།མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རྣམ་གྲངས་ལ་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་21ཟིན་ནས་དམིགས་ཚད་ལས་འགན་གྱི་105%ལེགས་གྲུབ་བྱུང་ཡོད།ཞིང་ཆེན་ཕྱིར་མ་དངུལ་སྒོར་དུང་ཕྱུར་15.03དམིགས་སར་འབྱོར་བ་དང་དམིགས་ཚད་ལས་འགན་གྱི་100.2%ལེགས་གྲུབ་བྱུང་ཡོད།ལོ་ཧྲིལ་པོར་མ་འཇོག་སྒོར་ཁྲི་5000ཡན་གྱི་བཟོ་ལས་རྣམ་གྲངས་6དོན་འཁྱོལ་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་28.8ཙམ་བཏང་ཡོད་པ་རེད།རྣམ་གྲངས་གལ་ཆེན་ཇུས་འགོད་དང་གསོག་འཇོག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྒོར་དུང་ཕྱུར་བརྒྱའི་རྣམ་གྲངས་2དང་།སྒོར་དུང་ཕྱུར་50ཡན་གྱི་རྣམ་གྲངས་1སྒོར་དུང་ཕྱུར་30ཡི་རྣམ་གྲངས་1སྒོར་དུང་ཕྱུར་10ཡན་གྱི་རྣམ་གྲངས་3བཅས་གསོག་འཇོག་བྱས་ཡོད།ཞིང་ཆེན་ཡོངས་ཀྱི་སྔོན་ལ་ཐེབས་རྩའི་ཚོང་འགུགས་ལས་དོན་སྤེལ་ནས་ཐོན་ལས་མ་འཇོག་ཐེབས་རྩ་བཞི་གྲབས་འཛུགས་བྱས་ཡོད།ཀྲུང་ཅིན་མཚོ་སྔོན་གྱི་མཐོ་གསར་ལག་རྩལ་ཐོན་ལས་རྐང་དབང་མ་འཇོག་ཐེབས་རྩ་དང་།ཞིང་ཆེན་མ་རྐང་འགྲིམ་འགྲུལ་ལྟེ་གནས་མཚོ་སྔོན་གྱི་གླིང་སྣེའི་རྐང་དབང་མ་འཇོག་ཐེབས་རྩ(ཚད་ཡོད་མཉམ་སྡེབ)ཀྲུང་ནོར་ཚོང་ལས་མཚོ་སྔོན་གྱི་མཐོ་གསར་ལག་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐེབས་རྩ་བཙུགས་པ་དང་འཁོར་སྐྱོད་བྱས་ནས་སྤྱི་ཚོགས་ཀྱི་མ་རྩས་མ་འཇོག་ལ་སྐུལ་ཁྲིད་བྱེད་པར་སྐུལ་འདེད་བཏང་བ་རེད།

ལས་སྟེགས་བསྐྲུན་ནས་ལེགས་ཆ་གསོག་འཇོག་བྱེད་པ། ཚན་རྩལ་གསར་གཏོད་ཀྱིས་སྒུལ་ནུས་ཆེ་རུ་གཏོང་བ།

2023ལོར་གླིང་ཁུལ་གྱི་གསར་གཏོད་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ཚན་རྩལ་འཚར་ལོངས་ཀྱི་རྐང་དབང་མ་འཇོག་ཐེབས་རྩ་བཙུགས་པ་དང་།ཐེབས་རྩའི་གཞི་ཁྱོན་སྒོར་དུང་ཕྱུར་2ཟིན་པ།དངུལ་རྩས་ཁེ་ལས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཁྲོམ་རར་ཞུགས་པའི་སྒོ་བྱང་བཀལ་བ་སོགས་ཀྱི་ལས་དོན་སྤེལ་བ་རེད།དེའི་རིང་ཀྲུང་གོ་སྣུམ་ཡུན་ཧན་དང་།ཤིས་དབང་མཐོ་གསར།ནུབ་བྱང་སུའུ་སོགས་ཁེ་ལས་བདུན་གྱིས་རྐང་འཛིན་འགྲིམ་འགྲུལ་ལྟེ་གནས་ས་ཁོངས་སུ་བདེ་བླག་ངང་སྒོ་བྱང་བཀལ་བ་རེད།དེ་དང་ཆབས་ཅིག་ཐབས་ལམ་བཟོས་ནས་ཁེ་ལས་ཀྱིས་དངུལ་རྩའི་ཐོན་རྫས་སྣ་ཚོགས་གསར་གཏོད་བྱེད་པར་སྐུལ་མ་བཏང་ནས་ལོ་བརྒྱ་དང་།རུའེ་མཚེའུ།གཡང་འཛོམས་སོགས་ཁེ་ལས་ལ་ཚན་རྩལ་གསར་གཏོད་དངུལ་བུན་དང་ཆེད་ལས་སྤུས་ལེགས་དམིགས་བསལ་དངུལ་བུན་སོགས་ཀྱི་མ་དངུལ་ཁྱོན་སྒོར་ཁྲི་1697ཐོབ་ཡོད།

“ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་—ལག་རྩལ་མཐོ་གསར་གྱི་ཁེ་ལས་—ཚན་རྩལ་གྱི་མི་ཆེན་ཆུང་”སྐས་རིམ་བཞིན་གསོ་སྐྱོང་ལམ་སྲོལ་ལག་བསྟར་བྱས་ཏེ།“རྣམ་པ་གསུམ་”གྱི་ཁེ་ལས་གསོ་སྐྱོང་མཛོད་བཙུགས་པ་དང་།གཞི་རྟེན་གསོ་སྐྱོང་ཁེ་ལས་537ཟིན་པ།མཐོ་གསར་ལག་རྩལ་གྱི་ཁེ་ལས་11དང་།ཚན་རྩལ་ཅན་གྱི་ཁེ་ལས་19ཆེད་ལས་སྤུས་ལེགས་དང་དམིགས་བསལ་ཅན་གྱི་ཁེ་ལས་གསར་པ་5བཅས་སྐྱེད་སྲིང་བྱས་ཡོད།

མཐོ་རིམ་སློབ་གསོའི་འབྱུང་ཁུངས་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་7དང་མཉམ་ལས་གྲོས་མཐུན་བཞག་ནས་ཐོན་སློབ་ཞིབ་གསུམ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་བཙུགས་ཡོད།མཚོ་སྔོན་གྱི་བཟའ་བཅའ་འཕྲོད་སྦྱོར་ཆེད་ལས་ཅན་གྱི་ཚན་རྩལ་ཁེ་ལས་གསོ་སྦྱོང་ཡོ་བྱད་དེ་ཞིང་ཆེན་རིམ་པའི་ཚན་རྩལ་ཁེ་ལས་གསོ་སྦྱོང་རྟེན་གཞིར་བདམས་པ་དང་།མཚོ་སྔོན་བོད་མཉེན་ཆ་འཕྲིན་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་མཚོ་སྔོན་ཧྭ་ཧྲི་ནས་བཟའ་བཅའ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ལ་གྲོང་ཁྱེར་རིམ་པའི་ཁེ་ལས་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་ཆོག་མཆན་ཐོབ་པ།སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གི་ཚན་ཞིབ་སློབ་གསོའི་ཚན་རིག་ཁྱབ་གདལ་རྟེན་གཞི་དང་།ཚན་རིག་ཞིབ་འཇུག་དང་གྲུབ་འབྲས་གཅིག་སྡུད་སོགས་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་4བཟོས་ནས་རིགས་ཁག་གི་ཁེ་བེད་བདག་ཐོབ་281ཟིན་རྒྱུའི་དབང་ཆ་སྤྲད་པ་རེད།

གྲོང་ཁྱེར་ཡོངས་ཀྱི་གླིང་ཁུལ་གྱི་ཚན་རིག་ལག་རྩལ་མཐུན་ཚོགས་ཐོག་མ་དེ་བཙུགས་ནས་ཚན་རྩལ་ཁེ་ལས་169ལ་ཚན་རྩལ་ཡིག་ཚགས་བཟོས་པ་དང་།གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་།ཚན་རྩལ་གྲུབ་འབྲས་གཞན་སྒྱུར།ཚན་རྩལ་སྲིད་ཇུས་མཛུབ་ཁྲིད་བཅས་ལ་དམིགས་ནས་ཁེ་བེད་བདག་ཐོབ་མཛོད་དང་གྲུབ་འབྲས་མཛོད་སོགས་ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་མཛོད་ཆེ་གྲས་བཅུ་བཙུགས་ཡོད།

གླིང་ཁུལ་གྱི་“1+7+N”ས་ཁོངས་ཡོངས་ཀྱི་གསར་གཏོད་མ་ལག་བཙུགས་པ་དང་།ཚན་རྩལ་གསར་གཏོད་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཁོར་གཉིས་སྐུལ་འདེད་མཐའ་འཁྱོངས་བྱས་པ།གསར་གཏོད་ཁྱུ་ཚོགས་ཀྱི་ནུས་པ་སྤྲོད་པའི་བྱ་སྤྱོད་ཆེན་པོ་བདུན་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད་ཁེ་ལས་དང་།ལས་སྟེགས།ཚན་རྩལ།ཤེས་ལྡན་མི་སྣ།སྣོད་བཅུད་བཅས་ཀྱི་སྣེ་ཁྲིད་ལྔ་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་བརྟེན་ནས་གསར་གཏོད་ཀྱི་གསོན་ཤུགས་དང་སྒུལ་ཤུགས་འཕེལ་བ་རེད།

བཅོས་སྐྱོང་ལ་མཐོང་ཆེན་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གཏིང་ཟབ་ཏུ་སྤེལ་བ།

2023ལོར་གླིང་ཁུལ་གྱིས་སྔོ་ཞིང་དྭངས་བའི་རི་ཆུ་རིན་ཆེན་གསེར་རིའི་ལྷག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་ལྟ་སྐུལ་དོ་དམ་ནན་པོ་བྱེད་པའི་ལས་ཀའི་བླང་བྱ་རྒྱུན་མཐུད་ཐོག་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་དོན་འཁྱོལ་ཡག་པོ་བྱས་ཡོད།དེའི་རིང་རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དེ་གླིང་ཁུལ་གྱི་ལྡོག་ལན་གནད་དོན་ཁག་5དང་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གྱོད་གཞི་ཁག་22ཚང་མ་བཅོས་སྒྲིག་བྱས་ཟིན་པ་རེད།རེས་སྐོར་གསུམ་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དེ་གླིང་ཁུལ་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གྱོད་གཞི་6སྔོན་ལ་ཐག་གཅོད་བྱས་ཡོད།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་།ཁེ་ལས་4ཡི་རླངས་བསྒྱུར་ཏུན་ཁྲི་49.5ཡི་ཁྲོ་ཐབ་ལ་ཏན་དམའ་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་།ཏན་དབྱང་འགྱུར་རྫས་ཏུན་30.99ཙམ་ཉུང་དུ་བཏང་ཡོད།ཆུ་བརྒལ་ཁེ་ལས་34ཡིས་རེས་སྐོར་གཉིས་ལ་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ལེགས་གྲུབ་བྱུང་བ་དང་།ཆར་ཆུ་དང་བཙོག་ཆུའི་གཙོ་འགན་དྲ་བ་1.73kmགསར་སྐྲུན་དང་སྒྱུར་བཀོད་བྱས་པ།གྲོང་ཁྱེར་དོ་དམ་གྱི་སྦུག་ལམ་དྲ་བ་5སྒྱུར་བཀོད་བྱས་པ།ས་འོག་སྦུག་དྲ་“པར་རིས་གཅིག”གི་སྒྲིག་བཟོའི་ལས་དོན་ལེགས་གྲུབ་བྱུང་ཡོད།གྲོང་ཁྱེར་རིམ་པའི་ས་རྒྱུའི་སྦགས་བཙོག་གཙོ་གནད་ལྟ་སྐུལ་དོ་དམ་ཚན་པའི་ས་རྒྱུའི་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་ལེགས་གྲུབ་བྱས་ཏེ་མཚོ་སྔོན་རྨ་ཆུའི་ཅ་བསྙལ་ས་འོག་གི་ཆུ་ལེན་པའི་ཁྲོན་པ་སྒོ་རྒྱག་དགོས།གཙོ་གནད་ཐོན་སྐྱེད་དང་བེད་མེད་དུ་གཏོང་བའི་ཚན་པ་4དང་གཙོ་གནད་མིན་པའི་ཐོན་སྐྱེད་དང་བེད་མེད་དུ་གཏོང་བའི་ཚན་པ་46ཚང་མར་ཞིབ་བཤེར་བྱས་ནས་ཉེན་ཡོད་ཟོག་རོ་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད་100%ཟིན་ཡོད།

ཁེ་ལས་སྒྲིག་འཛུགས་བྱས་ནས་ལས་རིགས་ཀྱི་ནུས་ཁུངས་ཟད་གྲོན་གྱི་ཚད་གཞིའི་ལས་དོན་སྤེལ་ཏེ་ཧེ་བག་སྔར་བས་འཚོལ་ཞིབ་དང་།ལག་རྩལ་ཡར་ཐོན་དང་ཐོན་རྫས་གསར་སྒྱུར་རབས་བརྗེ་བྱེད་པའི་ཇུས་གཞི་འདོན་པ།ལག་རྩལ་གསར་པ་དང་།བཟོ་རྩལ་གསར་པ།སྒྲིག་ཆས་གསར་པ་སོགས་ཀྱི་བྱེད་ཐབས་གང་མགྱོགས་སྤྱད་དེ་ནུས་ཁུངས་ཀྱི་ཕན་འབྲས་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ།གཞི་ཁྱོན་ཡན་གྱི་བཟོ་ལས་རྩིས་གཞི་རེའི་འཕར་ཐང་གི་ནུས་ཁུངས་ཟད་ཚད་9.9%དམའ་རུ་བཏང་ཡོད།ཆུའི་ཐོན་ཁུངས་ཀྱི་རིགས་པས་ཁུངས་སྐྱེལ་སྙན་ཞུ་བཟོ་འགོད་ལེགས་གྲུབ་བྱུང་བ་དང་།ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་རྣམ་པའི་གླིང་ཁུལ་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ།མཚོ་སྔོན་སྐྱེ་དངོས་སྨན་རྫས་བཟོ་གྲྭ་དང་མཚོ་སྔོན་དབྱི་ན་ཝུའེ་ཁང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་5ཡིས་ཆུ་གྲོན་ཆུང་རྣམ་པའི་ཁེ་ལས་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་རེད།ལྗང་མདོག་བཟོ་གྲྭའི་རེ་ཞུའི་ལས་དོན་ཧུར་ཐག་སྤེལ་ནས་མིང་ནུའོ་སྤྱིན་ཐུམ་དང་གཙང་གསུམ་ཆུ་འགོའི་སྨན་རྫས་ལས་རིགས་ཀྱི་ཁེ་ལས་གཉིས་ཀྱིས་ཞིང་ཆེན་རིམ་པའི་ལྗང་མདོག་བཟོ་གྲྭར་གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་པ།ཤིས་དབང་མཐོ་གསར་རྒྱུ་ཆ་ཚད་ཡོད་ཀུང་སི་དེ་ཞིང་ཆེན་དེ་ཡོངས་ཀྱི་“ཐཱན་མེད་པའི་བཟོ་གྲྭ”དང་པོར་གཏན་འཁེལ་བྱས་པ་དང་དེའི་ཐོན་རྫས་དེ“ཐཱན་མེད་ཐོན་རྫས”སུ་གཏན་འཁེལ་བྱས་ཡོད།

སྣེ་ཁྲིད་ཀྱི་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ་ཏང་འཛུགས་སྐྱོང་གི་ཐོན་ལས་རིམ་སྤོར་བྱས་པ།

“ཁེ་ལས་མཐའ་འཁོར་གྱི་གློག་འཕྲིན་བརྡ་རྟགས་ཞན་པས་འབྲེལ་ཡོད་ཚན་པས་དོན་འཁྱོལ་བྱེད་ཐུབ་པའི་རེ་བ་ཡོད”ཅེས་པ་དེ་ནི་སྨན་རྫས་ཐོན་ལས་སྦྲེལ་ཐག་གི་ཏང་འཛུགས་སྐྱོང་མནའ་འབྲེལ་ལས་དོན་ཚོགས་པའི་ཆ་འཕྲིན་ཞིག་ཡིན་པ་དང་འབྲེལ་ཡོད་རེ་འདུན་འབྱོར་རྗེས་གླིང་ཁུལ་གྱི་ལས་དོན་མི་སྣས་འཕྲལ་དུ་འབྲེལ་ཡོད་ཁེ་ལས་ལ་ཤེས་རྟོགས་བྱེད་པར་བསྐྱོད་དེ་ཞིབ་ཕྲའི་གནས་ཚུལ་བརྟག་དཔྱད་གསལ་པོ་བྱས་རྗེས་འཕྲལ་མར་སྒུལ་བདེའི་ཀུང་སི་དང་འབྲེལ་གཏུག་བྱས་ནས་གནད་དོན་ཐག་གཅོད་བྱས་ཏེ་འཕྲལ་མར་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས།

ནང་དོན་དེ་ནི་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གིས་གསར་དུ་བཙུགས་པའི་སྨན་དང་སྨན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་གི་ཏང་འཛུགས་སྐྱོང་མནའ་འབྲེལ་གྱི་ལས་ཀའི་གསལ་ཐོ་ལས་བྱུང་བ་ཞིག་རེད།“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་།ས་ཁོངས་ཡོངས་ཀྱི་གཅིག་གྱུར་འཆར་འགོད།མཉམ་འདྲེས་འཕེལ་རྒྱས”བཅས་ཀྱི་ཏང་འཛུགས་སྐྱོང་གི་བསམ་ཕྱོགས་གཞིར་བཟུང་།ན་ནིང་གླིང་ཁུལ་གྱིས་སྲོལ་རྒྱུན་གྱི་སྨན་རྫས་དང་།སྨན་རྫས་གསར་པ།ལུས་གསོའི་སྨན་བཅོས་བཅས་ཁྱབ་ཁོངས་གསུམ་ལ་དམིགས་ནས་སྐྱེ་དངོས་གླིང་ཁུལ་གྱི་སྨན་རྫས་“ཐོན་ལས་སྦྲེལ་ཐག”ཏང་འཛུགས་སྐྱོང་མནའ་འབྲེལ་བཙུགས་ཏེ་ཁེར་རྐྱང་གིས་ཚོགས་པའི་འཕེལ་རྒྱས་ལ་བསྒྱུར་ནས་སྨན་དང་སྨན་རྫས་ཁེ་ལས་ཀྱི་སྟོད་སྨད་བར་གསུམ་གྱི་ཐོན་ལས་འཕེལ་ཏེ1+1>2ཀྱི་དཔལ་འབྱོར་གྱི་དགེ་མཚན་མངོན་འགྱུར་བྱས།

ཐོན་ལས་སྦྲེལ་ཐག་སྲིད་ཇུས་མཁོ་སྤྲོད་དང་ཐོན་ཁུངས་སྡེབ་སྒྲིག་ལ་སྐུལ་འདེད་བཏང་སྟེ།སྲ་ཞིང་བརྟན་པའི་“རྩ་འཛུགས་སྦྲེལ་ཐག་”ལ་བརྟེན་ནས་ཐོན་ལས་སྦྲེལ་ཐག་བརྟན་པོའི་ངང་མདུན་དུ་བསྐྱོད་དེ།“གསལ་ཐོ་གསུམ་”གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།“སྐྱེ་དངོས་གླིང་གི་སྨན་རྫས་ཐོན་ལས་སྦྲེལ་ཐག་གི་ཏང་འཛུགས་སྐྱོང་མནའ་འབྲེལ་ལས་དོན་ཚོགས་པར”བརྟེན་ནས“དྲ་ཐོག་ཞབས་ཞུའི”གནམ་གཤིས་ལ་མ་བལྟོས་པར་བྱེད་ཐུབ་པ་བྱེད་དགོས།མིག་སྔའི་བར་གླིང་ཁུལ་གྱི“ཐོན་ལས་སྦྲེལ་ཐག”ཏང་འཛུགས་སྐྱོང་མནའ་འབྲེལ་གྱིས་སྣེ་ཁྲིད་པ་དང་དོ་དམ་ཨུ་ལྷན་ལས་ཁུངས་ཀྱི་སྡེ་ཚན་ཁག་ཚན་པར་བྱས་ནས་ཁེ་ལས་ལ་གནད་དོན་ཁག་54ཐག་གཅོད་བྱས་པ་དང་ཁེ་ལས་ཀྱི་ལས་མི་སྤྱོད་པའི་གདན་ཞུའི་ཚོགས་འདུ་ཐེངས་2སྒྲིག་འཛུགས་བྱས་ཡོད།

ཕུགས་འདུན་དོན་གཉེར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་ཀྱིས་བསྐྱོད།

2024ལོར་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གིས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་གྲོང་ཨུད་ཀྱི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་།སྣོད་བཅུད་ཤེས་དཔལ་མཐོ་ས་དང་ཐོན་ལས་འཕེལ་རྒྱས་ཀྱི“ས་ཁུལ་བཞི”ལ་དམིགས་པ།གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། སྟོབས་ཆེར་གཏོང་བ་དང་ཁ་གསབ་བྱེད་པ། གསར་གཏོད་ཡག་པོ་བྱེད་པ། མཐུན་སྒྲིལ་ཡར་བརྩོན་བྱེད་པ། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་དང་གྲོང་ཁྱེར་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཁྲོད་མདུན་སྐྱོད་བྱེད་པ། གྲོང་ཨུད་ཀྱིས་སྤྲད་པའི“སྣོད་བཅུད་ཤེས་དཔལ་གྱི་ས་མཐོའི་དེང་རབས་ཅན་གྱི་ཚན་རྩལ་གསར་གཏོད་གླིང་ཁུལ་གསར་པ་གཏོད་པའི”ལས་འགན་དོན་འཁྱོལ་བྱེད་པ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་དང་སྒྲིག་ཁྲིམས་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་སྟེ་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་སེམས། བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་བཅས་ཀྱི་ཐོག་ནས“གསར་གཏོད་རྟེན་གཞི་གཅིག་དང་ལྟེ་བའི་གྲོང་ཁྱེར་གསུམ”འཛུགས་སྐྲུན་བྱ་ཆེད་གླིང་ཁུལ་གྱི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།