[ཚོགས་ཆེན་གཉིས་ཀྱི་སྐབས་དོན་དཔྱད་བརྗོད] ཀྱིས་གསར་གཏོད་ཀྱི་ནུས་པ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་པོར་གྲུབ་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་དུ་ངོ་བོ་གསར་པའི་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་ཀྱིས་གྲུབ་དགོས་ཞེས་ནན་བཤད་བྱས་ཡོད་ཅིང་། དེའི་འགག་རྩ་ནི་གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོར་ཐུག་ཡོད། འཐུས་མི་དང་ཨུ་ཡོན་ཚོས་བརྗོད་གཞི་དེར་གྲོས་སྡུར་བྱེད་སྐབས་སྤུས་ཚད་མཐོ་པོའི་ངང་བེད་སྤྱོད་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་དང་། རྨང་གཞིའི་ཞིབ་འཇུག་ནི་སྔར་བཞིན་མཚོ་སྔོན་གྱི་གོ་རིམ་ཞན་ས་ཞིག་ཡིན་པས། འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུ་དེ་དགོས་གལ་ཆེན་པོ་ཞིག་རེད། མཚོ་སྔོན་ལ་མཚོན་ན་འཇོན་མི་དགོས་མཁོ་སྔར་བས་ཆེ་བ་དང་ཁ་ཚ་དགོས་གཏུག་ཏུ་གྱུར་བ་སོགས་ཀྱི་བརྗོད་པ་ཚང་མ་དོན་དངོས་ཀྱི་བསྒྲུབ་བྱ་དག་དག་རེད་ལ།  མཚོ་སྔོན་གྱི་གསར་གཏོད་ནུས་ཤུགས་ཀྱི་འགག་སྒོ་དངོས་གཏོར་ཡོད་ཅེས་བཤད།

འཐུས་མི་དང་ཨུ་ཡོན་ཚོས་དོ་ཁུར་བྱེད་པའི་གནད་དོན་གསེད་བཀྲོལ་བྱས་ཤིང་། དེའི་ནང་མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་ནུས་པ་ཆེར་བསྐྱེད་ཀྱི་བརྒྱུད་རིམ་དང་རྒྱུ་རྐྱེན་མཐོང་ཐུབ། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་མཉེན་ཤུགས་ཆེ་རུ་གཏང་དགོས་ན། ངེས་པར་དུ་འགག་རྩའི་ལག་རྩལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། འོན་ཀྱང“མིད་པ་དགག”པའི་དཀའ་གནད་ཐག་གཅོད་དགོས་ན། རྨང་གཞིའི་ཞིབ་འཇུག་གི་གསོག་འཇོག་རང་བཞིན་དང་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། འོན་ཀྱང་དེ་བས་ལུགས་མཐུན་གྱི་སྲིད་ཇུས་སྟོན་ཕྱོགས་དང་འཇོན་མིའི་འགན་སྲུང་ནི་ཚན་ཞིབ་བྱ་བ་ཞིག་པོ་བསྒྲུབ་པར་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་རེད། 

ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཞིབ་ཏུ་གཟིགས་ན།  མཚོ་སྔོན་གྱི་གསར་གཏོད་ནུས་པ་ཇི་ལྟར་ཆེ་རུ་གཏོང་དགོས་པའི་ཕྱོགས་དང་ངོས་སོ་སོ་ལ་བཀོད་སྒྲིག་ཞིབ་ཚགས་བྱས་འདུག་པ་དང་། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་ཆེན་པོ་བཅུ་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་ཇེ་མཐོར་དང་། འཇོན་མི་གསོ་སྐྱོང་དང་ནང་འདྲེན་ལ་ཤུགས་སྣོན།  ཁེ་ལས་ཆུང་འབྲིང་གིས་ལག་གདང་སྦྲེལ་ནས་རྒྱུན་འཁོར་དང་གསར་གཏོད་ལ་སྐུལ་འདེད། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཕན་འབྲས་ཆེ་རུ་གཏོང་བ་སོགས་སྲིད་གཞུང་གི་འཐབ་ཇུས་ཁྲིད་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱས་ཡོད་མ་ཟད།  རྒྱལ་ཁབ་རིམ་པའི་ལས་སྟེགས་སོགས་འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་ཀྱང་གང་ལེགས་བཏོན་ནས་ཁེ་ལས་དེ་ཉིད་གསར་གཏོད་བྱེད་པོ་ངོ་མར་བསྒྱུར་ཏེ།  སྲིད་ཇུས་དང་། འཇོན་མི། མ་དངུལ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་སྣ་ཚོགས་སྔར་ལས་གཅིག་སྡུད་ཡོང་བྱས་འདུག །

སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་ཐོན་སྐྱེད་ནུས་ཤུགས་ཤིག་དང་། ཚན་རྩལ་གསར་གཏོད་ཀྱིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་པའི་ཐོན་སྐྱེད་ནུས་ཤུགས་ཤིག་ཡིན་པས། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ཆགས་སུ་འཇུག་དགོས། མཚོ་སྔོན་ལ་ཐོན་ཁུངས་དང་ལེགས་ཆ་ལྡན་ཡོད་མོད། འོན་ཀྱང་གསར་གཏོད་ཀྱི་སྟོབས་ཤུགས་ཞན་པ་དང་། གསར་གཏོད་ཀྱི་ཐོན་ཁུངས་དཀོན་པ། གསར་གཏོད་ཀྱི་གསོན་ཤུགས་མི་འདང་བ་བཅས་ཀྱི་རང་རེའི་ནུབ་རྒྱུད་ཀྱི་དར་རྒྱས་རྗེས་ལུས་ཡིན་པའི་ཞིང་ཆེན་ཞིག་གི་ངོས་ནས་བཤད་ན་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། དགེ་མཚན་ལ་གཞི་ཚུགས་ནས་ཞན་ཆ་གསབ་རྒྱུ་ནི་ད་ཡོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་རྨང་གཞིའི་ཐོག་འབད་འབུངས་ཡར་བརྩོན་དང་ངེས་པར་དུ་བསྒྲུབ་དགོས་པའི་བྱེད་ཐབས་ཤིག་རེད། མཚོ་སྔོན་གྱིས་ཕྱོགས་སྒྱུར་རིམ་སྤོར་གྱི་ཀ་རྟེན་ཐོན་ལས་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་བྱེད་བཞིན་ཡོད་པས། འགྲན་རྩོད་ཀྱི་ལམ་བུ་གསར་པ་ཧུར་ཐག་གཏོད་པ་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་གཡུལ་ས་དང་བར་མཐོངས་རྒྱ་ཆེར་བཏང་སྟེ། གསར་གཏོད་ཀྱི་ནུས་པར་བརྟེན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཆགས་པ་བྱས་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས་ཞེས་བཤད།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།