【ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་བསུ།】བསམ་བློའི་རྨང་གཞི་བརྟན་པོ་འདིང་བའི་ཁྲོད་དུ་དོན་དངོས་སྒྲུབ་པར་གོ་བ་ལེན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ལམ་ཆེན་སྟབས་བདེ་དང་དངོས་སྒྲུབ་གནད་འགག་ཡིན།དངོས་དོན་སྒྲུབ་པ་ནི་གུང་ཁྲན་ཏང་མིའི་ལག་ལེན་གྱི་གཤིས་རྒྱུད་དང་སྲོལ་རྒྱུན་བཟང་པོ་ཡིན་པ་དང་།ཏང་ཡོན་ལས་བྱེད་པའི་སྲིད་དོན་སྒྲུབ་པའི་རྩ་བ་ཡིན་ལ།གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་རྟེན་གཞི་གལ་ཆེན་ཡང་ཡིན།

“རིམ་ཁག་ཏང་རྩ་འཛུགས་འཛུགས་སྐྱོང་སྔར་བས་འགྱུར་མེད་སྟོབས་ལྡན་བྱུང་ཚེ་རིམ་ཁག་ཏང་གི་ལས་བྱེད་པས་གཞུང་སེམས་རྣམ་དག་དང་།ཞུམ་པ་མེད་པའི་བློ་སྟོབས།ངར་ཤུགས་ཆེར་སྐྱེད་བཅས་ཀྱི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ”།

དངོས་དོན་སྒྲུབ་པ་ནི་འགོ་ཚུགས་ས་ཡིན་ལ་དོན་ལ་འབབ་ས་ཡང་ཡིན།དངོས་སྒྲུབ་ཀྱིས་མིག་དཔེ་སྟོན་པ་དང་།དངོས་སྒྲུབ་ཀྱིས་གྲུབ་འབྲས་དངོས་གཏོད་པ།རྒྱུན་ཆད་མེད་པར་ལས་འགན་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ན།ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གཞི་ནས་འདོན་སྤེལ་གང་ལེགས་བྱེད་ཐུབ་པ་དང་།གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་གཞི་ནས་གང་ལེགས་མངོན་ཐུབ།

བསམ་བློའི་རྨང་གཞི་བརྟན་པོ་འདིང་བའི་ཁྲོད་དུ་དངོས་སྒྲུབ་གོ་བ་ལེན་པ།

དངོས་དོན་སྒྲུབ་པ་ནི་དངོས་གནས་དྲང་གནས་དང་ཏན་ཏན་ཏིག་ཏིག་གིས་ལས་ཀ་བྱེད་པ་ཡིན་ལ།ཏང་ཡོན་ལས་བྱེད་པས་རང་ཉིད་ལ་ངོས་འཛིན་ཡང་དག་དང་ཆབ་སྲིད་ཀྱི་གོ་རྟོགས་བརྟན་པོ་ལས་བྱུང་བ་ཡིན།

ཡང་དག་པའི་རང་ཉིད་ཤེས་རྟོགས་གང་ནས་བྱུང་བ་ཡིན།ཆབ་སྲིད་ཀྱི་གོ་རྟོགས་བརྟན་པོ་ཇི་ལྟར་སྲ་བརྟན་དུ་གཏོང་དགོས།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་“སེམས་པ་གསོ་བ་”དང་“རྩ་བ་གསོ་”རྒྱུན་འཁྱོངས་བྱས་ཏེ།དེའི་ཁྲོད་ནས་ལས་སྒྲུབ་ལས་གཏོད་ཀྱི་འབད་འཐབ་སྟོབས་ཤུགས་བསྡུ་ལེན་བྱ་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ནི་2023ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་།དེའི་ནང་གི་ཞིབ་ཕྲའི་དམིགས་ཚད་གཅིག་ནི་“སེམས་ནུས་ཀྱིས་བླ་སྲོག་གཏོད་པ་དང་རྩ་བ་བརྟན་པོ་འདིང་བ་”ཡིན་པ་དང་།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བསམ་བློའི་སྦྱོང་བརྡར་དང་བསམ་པའི་ཉམས་སད་ཐེག་ཐུབ་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད།

“ངའི་རྒྱབ་ཀྱི་པར་རྙིང་པ་དེ་ནི་1951ལོར་མོན་ཡོན་རྫོང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ལག་བསྟར་ཨུ་ཡོན་ཡོངས་ཀྱི་མཉམ་པར་བརྒྱབ་པ་ཞིག་རེད།ཁོང་གི་ངོ་གདོང་བྱམས་སེམས་ལྡན་པའི་བུད་མེད་དེས་མདོ་ལ་རིང་མོར་རྩ་བ་བཙུགས་ནས་བརྩེ་སེམས་དེ་ཧའོ་མོན་ཆུ་འགྲམ་དུ་ཡོད་པའི་དམར་དམག་གི་འཐབ་འཛིང་པ་རྒན་གྲས་མཱ་ཤིའུ་དབྱིང་རེད”མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་གནས་ཚུལ་ཏང་གི་སློབ་ཚན་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་པ་ཚོས་ཚང་མས་མ་དངུལ་བཏང་ནས“ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བཤད་ནས་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་དར་སྤེལ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མོན་ཡོན་རྫོང་གི་གནས་ཚུལ་ཏང་གི་སློབ་ཚན་《མདོ་ལ་རིང་མོའི་གླུ་དབྱངས》ཞེས་པ་སྒྲོག་འགྲེལ་བྱེད་བཞིན་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།མཚོ་བྱང་ཁུལ་ཡིས་གསར་བརྗེའི་གཞི་རྒྱུ་དེ་ཞིབ་ཕྲའི་ལས་དོན་ནང་ཁྱབ་པ་བྱས་ཏེ་མཚོ་བྱང་གི་སྙིང་སྟོབས་ཀྱི་མཐོ་ས་གཏོད་རྒྱུར་དམིགས་ནས“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་།གསར་བརྗེའི་ལུས་རྩལ་ཐང་འཛུགས་སྐྲུན།གསར་བརྗེའི་རིག་གནས་སྔོག་འདོན།གསར་བརྗེའི་སྙིང་སྟོབས་ཞིབ་འཇུག་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།མཚོ་སྔོན་གྱིས“ཏང་གི་སློབ་ཚན་འགོ་ཚུགས་པའི་”བྱེད་སྒོ་དེ“བསམ་བློ་སློབ་སྦྱོང་དང་ཏང་གཤིས་ཤུགས་ཆེར་གཏོང་བའི”འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྟེ་བའི་ནང་དོན་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན།མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱས་པ་རེད།

རིམ་ཁག་ཏང་རྩ་འཛུགས་ཀྱིས་“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་ལམ་ལུགས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་འཆར་གཞི་ལྡན་པའི་སྒོ་ནས་ཏང་གི་སློབ་ཚན་འཆར་གཞི་བཟོ་བ་དང་།གོ་རིམ་ལྡན་པའི་ངང་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ།གསོན་ཉམས་ལྡན་པའི་སྐད་ཆའི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཏུ་བཤད་པ་དང་།དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཏང་ཡོན་གྱིས“མཚོ་སྔོན་གྱི་བསམ་པའི་གདུང་རབས་”ཀྱི་བག་ཆགས་བཟང་པོའི་ཁྲོད་ས་མཐོའི་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཟབ་ཏུ་གཏོང་རྒྱུ་རེད།

རྩ་འཛུགས་མ་ལག་བརྟན་དུ་གཏོང་བའི་ཁྲོད་དངོས་སྒྲུབ་མངོན་པ།

གཞི་རིམ་ཏང་རྩ་འཛུགས་ནི་སྤྱི་ཚོགས་ཀྱི་གཞི་རིམ་རྩ་འཛུགས་ནང་གི་ཏང་གི་འཐབ་འཛིང་གི་བཙན་རྫོང་ཡིན་པ་དང་།ཏང་གི་ལས་དོན་ཧྲིལ་པོ་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན།

“2023ལོར་ཆའོ་ཐན་གྲོང་ཚོས་གོང་རིམ་རྩ་འཛུགས་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་གྲོང་གསེབ་རིམ་པ་གཉིས་ཀྱི་འབད་བརྩོན་བརྒྱུད་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཆེད་དོན་མ་དངུལ་སྒོར་ཁྲི་70བརྩོན་ལེན་ཧུར་ཐག་བྱས་པ་དང་འབྲེལ་ཡོད་མ་དངུལ་བསྡུ་སྒྲིལ་བྱས་པ་བརྒྱུད་ཆའོ་ཐན་གྲོང་ཚོའི་ཅུས་དབྱང་ལུང་ཤུར་མཛེས་ལྗོངས་ཁུལ་གྱི་སྒོ་ཁར་མགྲོན་ཁང་ཉམས་ལེན་དང་།སྤྲོ་གསེང་རོལ་རྩེད།བཟའ་བཏུང་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ཁྱིམ་མགྲོན་ཁང་རྣམ་གྲངས་གསར་དུ་བསྐྲུན་རྒྱུ་དེ་ནི་ངའི་གྲོང་ཚོའི་བཀྲ་ཤིས་པའི་བྱ་བ་ཞིག་རེད”མཚོ་བྱང་ཁུལ་མོན་ཡོན་རྫོང་ཤན་སྨི་ཤང་ཆའོ་ཐན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཧྲེང་ཆོན་གྱིས་དགའ་སྤྲོའི་ངང་མང་ཚོགས་ལ་གཏམ་བཟང་དེ་བཤད།

ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སྔར་བས་བརྟན་དུ་གཏོང་བ་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་ཆེད།མོན་ཡོན་རྫོང་གིས་ཤང་གྲོང་ཚན་པར་བྱེད་པ་དང་གྲོང་ཚོ་གཞི་གཞིར་བྱས་ཏེ་གྲོང་ཚོ་རེར་ཐབས་ཇུས་རེ་དང་གྲོང་ཚོ་རེར་སྤུས་རྟགས་རེ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་སྟེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འབབ་འཕར་ཡོང་བ་བྱས་ཡོད།

“ང་ཚོས་ཀྲུང་དབྱང་གི་རོགས་སྐྱོར་མ་དངུལ་ཆའོ་ཐན་གྲོང་ཚོ་ལྟ་བུའི་འཕེལ་རྒྱས་གཏོང་འདོད་ཡོད་ལ་འཆར་འགོད་ཡག་པོ་བྱུང་བའི་གྲོང་ཚོ་གསུམ་ལ་བཏང་ནས་གཟན་གསོ་གསོ་ཚགས་དང་གྲོང་གསེབ་ཀྱི་ཡུལ་སྐོར་སོགས་སོ་སོར་འཕེལ་རྒྱས་བཏང་ཡོད།བྱེད་ཐབས་དེ་རིགས་བརྒྱུད་རྫོང་དེ་ཡོངས་ཀྱི་གྲོང་ཚོ་ཁག་གི‘སྣེ་ཁྲིད་པ’རང་འགུལ་ངང་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་བཏང་ནས་ཇུས་འགོད་ཧུར་ཐག་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུ་ཡིན”ཅེས་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་མཱ་ཀྲན་ཆིང་གིས་བཤད།

“ཁེ་ལས་ཀྱི་གནད་དོན་ཆེ་ཤོས་ནི་ཐོན་རྫས་ཀྱི་འབྲེལ་ཐག་ཤར་གཏོང་ཐུབ་མེད་པ་དང་ཐོན་རྫས་ལ་འགྲོ་ལམ་རྙེད་མི་ཐུབ་པ།ཏང་འཛུགས་སྐྱོང་མནའ་འབྲེལ་གྱིས་ཁེ་ལས་དང་སྟོད་སྨད་མཁོ་འདོན་ཚོང་པར་ཆ་སྒྲིག་མཉམ་སྐྲུན་བྱེད་རོགས་བྱས་པས་ང་ཚོའི་ཁོངས་མིའི་ཚན་པ་ཚང་མས་ཏང་འཛུགས་སྐྱོང་གིས་ཁེ་ལས་འཕེལ་རྒྱས་ལ་ཕན་པ་ཐོབ་པ་ཚོར་ཐུབ་བྱུང”ཅེས་མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞུའེ་ཡུས་མིང་གིས་བཤད།ན་ནིང་ནས་བཟུང་ཐོན་ལས་སྦྲེལ་ཐག་གི་སྟོད་སྨད་ཁེ་ལས་ཀྱི“མཉམ་འགུལ་དཀའ་བ་དང་།དུས་མཉམ་དུ་དཀའ་བ།ལེ་ལག་ཚང་བའི་དཀའ་བ”སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱ་ཆེད།ཟི་ལིང་གྲོང་ཁྱེར་གྱིས“ཏང་འཛུགས་སྐྱོང་སྦྲེལ་ཐག”ལ་བརྟེན་ནས་སྔ་རྗེས་སུ་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་དང་ཏུང་ཁྲོན་བཟོ་ལས་གླིང་ཁུལ་དུ“ཐོན་ལས་སྦྲེལ་ཐག”གི་ཏང་འཛུགས་སྐྱོང་མནའ་འབྲེལ་བཙུགས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་།གོང་བུར་འགྲིལ་ཤུགས།འཐབ་འཛིང་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཏུ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་འགན་འཁྲི་འཁུར་ནས་གྲོང་གསེབ་དར་རྒྱས་གཏོང་བའི་སྣེ་ཁྲིད་པ་ཞིག་བྱེད་པ་དང་།ཁེ་ལས་སྣ་ཚོགས་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་དེ་ཐོན་སྐྱེད་གཉེར་སྐྱོང་གི་ལྷུ་ཚིགས་ཁག་ཏུ་འདྲེས་པར་སྐུལ་འདེད་བཏང་ནས་ཁེ་ལས་འཕེལ་རྒྱས་གཏོང་བར་གསར་བརྗེའི་སྒུལ་ནུས་བསྣན་ཡོད།སྡེ་ཁུལ་ཁག་ཏུ་རྒྱ་ཆེའི་ཏང་ཡོན་གྱིས་སྡེ་ཁུལ་བཅོས་སྐྱོང་གི་མདུན་གྲལ་དུ་འབད་འཐབ་བྱས་ནས་གཞི་རིམ་བཅོས་སྐྱོང་གི་“དབང་རྩའི་མཇུག་སྣེ”ཤར་གཏོང་ཐུབ་པ་བྱས་ཡོད།

མཚོ་སྔོན་གྱིས་ཁྱབ་ཁོངས་མི་འདྲ་བའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྱད་ཆོས་ལ་དམིགས་ནས་ཏང་འཛུགས་སྐྱོང་གིས་གྲོང་གསེབ་དར་རྒྱས་དང་།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།མི་རིགས་མཐུན་སྒྲིལ།སྤྱི་ཚོགས་བཅོས་སྐྱོང་བཅས་ལ་སྣེ་ཁྲིད་བྱས་ཏེ་གསར་དར་ལས་རྣམ་དང་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་།ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་གི་རིམ་པ་མཐོ་རུ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ།ཏང་གི་རྩ་འཛུགས་མ་ལག་གི“དབང་རྩའི་མཇུག་སྣེ”སྔར་བས་འཁྲུག་ཏུ་ཕྱིན་པ།གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་ཐུབ་ཡོད།

མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པའི་ཁྲོད་དུ་དངོས་དོན་སྒྲུབ་པ།

“བློ་མཐུན་ལགས།སྐུ་ཁམས་བཟང་།ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཞིབ་དཔྱོད་ཁང་ལས་ཁུངས་ཀྱི་ཏང་ཀྲི་པུའི་ཏང་ཡོན་ཧོ་ཡིའུ་ཞན་འབྱོར་ཐོ་འགོད་པར་ཡོང་བ་རེད”2023ལོའི་ཟླ་11ཚེས་17ཉིན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཅི་ཧྲི་གྲོང་རྡལ་གྲོང་བྱང་སྡེ་ཁུལ་གྱི་ཚོམས་ཆེན་དུ་ཏང་དོན་ལས་འཛིན་པ་མ་ཚུའེ་ཧྭ་ཡིས་ཧོ་ཡིའུ་ཞན་ལ་སྣེ་ལེན་ཞུས་ནས་མི་སྒེར་གྱི་ཆ་འཕྲིན་ཐོ་འགོད་ཞིབ་ཕྲ་བྱས་ཡོད།ཉིན་དེར་ཧོ་ཡིའུ་ཞན་དང་མཉམ་དུ་སྡེ་ཁུལ་དུ་འབྱོར་ཐོ་བཀོད་པའི་ནང་ད་དུང་ཡ་རྫི་རྫོང་ཞིབ་དཔྱོད་ཁང་གི་ལས་ཐོག་ཏང་ཡོན་23ཡོད་པ་རེད།

ཡ་རྫི་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ལས་བྱེད་པས་སྒྲུབ་དགོས་པ་དང་།བསམ་ཕྱོགས་གསལ་པོ་དགོས་པ།རང་གཅུན་ནན་པོ”བཅས་ཀྱི་ཁྲིད་སྟོན་བརྟན་པོ་བཙུགས་ནས་ལས་ཐོག་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་6ལ་སྙན་སེང་ཞུས་ནས་ཏང་ཡོན་གྱིས་སྡེ་ཁུལ་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་རྒྱ་ཆེར་བཏང་བ་དང་།མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ལས་ཀའི་ཆུ་ཚོད་བརྒྱད་བར་སྣུར་སྲིང་བྱས་ཏེ་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱ་རྒྱུ་རྒྱུན་མི་ཆད་པར་ཁྱབ་པར་བྱས་ཡོད།

ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཧུའུ་ཐའེ་ཁྲོམ་གཞུང་ཧུའུ་ཐའེ་སྡེ་ཁུལ་གྱིས་ཏང་ཡོན་གྱི་ལོ་ན་དང་།ཁྱད་ཆོས།གཟུགས་པོ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་ཏང་ཡོན་ཚང་མ་ནན་ལེང་གི“མེ་ཏོག་སྣ་ལྔ”ཡི་དང་བླངས་ཞབས་ཞུའི་དཔུང་ཁག་ནང་བཅུག་ནས་ཏང་ཡོན་རྣམས་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།“སྔོན་ཆད་ང་ཚོས་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་བྱེད་ཐབས་དང་བྱེད་ཐབས་མི་འདང་བ་དང་ད་ཆ་ང་ཚོས་ནན་ལེང་གི‘མེ་ཏོག་སྣ་ལྔ’དང་བླངས་ཞབས་ཞུའི་དཔུང་ཁག་བཙུགས་ནས་ཏང་ཡོན་གྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་དང་བླངས་བྱེད་སྒོའི་ནང་ཞུགས་ཀྱི་ཡོད།དེ་དང་ཆབས་ཅིག་སྡེ་ཁུལ་གྱི‘གསར་བརྗེའི་སྒོ་རྩིས་ཚོང་ཁང་’ལ་བརྟེན་ནས་དང་བླངས་ཞབས་ཞུའི་སྐར་བསགས་བརྗེ་སྒྱུར་ལམ་སྲོལ་གསར་གཏོད་དང་ཁྱབ་གདལ་བཏང་བས་ད་ཆ་ང་ཚོའི་དང་བླངས་ཞབས་ཞུའི་ནང་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ང་ཚོའི་དང་བླངས་ཞབས་ཞུ་ཡང་དེ་ཙམ་གྱིས་ཡག་པོ་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཧུའུ་ཐའེ་ཁྲོམ་གཞུང་ཧུའུ་ཐའེ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཆིན་ཝུན་ཧྭ་ཡིས་དེ་ལྟར་བཤད།

རང་རེའི་ཞིང་ཆེན་གྱིས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྒྱུན་གཏན་རང་བཞིན་དང་།རྨང་གཞིའི་རང་བཞིན།འཐབ་ཇུས་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཏེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ནས་རྒྱ་ཆེའི་ཏང་ཡོན་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།ལག་ལེན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་འཆར་གཞི་དང་དམིགས་ས་ཡོད་པའི་སྒོ་ནས་རྒྱ་ཆེའི་ཏང་ཡོན་དང་བླངས་ཞབས་ཞུའི་ནང་ཞུགས་པ་དང་གཙོ་གནད་ལས་དོན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཏེ་འཐབ་ས་དང་པོར་སྦྱོང་བརྡར་ཐེབས་པ་དང་ཞིབ་བཤེར་དང་ལེན་བྱས་ཏེ་ཏང་ཡོན་དཔུང་ཁག་གི་གསོན་ཤུགས་འཕེལ་བ་བྱེད་དགོས།

ཏང་ཡོན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་ཆ་འཕྲིན་བརྡ་ཁྱབ་གཏོང་བ་དང་དུས་ཐོག་ཏུ་ཐག་གཅོད་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཏེ།ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་ཡོན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཡོད་པའི་ཆ་འཕྲིན་མཉམ་དུ་བརྡ་ཁྱབ་གཏོང་བ་དང་།ཚད་གཞི་མ་ལོན་པའི་ཏང་ཡོན་ལ་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་གཅིག་སྡུད་ཀྱིས་སྤེལ་བ།ཏང་ཡོན་དཔུང་ཁག་གི་“ཕྱིར་གཏོང་”སྔར་བས་གཤོང་བ་བཅས་བྱས་ཏེ།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་གཞི་རིམ་དུ་རྒྱུན་མི་ཆད་པར་སྣུར་སྲིང་བྱས་ཡོད།

[གསར་འགོད་པའི་དྲན་ཚོར།]དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པའི་ཁྲོད་དངོས་སྒྲུབ་མངོན་པར་བྱེད་དགོས།

མིག་སྔར“ལས་བྱེད་པས་སྒྲུབ་པ་དང་།བསམ་ཕྱོགས་གསལ་བ།རང་གཅུན་ནན་པོ་བཅས་བྱེད་དགོས”ཞེས་པ་དེ་མཚོ་སྔོན་གྱི་ས་གཞི་ཆེ་མོའི་ཐོག་གི་བཀྲག་མདངས་འཚེར་བའི་འགྱུར་ཁུག་ཏུ་འགྱུར་བཞིན་ཡོད་པ་དེ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལག་ལེན་ཁྲོད་ནས་བྱུང་བའི་གལ་འགངས་ཤིན་ཏུ་ཆེ་བའི་ཐུན་མོང་གི་ངོས་འཛིན་ཞིག་ཡིན་པས་ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ་རྒྱུན་འཁྱོངས་ཡག་པོ་དང་།སྲ་བརྟན་ཡག་པོ།རྒྱ་སྐྱེད་ཡག་པོ་བཅས་བྱེད་དགོས།

དངོས་སྒྲུབ་བྱེད་པར་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བའི་ཐད་ཤུགས་རྒྱག་དགོས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་2023ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་།“སློབ་སྦྱོང་གི་བསམ་བློ་”དེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱའི་ཨང་དང་པོར་བཞག་ནས་རང་རེའི་ཏང་གིས་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་།ལག་ལེན་ལ་མཛུབ་ཁྲིད།ལས་དོན་ལ་སྐུལ་འདེད་བཅས་བྱེད་པའི་ཁྲིད་ཕྱོགས་གསལ་པོ་མངོན་པར་བྱས་ཡོད།བསམ་བློ་སློབ་སྦྱོང་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་།དགོངས་པ་འདིའི་གཞི་རྩའི་ལྟ་བ་དང་ཚན་རིག་དང་མཐུན་པའི་མ་ལག་ཕྱོགས་ཡོངས་ནས་རྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ།དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་བཅས་བྱས་ཏེ།དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱ་དགོས།མིག་སྔར་ང་ཚོ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་།དུས་བབ་གསར་པ་དང་འགྱུར་ལྡོག་གསར་པའི་མདུན་དུ་ངེས་པར་དུ་“སློབ་སྦྱོང་”གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ནུས་ཀྱིས་བླ་སྲོག་གཏོད་དགོས།

དངོས་དོན་སྒྲུབ་པ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཁྲོད་མངོན་པར་བྱ་དགོས།ཏང་གིས་སྲིད་སྐྱོང་བའི་རྨང་གཞི་ཡིན་པའི་གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་མཛུབ་སྟོན་བྱེད་ཕྱོགས་དང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་མིན་དང་ལག་བསྟར་གནད་ལ་འཁེལ་མིན་དང་འབྲེལ་བ་ཡོད་པའི་གནད་འགག་ཡིན།ཉེ་བའི་ལོ་ཤས་རིང་།དབུལ་སྒྲོལ་འགག་སྒྲོལ་དང་།གྲོང་གསེབ་དར་རྒྱས།རིམས་ནད་སྔོན་འགོག་ཚོད་འཛིན་སོགས་དཀའ་ཉེན་ཆེ་བའི་ལས་འགན་ཁྲོད་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་པ་དང་།རྒྱ་ཆེའི་ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་དམག་ཆེན་གྱི་རྒྱུགས་ལེན་ཆེན་པོའི་ཁྲོད་འགན་འཁྲི་འཁུར་བའི་རྒྱུགས་ལན་སྤྲད་པ་རེད།གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མུ་མཐུད་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།ཏང་ཀྲི་པུའུ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་འཐུས་ཚང་དུ་གཏོང་བ།ཀྲི་པུའུ་ཡག་པོ་ཞིག་གཏོད་པ།ཧྲུའུ་ཅི་ཡག་པོ་ཞིག་དང་སྣེ་ཁྲིད་པ་ཡག་པོ་ཞིག་གསོ་སྐྱོང་བཅས་བྱེད་དགོས་པ།གཞི་རིམ་དམ་འཛིན་དང་།རྨང་གཞི་བརྟན་དུ་གཏོང་བ།གཞི་རྩ་བརྟན་དུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་གི“གཅིག་དྲུག”གི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་སྟེ།“འཐུས་ཚང་”དང་“སྟོབས་ལྡན་འཛུགས་སྐྲུན་”ཐད་འབད་བརྩོན་བྱས་ཏེ།ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་།བསམ་བློའི་སྣེ་ཁྲིད་ནུས་པ།མང་ཚོགས་ཀྱི་རྩ་འཛུགས་ནུས་པ།སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

དངོས་དོན་སྒྲུབ་པ་ནི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཁྲོད་དུ་མངོན་པར་བྱ་དགོས།བྱས་རྗེས་ང་ལ་བདག་མི་དགོས།བྱས་རྗེས་འཇོག་པར་ངེས་པར་དུ་ང་ཡོད་དགོས།དངོས་དོན་སྒྲུབ་པ་ནི་གུང་ཁྲན་ཏང་མིའི་སྤྱོད་ཚུལ་ཡིན།ནན་ཏན་ཞེས་པ་ནི་གུང་ཁྲན་ཏང་མིའི་སྤྱོད་ལམ་ཡིན།“སྒྲུབ་པ་”གཙོ་བོར་འཛིན་པ་དང་“དངོས་སྒྲུབ་”གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།དཀའ་ངལ་དང་འཕྲད་ཚེ་ལག་པ་མི་ལྷོད་པ་དང་།ལས་ཀ་མ་འགྲུབ་ན་མཚམས་མི་འཇོག་པ།དངོས་སྒྲུབ་ཀྱིས་གྲུབ་འབྲས་དངོས་གཉེར་བ།དངོས་སྒྲུབ་ཀྱིས་འཕེལ་རྒྱས་ཡོང་བ་བཅས་བྱ་དགོས།བྱ་བ་སྒྲུབ་འདོད་པའི་སྒུལ་ཤུགས་དང་།བྱ་བ་སྒྲུབ་ཕོད་པའི་སྤོབས་པ།བྱ་བ་སྒྲུབ་ཐུབ་པའི་བྱེད་ཐབས་བཅས་ཡོད་དགོས་པ་མ་ཟད།ད་དུང་བྱ་བ་སྒྲུབ་ཤེས་པའི་བསམ་ཕྱོགས་ཀྱང་ཡོད་དགོས།རྙིང་ཞེན་བག་འཁུམས་དང་རང་ལམ་རང་བཀག་གི་བསམ་བློ་གཏོར་མཁས་པོ་བྱས་ཏེ་རྒྱུན་ཆད་མེད་པར་བསམ་བློ་བཅིངས་འགྲོལ་གཏོང་བ་དང་།འདུ་ཤེས་གསར་པ་དང་།བསམ་གཞིགས་གསར་པ།ལྟ་ཕྱོགས་གསར་པ།བྱེད་ཐབས་གསར་པ་བཅས་ལ་བརྟེན་ནས་འཕེལ་རྒྱས་སྔར་ལས་ལེགས་པ་དང་མགྱོགས་པོ་ཡོང་བ་བྱས་ཏེ་སྤྱོད་ཚུལ་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་དང་།དཀའ་སྤྱད་དངོས་སྒྲུབ།གསར་གཏོད་གསར་གཏོད་བཅས་བྱས་ཏེ་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།