
དགུན་དུས་མཚོ་མོར་མཚོ་དར་ཆགས་དུས་མཚོ་ངོས་ནི་མེ་ལོང་ལྟར་སྔོ་ཞིང་དྭངས། ཁེ་རམ་ཐང་མཛེས་ལྗོངས་ཁུལ་གྱི་གསར་དུ་བསྐྲུན་པའི་ཤིང་ལམ་ཐོག་བལྟས་ཚེ་ཁྲུང་ཁྲུང་སྐེ་ནག་གི་གཤོག་པ་བརྐྱངས་ནས་འཕུར་བ་མཐོང་ཐུབ་པ་དང་།སྐབས་འགར་འཁྱགས་ངོས་སུ་བག་ཡངས་ཀྱིས་རྒྱུ་བ་དང་།ངང་དམར་ཁྱུ་བསྒྲིགས་ནས་འཕུར་ཡོང་བ་དེ་གངས་འཁྱག་གི་བྱིས་སྒྲུང་ཞིག་ཏུ་སླེབས་པ་དང་འདྲ།
2021ལོའི་ཟླ་6ཚེས་8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཕེབས་ནས་མཚོ་སྔོན་པོའི་ཁེ་རམ་ཐང་དུ་མཚོ་སྔོན་ཞིང་ཆེན་གྱི་མདོ་ལ་རིང་མོའི་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་དང་འབྲེལ། མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ཐད་མཚོ་སྔོན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཡག་པོ་དང་སྣོད་བཅུད་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་འཐབ་ཇུས་དོན་འཁྱོལ་ཡག་པོ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད། སྐྱེ་ཁམས་ནི་ཐོན་ཁུངས་དང་རྒྱུ་ནོར་ཡིན་ལ། ང་ཚོའི་གཏེར་མཛོད་ཀྱང་ཡིན།
མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་ངེས་ནས་མཚོ་སྔོན་གྱི་བུ་ཕྲུག་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེས་གསོན་ཉམས་ལྡན་ལ་རྒྱུན་སྲིང་གི་ལག་ལེན་དུ་བསྒྱུར་ནས་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད་པ་རེད།ད་ཆ་ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་ཡིན་པའི་མཚོ་སྔོན་པོས་འདམ་རའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་མགྱོགས་མྱུར་གཏོད་བཞིན་ཡོད།
“ཁ་གྲངས410འདུག །ང་ཚོས་ཟླ་གོང་མར་བརྟག་དཔྱད་བྱས་པའི་གྲངས་འབོར་དང་ཧ་ལམ་འདྲ་པོ་འདུག”དེ་ནི་ཉིན་གཉིས་གོང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོའོ་ཀྲང་སུན་ཅན་ཆིང་དང་འདབ་ཆགས་སྐོར་སྲུང་བ་ཚོས་ལྟ་ཞིབ་ཚད་ལེན་བྱས་པའི་ཟིན་ཐོར་བཀོད་པའི་ངང་དཀར་གྱི་གྲངས་འབོར་རེད།
“ཉེ་བའི་ལོ་ཤས་རིང་བརྟག་དཔྱད་བྱས་པ་བརྒྱུད་མཚོ་སྔོན་པོར་དགུན་སྒྲོལ་བྱེད་དུ་ཡོང་བའི་ངང་དཀར་500ཙམ་སྤྱིར་ན་རྒྱུན་འཁྱོངས་ཐུབ་ཡོད།མཚོ་སྔོན་པོ་ནི་དུས་བྱ་གནས་སྤོ་བྱེད་པའི་ལམ་བར་གྱི་ངལ་གསོ་རྒྱག་ས་དང་དཀྱིལ་སྐོར་ས་ཚིགས་གལ་ཆེན་ཞིག་ཡིན་ལ།ཀྲུང་གོའི་མངའ་ཁོངས་ནང་གི་དབྱར་དུས་བྱ་རིགས་སྐྱེ་འཕེལ་བྱེད་མང་ཤོས་དང་ཁྱུ་ཚོགས་གཅིག་སྡུད་ཆེ་ཤོས་ཀྱི་རྒྱུད་སྤེལ་བྱ་ཡུལ་གྱི་གྲས་ཤིག་ཀྱང་ཡིན་པ་དང་ལོ་ལྟར་མཚོ་སྔོན་པོར་ཡུལ་སྤོ་བྱེད་པའི་དུས་བྱ་ཁྲི་10ལྷག་ཙམ་ཡོད”ཅེས་སུན་ཅན་ཆིང་གིས་བཤད།
ཞིབ་ཕྲའི་འདབ་ཆགས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་དེ་འདབ་ཆགས་སྲུང་སྐྱོང་ཁོ་ན་བྱེད་པ་ནས་ཚན་ཞིབ་གཙོ་བོར་བྱེད་པའི་ཕྱོགས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་བར་འགྱུར་ལྡོག་བྱུང་ཡོད།དེ་དང་ཆབས་ཅིག་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་།མཚོ་སྐོར་ལྟ་ཞིབ་ཚད་ལེན་སྐོར་སྲུང།བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལྟ་ཞིབ་ཚད་ལེན།ཆུ་སྐྱེས་སྐྱེ་དངོས་བརྟག་དཔྱད།སྐྱེ་ཁམས་ཁོར་ཡུག་དང་དེ་བཞིན་ཐོན་ཁུངས་ཀྱི་གནས་ཚུལ་ཕྱོགས་བསྡུས་བརྟག་དཔྱད་སོགས་བྱས་ནས་མཚོ་སྔོན་པོར་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད་ཚད་ལྡན་ནུས་ལྡན་དང་གནད་ལ་འཁེལ་བའི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་པ་རེད།
2023ལོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.44བཏང་བའི་འདམ་ར་སྲུང་སྐྱོང་དང་སླར་གསོ་དང་།གཙོ་གནད་ཆུ་ཁོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་སོགས་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་ཁག་14ལག་བསྟར་བྱས་པ་རེད།“མཁའ་དབྱིངས”གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་རྣམ་གྲངས་དང་།སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་ལྟ་ཞིབ་དོ་དམ་གྱི་རྨང་གཞིའི་ལས་སྟེགས་རྣམ་གྲངས་སོགས་ཞིབ་འཇུག་བྱེད་ཆོག་པའི་སྙན་ཞུ་12བཟོས་ནས་ནོར་སྲིད་སྔོན་རྩིས་མ་དངུལ་སྒོར་ཁྲི་960བརྩོན་ལེན་བྱས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་མ་ལག་སྐྲུན་འགོ་བཙུགས་པ་རེད།ཆུ་རྩྭ་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་རྒྱུན་མཐུད་ངང་ལག་བསྟར་བྱས་པས།ཆུ་རྩྭ་རྒྱུན་ལྡན་མིན་པའི་སྐྱེ་འཕེལ་བྱེད་ཚུལ་བཀག་འགོག་ཐུབ་ཡོད།ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་པོའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བཙུགས་པ་དང་།མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་གསར་དུ་བསྐྲུན་པ།ལས་དོན་མི་སྣས་སྲུང་སྐྱོང་ས་ཚིགས་ཀྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་མཚོ་སྔོན་པོའི་སྐོར་སྲུང་ལྟ་ཞིབ་ཚད་ལེན་དང་སྐོར་སྲུང་དོ་དམ་སྲུང་སྐྱོང་གི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད།མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་ལས་ཀའི་ཇུས་གཞི་བཟོས་ནས་ལག་བསྟར་བྱས་ཏེ་འདབ་ཆགས་གཙོ་བོ་འཚོ་སྡོད་ཁུལ་24དང་།ཕུའུ་ཧྲི་དགོ་བའི་བྱེད་སྒོ་སྤེལ་ཁུལ་15གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་ས་ཁོངས་28བཅས་ལ་རྒྱུན་རྣམ་ཅན་གྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་བྱས་པ་དང་།2022ལོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་སྙན་ཞུ་བཟོས་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་ཡུལ་དང་གཙོ་གནད་ས་ཁོངས་ཡོངས་ལ་ལྟ་ཞིབ་ཚད་ལེན་ཐུབ་པ་བྱས་ཡོད།ས་གནས་སྲིད་གཞུང་རྒྱུན་རྣམ་ཅན་དང་མཉམ་དུ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་།ཡུལ་སྐོར་ཁྲོམ་ར་ཚད་ལྡན་བཅོས་སྒྲིགམཚོ་སྔོན་པོའི་ཉ་ལུའོ་ལི་སྲུང་སྐྱོང་སོགས་ཆེད་དོན་བྱ་སྤྱོད་སྤེལ་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།
འབད་བརྩོན་བྱས་པ་བརྒྱུད་2023ལོར་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4540.98ཟིན་པ་དང་ཆུ་རྒྱས་ཚད་སྨི་3196.72ཟིན་པ།མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི་11.41ཟིན་པ།དགོ་དམར་གྲངས་འབོར་3400ལྷག་ཙམ་ཟིན་པ།འདབ་ཆགས་རིགས་སྣ་ཁ་281ཟིན་པ།ཆུ་བྱའི་གྲངས་འབོར་ཁྲི་60.6ཟིན་པ་བཅས་ཀྱི་གྲངས་འབོར་ཚང་མ་འཕར་བའི་རྣམ་པ་མངོན་ཡོད་པ་རེད།དེ་དང་ཆབས་ཅིག་མཚོ་སྔོན་པོའི་ཆུའི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་ས་མཐོའི་ཐུན་མོང་མ་ཡིན་པའི་ཆུ་དང་།རྩྭ།ཉ།བྱ་བཅས་དང་གཅན་གཟན་བཅས་ཀྱི་མཉམ་གནས་སྐྱེ་ཁམས་མ་ལག་དོ་སྙོམས་བྱུང་ཡོད།
མཚོ་སྔོན་པོ་སྲུང་སྐྱོང་བྱ་རྒྱུ་ནི་སྐྱེ་ཁམས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཡིན་ལ་འཕེལ་རྒྱས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་རེད།
མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་ཡུལ་སྐོར་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ་དམིགས་བསལ་གཉེར་སྐྱོང་ས་ཚིགས་བཞིའི་གྲས་ཤིག་ཡིན་པའི་མཚོ་སྔོན་པོའི་ཧྲེང་ཆོན་མཚོ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དུ་གཙང་སྦྲ་བྱེད་མཁན་དང་།བདེ་འཇགས་པ།ཁྲིད་སྟོན་པ།འགྲེལ་བཤད་པ་སོགས་ཀྱི་ལས་གནས་བཀོད་སྒྲིག་བྱས་པ་བརྒྱུད་མང་ཚོགས་ལས་ཞུགས་བྱ་རྒྱུ་དེ་སྲོལ་རྒྱུན་གྱི་འབྲོག་ལས་ནས་སྐྱེ་ཁམས་ཡུལ་སྐོར་ལ་བསྒྱུར་རྒྱུར་སྐུལ་འདེད་བཏང་བ་རེད།ན་ནིང་དམིགས་བསལ་ཆོག་མཆན་ཐོབ་པའི་གཉེར་སྐྱོང་ས་ཚིགས་བཞིར་མི་114ཐད་ཀར་ལས་ཞུགས་ཐུབ་པ་དང་།མཐའ་འཁོར་གྱི་མང་ཚོགས་70ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ།མང་ཚོགས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ཟིན་ཡོད།
“ང་ཚོས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པའི་བརྒྱུད་རིམ་ནང་རྒྱལ་ཁབ་སྤྱི་གླིང་གཏོད་པའི་དུས་འགོའི་ལས་འགན་ཁག་65ལེགས་སྒྲུབ་བྱས་ནས་ལས་རྗེས་དཔྱད་དཔོག་དུས་མཚམས་སུ་སླེབས་པ་དང་སྲུང་སྐྱོང་དང་འཕེལ་རྒྱས་དབར་དོ་སྙོམས་ཀྱི་ས་ཚིགས་ཤིག་བཙལ་ནས་ཡུལ་སྐོར་བ་དང་མཚོ་སྐོར་མང་ཚོགས་དེ་བས་མང་བར་རྒྱལ་ཁབ་སྤྱི་གླིང་གིས་མཉམ་དུ་བསྐྲུན་པའི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན”ཅེས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཡུལ་སྐོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཏེ་ཧུའེ་ཡིས་བཤད།
ཆུ་ཚད་མཐོ་བའི་སྲུང་སྐྱོང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་དང་།སྐྱེ་ཁམས་ཐོན་ཁུངས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེགས་ཆ་དེ་བས་ཀྱང་ཡིན།
2024ལོར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མུ་མཐུད་ལག་ལེན་ནན་ཏན་བསྟར་བ་དང་།ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་།ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་པ།རྒྱལ་ཁབ་སྤྱི་གླིང་གི+10”ཚད་གཞི་མཐོ་བའི་འཛུགས་སྐྲུན་འཆར་འགོད་མ་ལག་ལེགས་སུ་དང་འཐུས་ཚང་དུ་བཏང་ནས《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ལ་བཟོ་བཅོས་བརྒྱབ་ནས་ལེགས་སྒྲུབ་བྱས་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། གསར་གཏོད་ཕན་འབྲས་ཀྱི་དཔྱད་དཔོག་ལས་དོན་མགྱོགས་མྱུར་སྤེལ་བ། འདི་ལོ་དུས་བཀག་བཞིན་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་འདུན་ཞུ་བྱས་ནས་སྣོད་བཅུད་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་ཧུར་ཐག་བཏོད་དེ་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་མཉམ་འདྲེས་ཀྱི“ཉམས་མྱོང”འཚོལ་ཞིབ་བྱས་ཡོད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།