【ཚོགས་ཆེན་གནད་གླེང་། 】མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དེ་མངོན་འགྱུར་བྱེད་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ནོར་སྲིད་ཀྱིས་དམངས་ཚིས་ཐད་སྤྱོད་པའི་འགྲོ་གྲོན་བསྡུར་ཚད་76%ཟིན་པ་དང་།2023ལོའི་ལོ་འགོར་གཏན་འཁེལ་བྱས་པའི་རིགས་ཆེ་གྲས་བཅུའི་དམངས་ཚིས་བྱ་བ41ཚང་མ་ལེགས་གྲུབ་བྱུང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད་90%ཟིན་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་4.3%དང་8%འཕར་བ། རྨང་གཞིའི་སློབ་གསོའི་སློབ་གནས་ཁྲི་1.1གསར་དུ་འཕར། ད་ལོའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལས་གྲངས་གཞི་རེ་རེ་བཞིན་དམངས་ཚིས་དྲོད་ཚད་མངོན་པ་རེད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོར་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ལ་བརྩེ་སེམས་བརྟན་པོ་འཆང་བ་དང་།མི་དམངས་ལ་དམ་པོར་བརྟེན་པ།མི་དམངས་ལ་བདེ་སྐྱིད་ཟམ་མི་ཆད་པར་སྐྲུན་པ།ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་པའི་བླང་བྱ་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་དངོས་སྒྲུབ་ཀྱིས་གྲུབ་འབྲས་དངོས་གཏོད་པ་དང་འབད་འཐབ་ལ་བརྟེན་ནས་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ།མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་མངོན་འགྱུར་བྱེད་དགོས།

འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།

ཁང་པའི་ཕྱི་རོལ་དུ་གྲང་རླུང་ལྡང་ཡང་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཧྲོའུ་ལེ་གྲོང་རྡལ་གྱི་དྲོད་ཁང་ཆེ་མོ་ཞིག་ནང་དྲོ་སྐྱིད་ལྡན་པ་དང་།སྔོ་ལྗང་གི་རོལ་དབྱངས་ནང་སུར་པན་གྱི་ཡལ་གས་ཁེངས་ཤིང་།དམར་མདངས་བཀྲ་བའི་འབྲི་ཏ་ས་འཛིན་ལ་སྨིན་པའི་དྲི་ཞིམ་འཐུལ།

ཚོགས་འདུ་གཉིས་མ་འཚོགས་གོང་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ལི་ཕུའུ་ཧའེ་ཡིས་སྔོ་ཚལ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་ཆེད་མངགས་ཧྲོའུ་ལེ་གྲོང་རྡལ་དུ་བསྐྱོད་དེ་འདེབས་འཛུགས་དུད་ཚང་གི་ལག་རྩལ་དཀའ་ངལ་སེལ་རོགས་བྱས་ནས་དྲོད་ཁང་ནང་གི་ཤིང་འབྲས་དང་སྔོ་ཚལ་དང་དཔྱིད་གསར་དུས་ཆེན་རིང་དུས་བཀག་ལྟར་ཁྲོམ་རར་འདོན་ཐུབ་པའི་འགན་ལེན་བྱས་པ་རེད།

ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་དེང་རབས་ཞིང་ལས་འཕེལ་རྒྱས་ལ་གཏན་འཁེལ་གནང་བའི་ཐབས་ལམ་ཞིག་ཡིན་པ་དང་།གྲོ་ཚང་ཆུས་ཀྱིས་དེ་དམ་འཛིན་བྱ་གཞིར་བྱས་ནས་དེང་རབས་ཞིང་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་།མིག་སྔར་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་27དང་དྲོད་ཁང་སྟར་པ་9546བསྐྲུན་ཟིན་པ་དང་།ལོ་ཧྲིལ་པོར་སྒྲིག་བཀོད་འདེབས་ཁྱོན་སྤྱི་ཆིང་721ཟིན་པ།སྔོ་ཚལ་དང་ཤིང་ཏོག་ཆེ་རིགས་དང་ཀྭ་ཚལ་རིགས་སོགས་རིགས་ཆེ་གྲས་9ཡི་ཐོན་རྫས་རིན་ཐང་ཏུན་ཁྲི་3.69ཟིན་པ་དང་སྒོར་དུང་ཕྱུར་1.52ཟིན་ཡོད།

དམངས་ཚིས་འགན་ལེན་དང་ལེགས་སུ་གཏོང་བའི་འགག་རྩ་ནི་བློ་བརྟན་འགྱུར་མེད་ངང་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པ་དང་།གྲོ་ཚང་ཆུས་ཀྱིས་དེང་རབས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་གཏོང་བ་དང་།གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ།ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པའི་འབབ་འཕར་ལ་རམ་འདེགས་བྱེད་པ།ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དེ་ནི་དུས་རབས་གསར་པར་མཚོ་སྔོན་གྱིས་འཕེལ་རྒྱས་ཁྲོད་དམངས་ཚིས་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་བསྡུས་རིས་ཤིག་རེད།

ལི་ཕུའུ་ཧའེ་ཡིས་མིག་སྔར་གྲོ་ཚང་ཆུས་ཀྱི་སྒྲིག་བཀོད་ཞིང་ལས་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གཙོ་གནད་དེ་ཁྲོན་ཧྲུའེ་ནས་ཤུར་མདོ་དང་རི་ཁུལ་དུ་རིམ་བཞིན་སྤོ་སྒྱུར་བྱས་ཏེ་ས་འོག་གི་སྔོ་ཚལ་དང་སྒྲིག་བཀོད་དྲོད་ཁང་འདེབས་ཁྱོན་སྔར་བས་ཆེ་རུ་བཏང་ནས་སླད་ཕྱིན་སྔོ་ཚལ་མཛོད་ཉར་དང་།ཟོག་འགྲེམས།འཕྲལ་སྡོམ་མཁོ་སྤྲོད་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དེང་རབས་ཅན་གྱི་སྔོ་ཚལ་ཐོན་ལས་གླིང་ཆེ་གྲས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་།ཞིང་ལས་སྤུས་རྟགས་སྐྱེད་སྲིང་ལ་སྣང་ཆེན་བྱེད་པ།གྲོ་ཚང་སྔོ་ཚལ་ཁྲོམ་རའི་བྲིན་ཚོང་ཐོབ་ཚད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ལས་ཞུགས་ནི་དམངས་ཚིས་ཆེ་ཤོས་ཡིན་ཞིང་།མཚོ་སྔོན་གྱིས་ཁྱད་ལྡན་ངལ་ནུས་སྤུས་རྟགས་སྐྱེད་སྲིང་བྱས་ཏེ་སྤུས་རྟགས་ཤིག་གཏོད་པ་དང་།ཡུག་གཅིག་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ།ཡུལ་དེའི་མི་སེར་ཕྱུག་པོར་འགྱུར་བ།ས་ཁོངས་གཅིག་གི་དཔལ་འབྱོར་སྟོབས་ཆེར་གཏོང་བ་བཅས་མངོན་འགྱུར་བྱུང་བ་རེད།

མཚོ་སྔོན་འཚེམ་དྲུབ་གྲངས་འཛིན་ཅན་གྱི་དཔལ་འབྱོར་སྤྱི་ཁྱབ་པུའི་ཐོག་ཁང་དང་པོའི་འགྲེམས་ཁང་དུ་སྐྱོད་སྐབས་རི་མོ་དང་།མི་རིགས་ཀྱི་གྱོན་ཆས།ཚོགས་པའི་རླུང་གཡབ།འགེལ་ཆས་སོགས་ཀྱི་འཚེམ་དྲུབ་བརྩམས་ཆོས་སྣ་ཚོགས་ལ་མི་རྣམས་ཀྱིས་ལྟ་ཁོམ་མེད་པར་ཤེས་རྟོགས་བྱུང་བར་གཞིགས་ན།མིག་སྔར་ཞིང་ཆེན་དེ་ཡོངས་ཀྱི་མཚོ་སྔོན་གྱི་འཚེམ་དྲུབ་བཟོ་ཁང་གི་ཁེ་ལས་500ལྷག་ཙམ་ཡོད་པ་དང་།ཡུན་རིང་གཏན་འཇགས་ལས་གཉེར་མི་སྣ་ཁྲི་5ལྷག་ཙམ་ཡོད་པ།ཆ་སྙོམས་ལོའི་ཡོང་འབབ་སྒོར་3000ནས་4000བར་དང་དུས་ཚིགས་རང་བཞིན་གྱི་འཚེམ་དྲུབ་བུད་མེད་ཁྲི་30ཟིན་གྱི་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་སྔོན་འཚེམ་དྲུབ་གྲངས་གཞི་ཅན་གྱི་དཔལ་འབྱོར་སྤྱི་ཁྱབ་པུའི་འགན་འཁུར་བ་སུའུ་ཞའོ་ལི་ཡིས་ངལ་ནུས་སྤུས་རྟགས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་མཚོ་སྔོན་གྱི་འཚེམ་དྲུབ་ཀྱི་སྤུས་ཚད་དང་།ཁྱད་ལྡན་རིན་ཐང་།སྤྱི་ཚོགས་ཀྱི་རིན་ཐང་བཅས་རྒྱུན་ཆད་མེད་པར་ནང་འདྲེན་བྱས་ཏེ་གྲངས་གཞིའི་ནུས་པ་སྤྲད་པ་བརྒྱུད་ཇུས་འགོད་ཀྱི་འདུ་ཤེས་གསར་པ་ནང་འདྲེན་བྱས་ཏེ་མཚོ་སྔོན་གྱི་འཚེམ་དྲུབ་རྩལ་ནུས་ཤེས་ལྡན་པ་གསོ་སྦྱོང་དང་བསྡུ་ལེན་ཟམ་མི་ཆད་པར་བྱས་ནས་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

2024ལོར་མཚོ་སྔོན་གྱིས་ལས་ཞུགས་སྔོན་ལ་འཛིན་པའི་སྟོན་ཕྱོགས་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་ཞུགས་ལས་གཏོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་མཐོ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་འཆར་གཞི་དང་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱ་སྤྱོད་སྤེལ་བ་དང་།རྒུད་གསབ་ལས་སྤྲོད་རྣམ་གྲངས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ།ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་སྤེལ་བ།སྤྱི་ཕན་རང་བཞིན་གྱི་ཉིན་གླའི་ཁྲོམ་ར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་ཀ་ཙག་ཙིག་བྱེད་པ་ལས་མི་དགོས་པར་ལས་ཞུགས་ཞབས་ཞུ་དེ་བས་ཇེ་ལེགས་སུ་བཏང་ཡོད།

མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱ་དགོས།

གྲང་ངར་ཆེ་བའི་དུས་སུ་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཐུང་ཧའེ་ལམ་ཁྲོམ་གཞུང་ཕྱོགས་བསྡུས་རྒན་གསོ་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས་རྒན་རྒོན་ཚོས་ཡོ་བྱད་སྣ་ཚོགས་ཐོག་དངོས་བཅོས་འཕུར་མཉེད་བྱེད་བཞིན་ཡོད་པ་དང་།ལྟེ་གནས་སྣེ་ལེན་ཁང་དང་།ནད་གཡོག་ས་ཚིགས།ཟ་ཁང་།སྨན་བཅོས་ཁང་།མིག་མངས་ཁང་སོགས་ཚང་མ་ཡོད་པ་རེད།

ས་མཐོའི་ཁྱད་ཆོས་ལྡན་པའི་རྒན་གསོའི་ཞབས་ཞུའི་མཚོ་སྔོན་གྱི་དཔེ་མཚོན་བཏོད་དེ་2023ལོར་མཚོ་སྔོན་གྱིས་ཕྱོགས་བསྡུས་ཟས་རོགས་དང་ཉིན་མོའི་ལྟ་སྐྱོང་སོགས་ཕྱོགས་བསྡུས་ནུས་པ་ལྡན་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་56དང་།ཟས་རོགས་དང་ཉིན་མོའི་བྱེད་སྒོའི་ནུས་པ་ལྡན་པའི་གྲོང་གསེབ་ཀྱི་རོགས་རེས་རྒན་གསོའི་ས་ཚིགས་(ས་ཚིགས)131བཅས་མཉམ་སྐྲུན་གཉེར་སྐྱོང་བྱས་ནས་རྒན་རྒོན་ཚོགས་སྤྱིའི་རིམ་པ་མང་བ་དང་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྔར་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱུང་ཡོད།

རྒན་གསོའི་ཞབས་ཞུ་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས།ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་ཤར་གྲོང་ཁྱེར་དང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཞའོ་ཁང་རྒན་གསོ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ལིས་ཅིན་གྱིས་མིག་སྔར་ཁྱིམ་སྡོད་རྒན་གསོ་དེ་རྒན་གསོ་བྱེད་སྟངས་གཙོ་བོར་གྱུར་ཡོད་པས་སྡོད་ཁང་རྙིང་པར་འཚམ་པའི་སྒྱུར་བཀོད་དེ་བས་ཆེད་ལས་ཅན་དང་།མི་གཤིས་ཅན།ཞིབ་ཚགས་ཅན་བཅས་ལ་སྐུལ་འདེད་བཏང་ནས་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་ཁྱབ་གདལ་དང་སློབ་གསོ་ཁྱབ་གདལ་ཧུར་ཐག་བཏང་སྟེ་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་ཀྱི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ་དང་།རྙིང་པར་འཚམ་པའི་སྒྱུར་བཀོད་ཀྱི་མ་དངུལ་ཡོང་ཁུངས་དང་ཁ་གསབ་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ།རྒན་རྒོན་གྱི་ཁྱིམ་ཚང་ལ་རྒན་རྒོན་དང་འཚམ་པའི་སྒྱུར་བཀོད་བས་ནས་འབྲེལ་ཡོད་ཤེས་བྱའི་རྩལ་ནུས་ལྡན་པའི་ཆེད་ལས་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།

ལམ་ལུགས་འཛུགས་སྐྱོང་སྔར་བས་འཐུས་ཚང་དུ་གཏོང་བ་དང་རྒན་གསོའི་ཞབས་ཞུའི་ཕུགས་ཕན་འཕེལ་རྒྱས་འགན་ལེན་བྱེད་པའི་ཐད་ལིས་ཅིན་གིས་གཅིག་གྱུར་གྱི་ཞབས་ཞུའི་སྤུས་ཚད་ཚད་གཞི་དང་གདེང་འཇོག་མ་ལག་འཛུགས་པ་དང་འབྲེལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་ཁང་དང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སོགས་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིར་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

སློབ་གསོ་སྤུས་ལེགས་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི་མང་ཚོགས་ཀྱི་རེ་བ་ཟབ་མོ་ཞིག་ཡིན་པ་དང་།སློབ་གསོའི་འཐབ་ཕྱོགས་དང་པོ་ནས་ཡོང་བའི་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་སློབ་ཆུང་དང་པོའི་སློབ་སྤྱི་ཆི་ཧའེ་ཞ་ཡིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་ཀྱི་ཡོད།

“སྙན་ཞུའི་ནང2023ལོར་མཚོ་སྔོན་གྱི་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་སྔ་སྣུར་དུ‘བཅུ་བཞི་ལྔ’འཆར་འགོད་དམིགས་ཚད་མངོན་འགྱུར་བྱུང་བ་དང་རྨང་གཞིའི་སློབ་གསོའི་སློབ་གནས་ཁྲི་1.1གསར་སྣོན་བྱས་ཡོད”ཅེས་ཆི་ཧའེ་ཞ་ཡིས་གྲངས་གཞི་དེ་དག་ནི་ཏང་དང་སྲིད་གཞུང་གིས་སློབ་གསོར་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གྲུབ་འབྲས་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་ལ། མི་དམངས་ལྟེ་བར་བྱས་ནས་སློབ་གསོ་འཕེལ་རྒྱས་གཏོང་བའི་རིན་ཐང་དོན་གཉེར་མཚོན་ཡོད་ཅེས་བཤད་པ་རེད།

“ལོ་གསར་པའི་ནང་ང་ཚོས་སྙན་ཞུའི་ནང་རེ་སྒུག་བྱེད་པའི‘མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བའི’ལས་འགན་ལག་ལེན་ཧུར་ཐག་བསྟར་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལྟེ་བའི་བྱང་ཚད་དོན་འཁྱོལ་བྱེད་པ།སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་དོ་དམ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཕྲུ་གུ་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ཡིན”ཞེས་ཆི་ཧའེ་ཞ་ཡིས་བཤད།

དམངས་ཀྱི་བསམ་འཆར་ཉན་པ་དང་2023ལོའི་དམངས་ཚིས་བྱ་བ་དངོས་ཀྱི་འདུ་འགོད་ཇུས་འགོད་ཡག་པོ་བྱ་ཆེད།མཚོ་སྔོན་གྱིས་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་སོགས་བརྒྱུད་ཧྲེང་ཀྲང་གི་ཡོངས་བསྒྲགས་ཡི་གེ་ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཡོངས་ལ་དམངས་ཚིས་རྣམ་གྲངས་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་པ་མ་ཟད།ཉེ་བའི་ལོ་ཤས་རིང་རྩིས་བཤེར་དང་།སྐོར་ཞིབ།ཡིག་བསྐུར་ངོ་བཅར་སོགས་ཐད་ཀྱི་དམངས་ཚིས་གནད་དོན་བསྡུ་རུབ་དང་ལེགས་སྒྲིག་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།སྲིད་གྲོས་ཀྱི་ཨུ་ཡོན།ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། གཞི་རིམ་སྲིད་གཞུང་གིས་བསྡུ་རུབ་བྱས་པའི་བསམ་འཆར་དང་གྲོས་འགོ་རྣམ་གྲངས་ཀྱི་རྩིས་ཁྲའི་ནང་བཅུག་པ།

དམངས་ཀྱི་སེམས་ཁྲལ་སེལ་བར་མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་།མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གི་གནད་དོན་དམ་འཛིན་བྱས་ཏེ་ནོར་སྲིད་ཀྱི་གཏོང་སྒོ་བརྒྱ་ཆ་76ཡན་དམངས་ཚིསར་སྤྱད་པ་དང་།ལོ་འགོར་གཏན་འཁེལ་བྱས་པའི་རིགས་ཆེན་པོ་བཅུའི་དམངས་ཚིས་བྱ་བ་དངོས་ཁག་41ལེགས་སྒྲུབ་བྱས་པས་དམངས་ཚིས་བདེ་སྐྱིད་ཆེ་རུ་གསར་པ་ཕྱིན་ཡོད།

མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་བདེ་འཇགས་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ།

“དེ་སྔ་བོད་སྨན་མང་པོ་ཞིག་ལ་སྨན་བཅོས་འགན་བཅོལ་གཱ་སྤྱོད་མི་ཐུབ་པས་སྨན་ཐེངས་གཅིག་ཉོས་ན་སྒོར་བརྒྱ་ཕྲག་ཁ་ཤས་དགོས་ཀྱི་ཡོད།ད་རེས་ནད་ལྟ་བར་ཡོང་སྐབས་སྨན་པས་ང་ཚོར་སྨན་ཁག་གཅིག་སྨན་བཅོས་འགན་བཅོལ་གཱ་སྤྱད་ནས་གཏོང་སྤྲོད་བྱེད་ཆོག་པའི་དྲན་སྐུལ་བྱས་པས་དེ་མ་ཐག་ཁུར་པོ་མི་ཉུང་བ་ཞིག་ཡང་དུ་ཕྱིན་ཡོད”ཅེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གི་འབྲོག་པ་ཚེ་རིང་གིས་བཤད།

2023ལོར་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་བོད(སོག་)སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་སྨན་བཅོས་འགན་བཅོལ་དཀར་ཆག་ཐོག་མ་དེ་བཟོས་ནས་བོད་སོག་སྨན་བཅོས་སྒྲིག་གཞིའི་སྒོ་རའི་ནང་གི་སྨན་རྫས་རིགས་492(ཐོན་རྫས་2763)ཀྱི་བོད་སོག་སྨན་བཅོས་སྒྲིག་གཞིའི་སྒོ་རའི་ནང་གི་སྨན་རྫས་རིགས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་དང་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་བཅུག་ནས་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དང་མཐུན་པའི་མི་རིགས་སྨན་རྫས་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པ་དང་།བོད་སྨན150སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་ནང་བཅུག

སྨན་བཅོས་འགན་བཅོལ་གྱིས་མི་རིགས་ཀྱི་གསོ་རིག་རྒྱུན་འཛིན་དང་།གསར་གཏོད།འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བྱས་ཏེ་དགོས་མཁོ་ཆེ་བའི་སྨན་ཡག་པོ་དང་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་ནང་བཅུག་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་དགོས་མཁོ་སྣ་མང་སྔར་བས་སྐོང་ཐབས་བྱས་ཡོད།བྱེད་ཐབས་ནུས་ལྡན་འདི་ད་ལོའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་བཀོད་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་མཚོ་བྱང་ཁུལ་སྨན་རྩིས་ཁང་གི་ཡོན་ཀྲང་དབྱང་སྐལ་བཟང་བསམ་འགྲུབ་ཀྱིས་མི་རིགས་གསོ་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གསར་གཏོད་ཅིག་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་ཞིག་རེད།བོད་ལུགས་གསོ་རིག་གི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ།ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་གོམ་སྟབས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་སོགས་སྨན་ཁང་གི་སྤུས་ལེགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་དང་། བོད་ལུགས་གསོ་རིག་གི་ཁྱད་ལྡན་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེར་གཏོང་། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གི་ལེའུ་གསར་པ་རྩོམ་པ་བཅས་བྱེད་དགོས།

ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་འཆར་གཞི་གསར་པ་འགོད་པའི་བརྒྱུད་རིམ་ནང་།བདེ་ཐང་མཚོ་སྔོན་ནས་དུས་བདེའི་མཚོ་སྔོན་བར་དང་།མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་དམིགས་ནས་མཚོ་སྔོན་གྱིས་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི“གཅིག་བཅུ”ཡི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་མི་དམངས་མང་ཚོགས་ཀྱི་བདེ་འཇགས་བློ་ཡིད་ཚིམ་ཚད་ལོ་11བསྟུད་མར་མཐོ་རུ་ཕྱིན་པ་དང་།སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་མཚོ་སྔོན་གྱི་ས་གཞི་ཆེ་མོའི་གང་སར་དུས་བདེ་བདེ་སྐྱིད་ཀྱི་མེ་ཏོག་བཞད་པ་རེད།

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བསོད་ནམས་འཇམ་དབྱངས་ཀྱིས“ས་ཆ་གཅིག་གི་ས་ཆུ་སྲུང་བ་དང་ཡུལ་དེའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་སྲིད་གཞུང་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་རེད།དར་ལག་རྫོང་གིས་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ལས་དོན་གྱི་བླང་བྱ་དང་དམིགས་ཚད་ལས་འགན་གཞིར་བཟུང་གནད་དོན་ལ་དམིགས་ནས་ལན་འདེབས་དང་།བྱ་ཐབས་ཞིབ་ཚགས་སུ་གཏོང་བ།གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་བྱ་རྒྱུ་དང་། དུས་རབས་གསར་པའི་འབྲོག་ཁུལ་གྱི‘ཧྥེང་ཆའོ་ཡི་ཉམས་མྱོང’མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས།

མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་གློ་བུར་དུ་བྱུང་བའི་ཅི་ཧྲི་རི་བོའི་ས་ཡོམ་རིམ་པ་6.2མདུན་དུ་མཚོ་སྔོན་གྱིས་ས་ཡོམ་ཐོས་མ་ཐག་བྱ་སྤྱོད་སྤེལ་བ་དང་།བློ་སེམས་གཅིག་སྒྲིལ་གྱིས་རོགས་སྐྱོབ་བྱེད་པ།གནོད་འཚེ་ཕོག་པའི་མང་ཚོགས་མགྱོགས་མྱུར་གནས་སྤོ་བཀོད་སྒྲིག་བཅས་བྱས་ནས་བཀོད་སྒྲིག་བྱ་ཡུལ་དུ“ཡོད་པ་དྲུག”དང“གནས་འབྱོར་དྲུག”མངོན་འགྱུར་བྱུང་ནས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་བློ་བདེ་པོ་དང་འཚོ་བར་དྲོ་སྐྱིད་སྦྱིན་ཡོད།མིག་སྔར་སློབ་གསོ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་18ལས་འགོ་བཙུགས་ཡོད།

ས་ཡོམ་གྱི་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དེ་2024ལོའི་ཞིང་ཆེན་སྲིད་གཞུང་གི་གཙོ་གནད་ལས་དོན་ནང་བཅུག་ནས་མཚོ་སྔོན་གྱིས་དེ་བས་བློ་རྩེ་གཅིག་སྒྲིམ་གྱིས་མང་ཚོགས་ཀྱི་དགུན་སྒྲོལ་བཀོད་སྒྲིག་ཡག་པོ་བྱེད་པ་དང་།ས་གཤིས་གནོད་འཚེའི་ས་ཚིགས་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་སེལ་ལ་ཤུགས་སྣོན་རྒྱག་པ།རྒྱལ་ཁབ་ཀྱི་སླར་གསོ་བསྐྱར་སྐྲུན་འཆར་འགོད་དང་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱེད་པ།ཕྱོགས་མང་པོ་ནས་བསྐྱར་སྐྲུན་མ་དངུལ་གྲབས་གསོག་དང་བེད་སྤྱོད་ཡག་པོ་བྱེད་པ།སྔོན་ལ་ལས་འགོ་བཙུགས་པའི་སློབ་གསོ་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་རྒྱུ་རེད།

སྤུས་ལེགས་འཕེལ་རྒྱས་ཁྲོད་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དང་ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་སྙོམས་ཀྱི་སྒོ་ནས་ཕན་པ་ཐོབ་བཞིན་ཡོད།2024ལོར་མཚོ་སྔོན་གྱིས་རིགས་ཆེ་གྲས་བཅུའི་དམངས་ཚིས་བྱ་བ་དངོས་44མུ་མཐུད་བཀོད་སྒྲིག་བྱས་ནས་དམངས་ཚིས་ཁྱབ་ཁོངས་ཀྱི“འགག་རྩའི་དོན་ཆུང་”དེ་མང་ཚོགས་ཀྱི་སེམས་ནང་གི“དྲོ་སྐྱིད་ཀྱི་དོན་ཆེན་”ཞིག་ཏུ་གཉེར་ནས་མི་རིགས་ཁག་གི་མང་ཚོགས་ལ་རྒྱུན་མཐུད་ངང་འགན་ལེན་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་ཆེ་རུ་འགྲོ་བ་དང་། བདེ་སྐྱིད་ཚོར་སེམས་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སེམས་སྔར་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།