(2024ལོའི་ཟླ1པའི་ཚེས28ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་བ)མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཏོན་པའི《མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2024ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ》དང2024ལོའི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་འབྲས་སྙན་ཞུར་མོས་མཐུན་བྱས་པ་རེད། ཚོགས་འདུའི་སྟེང《མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2024ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུར》ཆོག་མཆན་སྤྲད་པ་དང་། མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལ་ཆོག་མཆན་སྤྲད་རྒྱུ་གཏན་འབེབས་བྱས་པ་རེད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།