【ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་བསུ་མ་བྱེད】 མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཐུབ་པའི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

སྤྱི་ཚོགས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་ཡིན་ལ། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བའི་འགན་སྲུང་གལ་ཆེན་ཞིག་ཀྱང་རེད། 2023ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་སྤྱི་ཚོགས་བཅོས་སྐྱོང་གི་དོན་སྙིང་གལ་ཆེན་དང་ནུས་པ་གལ་ཆེན་ལ་ངོས་ཟིན་ཟབ་མོ་གནང་སྟེ། ཞིང་ཆེན་ཏང་ཨུས་དུས་བདེའི་འཛུགས་སྐྲུན་གྱི“གཅིག་ཅན་བཅུ་ཡི”ལས་ཀའི་བླང་བྱ་ལྟར། འགལ་བ་དང་རྩོད་གཞི་སྣ་མང་སེལ་ཐབས་ཀྱི་མ་ལག་གསར་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་།  ཉམས་མྱོང་དཔེ་མཚོན་ཅན་གསོ་སྐྱོང་ཐོག་ཁྱབ་གདལ་གཏོང་སྟངས་གསར་པ་གཏོད་དེ།  མཉམ་བསྐྲུན་དང་མཉམ་བཅོས་མཉམ་སྤྱོད་ཐུབ་པའི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བསྐྲུན་པར་མཉམ་ཤུགས་བཏོན་པ་དང་།  གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་རྨང་གཞི་བརྟན་པོ་བཏང་སྟེ་འཆམ་མཐུན་ལ་སྐུལ་འདེད། བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་བདེ་འཇགས་ཡིན་ལ་འཆམ་མཐུན་བརྟན་ལྷིང་དུ་གྱུར་ཡོད།


 

ཕྱོགས་ཡོངས་ནས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ།  འགན་རྩོད་འདུམ་གཅོད་སྣ་མང་གི་སྟེགས་བུ་འཛུགས་སྐྲུན་ལ་ཐོད་བརྒལ་གསར་པ་བྱུང་། 

       གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཐད་ཀར་གཞི་རིམ་མང་ཚོགས་ལ་ཁ་ཕྱོགས་དགོས་པ་ན། རྙོག་འཛིང་ཆེ་བའི་ལས་དོན་འབོར་ཆེན་ལ་ཁ་གཏད་དགོས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་མང་པོར་ཡང་འབྲེལ་བ་ཡོད་པས། ཕྱོགས་ཡོངས་ནས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཚན་རིག་དང་མཐུན་ཞིང་ཞིབ་ཚགས་པའི་སྒོ་ནས་ཞིབ་འཇུག་དང་ཇུས་འགོད་བྱས་ན། ད་གཟོད་གཞི་ནས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་ཐུབ།

“མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་སྔར་བས་འཐུས་ཚང་དང་། ཞིང་ཆེན་ཡོངས་ཀྱི་འགལ་བ་དང་རྩོད་གཞི་སེལ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། གཏུག་བཤེར་མིན་པའི་བར་འདུམ་ཐག་གཅོད་སྔུན་ལ་གཏད་ཆེད། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་སྔ་ཕྱི་བར་གསུམ་དུ་འབྱུང་རྩ་བཅོས་སྐྱོང་གཏིང་ཟབ་བྱ་བ་འགག་རྩར་བརྩིས་ནས་ཕྱོགས་ཡོངས་ནས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ། ལྟེ་བའི་ཐོན་ཁུངས་སྡེབ་སྒྲིག་དང་། དུས་བདེའི་མཚོ་སྔོན་འཛུགས་སྐྲུན་ཟབ་སྤེལ་བརྗོད་བྱ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འགལ་བ་དང་རྩོད་གཞི་སྣ་མང་ཅན་གྱི་སྟེགས་བུ་འཛུགས་སྐྲུན་ཀྱི་ལས་འགན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས”ཞེས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁྲུའུ་ཡི་འགན་ཁུར་པས་དེ་ལྟར་ངོ་སྤྲོད་བྱས།

ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དོ་མི་མཉམ་པ་དང་། མི་སྣའི་སྒྲིག་ཁོངས་མི་འདང་བའི་དཀའ་ངལ་སོགས་དོན་དངོས་ལ་དམིགས་ནས་ཡིག་ཆ་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་པར་སྐྲུན་བྱས་ཤིང་། ཡུལ་བབ་དང་བསྟུན་ཞིང་།  རིགས་དབྱེ་ཇུས་ཐབས་བཏོན་ནས “ལྟེ་བ་ལྔ”ཡི་ཐོན་ཁུངས་སྡེབ་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱས་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་ཁག་གི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས། ཡིག་སྐུར་ངོ་གཏུག་ལྟེ་གནས་དང་། གཏུག་བཤེར་ཞབས་ཞུ་ལྟེ་གནས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ས་ཁུལ་ཁག་གི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཙུགས་ནས“མང་ཚོགས་སྒོ་མོ་གཅིག་དང་། སྒེའུ་ཁུང་གཅིག་ནས་ཐེངས་གཅིག་ལ”འགྲོ་ལུགས་སྒྲུབ་ཐུབ་པ་མངོན་འགྱུར་ལ་སྟེགས་བུའི་རྨང་གཞི་བཏིངས།

ལྟེ་བའི་འཛུགས་སྐྲུན་གོ་རིམ་ལྡན་དགོས་ན།   ལམ་ལུགས་མ་ལག་གིས་འགན་སྲུང་བྱ་དགོས། གྲོང་ཁྱེར་དང་ཁུལ་བཅས་རིམ་པ་གསུམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ལ་ཅུང་ཆ་ཚང་བའི་ལམ་ལུགས་མ་ལག་བཟོས་པ་མ་ཟད།  སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཡང་སྒྲིག་འཛུགས་བྱས་ཏེ། རིམ་པ་སོ་སོའི་ལྟེ་གནས་འཛུགས་སྐྲུན་ཚད་ལྡན་དང་འཁོར་སྐྱོད་ལ་འགན་སྲུང་ཏན་ཏིག་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་དང་སྤེལ་རེས། ལྟ་ཞིབ་བྱ་བ་སྒྲིག་འཛུགས་བྱས་ཏེ། རིམ་ཁག་ལྟེ་བའི་ཞབས་ཞུའི་སྤུས་ཚད་དཔྱད་ཞིབ་གདེང་འཇོག་ལས་དོན་སྔར་བས་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་ནས་ལྟེ་བར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་།

དེ་དང་མཉམ་དུ། རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས " ལྟེ་བ་ལྔ" ཡི་ཁྲོད་ཀྱི“སྤྱིའི་བཀོད་གཏོང”གི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཏེ། རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལས་སྒོ་སྟེ " 9XX" ཆ་འཕྲིན་མ་ལག་གི་གཞི་གྲངས་འདུ་གནས་དང་། བྱེད་ལས་ཁེབས་ཚད་ཀྱི་དགེ་མཚན་ལ་གཞི་བཅོལ་ནས་གཞི་གྲངས་བསྡུར་བ་དང་། དབྱེ་ཞིབ། སྔོན་དཔག་བཅས་བྱས་ནས་ས་ཁུལ་སོ་སོའི་འགལ་བ་དང་རྩོད་གཞི་སེལ་བའི་གནས་བབ་དང་ལས་འགན་ལ་ཕྱོགས་བསྡུས་དཔྱད་གཅོད་བྱས་པ་དང་།  རིམ་པ་སོ་སོའི་སྤྱི་ཚོགས་བཅོས་སྐྱོང་གི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་རང་འགུལ་གྱིས་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་འོག་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དྲ་རྒྱ་འབྲེལ་མཐུད་དང་། གཞི་གྲངས་མཉམ་སྤྱོད་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བ་དང་། སླད་ཕྱིན་གནས་གཅིག་ནས་རིམ་པ་སོ་སོའི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་ལ་སྐུལ་ཁྲིད་བྱེད་པའི་བར་སྟོང་ཇེ་ཆེར་བཏང་ནས་རྨང་གཞི་བརྟན་པོ་བཏིང་བས། འགལ་བ་དང་རྩོད་གཞི་སྣ་མང་ཐག་གཅོད་ཀྱི་སྟེགས་བུ་འཛུགས་སྐྲུན་ཐད་ཚད་བརྒལ་གསར་པ་བྱུང་ཡོད།

ཉམས་མྱོང་དཔེ་མཚོན་ཅན་གྱིས་སྣེ་ཁྲིད་དེ།  “ཧྥུང་ཆའོ་ཉམས་མྱོང” མཚོ་སྔོན་དུ་ལག་ལེན་འཚོལ་ཞིབ་ལ་སྐུལ་འདེད་བཏང་ནས་རྣམ་པ་གསར་པ་མངོན།

2023 ལོའི་ཟླ 11 པའི་ཚེས 6 ཉིན། བློ་མཐུན་མའོ་ཙེ་ཏུང་གིས“ཧྥེང་ཆའོ་ཉམས་མྱོང”སློབ་སྦྱོང་དང་ཁྱབ་གདལ་བཏང་ནས་ལོ 60 འཁོར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཧྥེང་ཆའོ་ཉམས་མྱོང་”དར་སྤེལ་གཏོང་དགོས་པའི་མཛུབ་སྟོན་་རྒྱུན་འཁྱོངས་བྱས་ནས་ལོ་ངོ 20 འཁོར་བའི་ལོའི་ཚོགས་པེ་ཅིན་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི《ཕྱི་རུ་ལས་ཀ་གཉེར་བའི“འཐེན་ཐུག་པ”ཡི་འགལ་རྩོད་སྔོན་འགོག་དང་འདུམ་གཅོད་བྱེད་ཐབས་བཅའ་ཁྲིམས》དང་《“གཙང་གསུམ་འབྱུང་ཡུལ་གྱི་ཞིབ་དཔྱོད་སྔོན་པོ”ཡི་མཉམ་འགུལ་གྱི་ལས་ཀའི་བཅའ་ཁྲིམས》 《ཞིང་ཕྱུགས་ལས་ས་ཁུལ་གྱི་རྩོད་གཞི་ཆུང་དྲུག་གི་ལས་ཀའི་བཅའ་ཁྲིམས 》བཅས་ཉམས་མྱོང་གསུམ་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་ཀ་སྒྲུབ་སྟངས ”ལ་དཔྱད་འདེམས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཧྥུང་ཆའོ་ཉམས་མྱོང་དར་སྤེལ་བྱ་བ་རྒྱུན་འཁྱོངས་དང་། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་དཔེ་མཚོན་བཏོད།

སྣེ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་འབུར་དུ་ཐོན་པ་དང་བསྟུན་ནས། “ཧྥུན་ཆའོ་རྣམ་པའི་བྱ་བ་སྒྲུབ་སྟངས”དེ་རིམ་བཞིན་མཚོ་སྔོན་གྱི་སྤྱི་ཚོགས་བཅོས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ཕན་ཕྱོད་ཅན་ཞིག་ཏུ་གྱུར། ཡིན་ན་ཡང་རྫོང་དང་ཁུལ། ཡུལ་ཚོ་དང་གྲོང་རྡལ་གྱི་གཞི་རིམ་གསོ་སྦྱོང་དང་བཙོ་སྦྱང་ནུས་པ་མི་འདང་བའི་གནད་དོན་དེ་ས་གནས་ཁག་གིས་མ་ལག་གསོ་སྐྱོང་གི་དཔེ་མཚོན་ཉམས་མྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་དཀའ་གནད་ཅིག་ཏུ་གྱུར་ཡོད།

ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་གྲོང་ཁྱེར 8 (ཁུལ)ཀྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ལོ་ཧྲིལ་པོར་སྤེལ་བའི་གཙོ་དོན་སློབ་གསོར་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཁྲོད་དུ། གཞི་རིམ་གྱི་ཕན་འབྲས་ལྡན་པའི་ཉམས་མྱོང་དང་སྒྲུབ་ཐབས་ལ་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། སྔོག་འདོན་དང་།  གསེད་འདེམས། སྐྱེད་སྲིང་། ཕྱོགས་བསྡོམས་སྦྱོང་བརྡར་བཅས་བྱས་ནས་སླད་ཕྱིན་གསར་གཏོད་ཀྱི་ཉམས་མྱོང་ནུས་ལྡན་ཆགས་པར་རྒྱབ་སྐྱོར་བྱས།

རྒྱལ་ཡོངས་ཀྱི་" ཧྥུང་ཆའོ་རྣམ་པའི་ལས་ཀ་སྒྲུབ་སྟངས "ཀྱི་གྲས་སུ་བདམས་པའི་ཅིན་ཐན་ཡུལ་ཚོའི་འགལ་རྩོད་“ཞུ་ཐབས་ཆུང་བ་དྲུག”དང་རྒྱ་མདོ་རྫོང་གི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཅས་ལ་སྒྲིག་འཛུགས་ཐོག་ལྟ་སྦྱོང་བྱས་པ་ནས་ཞིང་ཆེན་ཡོངས་ཀྱིས་དུས་རབས་གསར་པའི" ཧྥུང་ཆའོ་ཉམས་མྱོང "དར་སྤེལ་རྒྱུན་འཁྱོངས་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ལས་ཀའི་གྲོས་ཚོགས་ལ་ཤུགས་བསྣན་པའི་བར་དུ།  དུས་རབས་གསར་པའི་" ཧྥུང་ཆའོ་ཉམས་མྱོང "མཚོ་སྔོན་དུ་ལག་ལེན་དངོས་བྱེད་པ་ལ་ངེས་པར་དུ་མཉམ་ཤུགས་འདོན་དགོས་པའི་བསམ་བློ་གཅིག་ཏུ་བསྡུས་པ་མ་ཟད། ངོས་འཛིན་སྔར་བས་ཟབ་མོ་བླངས་ཏེ། དམིགས་ཚད་ཁ་གསལ་བཟོས་ནས་" ཧྥུང་ཆའོ་ཉམས་མྱོང "མཚོ་སྔོན་དུ་ལག་ལེན་བསྟར་བ་ལ་རྨང་གཞི་བརྟན་པོ་བཏིངས།

ཕྱོགས 4 དང་གཙོ་གནད་ལས་འགན་ཁག 18 ཁ་གསལ་བཟོས་ནས་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་སེལ་ཐབས་བྱེད་པར་ཤུགས་ཆེན་པོ་བརྒྱབ་ནས་ཞིང་ཆེན་ཡོངས་སུ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཆེན་པོ་དང་། ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་ཆེན་པོའི་ཐོག་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་གནོད་པའི་འབྱུང་རྩའི་རང་བཞིན་དང་། རྩ་བའི་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་གནད་དོན་ཐག་གཅོད་དང་འཕེལ་རྒྱས་གཏོང་བར་བརྟེན་ནས་དུས་རབས་གསར་པའི་ཧྥུན་ཆའོ་ཟམ་པའི་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། འགལ་བ་དང་རྩོད་གཞི་གཏན་འཁེལ་བྱས་ནས་ས་གནས་དེ་གའི་ལས་འགན་གྱི་དམིགས་འབེན་དང་། གཅིག་གྱུར་གྱིས་འཆར་འགོད་དང་། བཀོད་སྒྲིག་ཞིབ་ཕྲ་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་དང་། བྱེད་ཐབས་ཞིབ་ཕྲ་ཅན་དུ་གཏོང་བ། རྒྱུད་རིམ་ལྡན་པའི་སྒོ་ནས་ཁྲིད་སྟོན། གནད་ལ་འཁེལ་བའི་སྒོ་ནས་སྐུལ་སྤེལ་བཅས་བྱས་ཏེ། ཧྥུང་ཆའོ་ཡི་ཉམས་མྱོང་ཞེས་པའི་མཚོ་སྔོན་གྱི་ལག་ལེན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

གཞི་རིམ་རྩ་འཛུགས་དང་རྒྱ་ཆེའི་མང་ཚོགས་ཀྱི་མཉམ་འགོག་མཉམ་བཅོས་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ལ་གསོན་ཤུགས་གསར་པ་བསྣན་པ།

སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་ཡོད་པ་དང་། གསོན་ཤུགས་ཀྱང་གཞི་རིམ་དུ་ཡོད། ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་ལག་བསྟར་བྱས་ཏེ། གཞི་རིམ་རྩ་འཛུགས་དང་རྒྱ་ཆེའི་མང་ཚོགས་ལ་བརྟེན་ནས་མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་གི་ཁེ་ཕན་ཆེ་ཤོས་ཐོབ་མཁན་དང་། རྒྱ་ཆེར་ཞུགས་མཁན་དུ་གྱུར་ན། ད་གཟོད་སྤྱི་ཚོགས་བཅོས་སྐྱོང་ལ་སྟོབས་ཤུགས་ཆེན་པོ་བསྡུ་ཐུབ།

ཡུལ་ཚོ་དང་གྲོང་རྡལ། སྤྱི་བདེ། ཁྲིམས་འཛིན། གྲོང་ཁྱེར་དོ་དམ། ཚོང་རའི་ལྟ་སྐུལ་དོ་དམ། གྲོང་ཚོ་སྡེ་ཁུལ་གྱི་ལས་བྱེད་པ་དང་དྲ་མིག་པ། དང་བླངས་པ་སོགས་ཀྱི་སྟོབས་ཤུགས་སྡེབ་སྒྲིག་གང་ཐུབ་བྱས་ཏེ་ཞབས་ཞུ་འདོན་སར་སྤོས་པ་དང་། “མཉམ་འགོག་དང་། མཉམ་འབྲེལ། མཉམ་བཅོས། མཉམ་ལས། མཉམ་འབྲེལ། བློ་གྲོས་མཉམ་འདོན”(བསྡུས་མིང་ལ“དྲུག་འབྲེལ་མཉམ་བཅོས”བྱ།)སྙིང་བོར་བཟུང་སྟེ།  བདེ་འཇགས་དོ་དམ་ཚོད་འཛིན་དང་། ཉེན་ཁ་སྒྲིག་བཤེར། འགལ་བ་སེལ་འདུམ། བབ་བསྟུན་ཐག་གཅོད་སོགས་ཀྱི་ལས་ཀའི་ཕན་ནུས་གཅིག་གྱུར་འཆར་འགོད་ཐོག་མཐོར་འདེགས་སུ་བཏང་།

ཟི་ལིང་གྲོང་ཁྱེར་ཧུང་ཀྲུང་ཆུས་རི་སེར་གྲོང་རྡལ་གྱིས་མཉམ་འགོག་ཆེན་པོའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་དང་ཁྱབ་སྤེལ་བཏང་སྟེ། ཁྱབ་ཁོངས་སོ་སོའི་སྣ་གཅིག་ནས་སྣ་མང་མཉམ་སྐྱོང་གི་ཕྱོགས་སུ་བསྒྱུར་བ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྤྱི་བདེ་གྱིས་སྣེ་ཁྲིད། སྡེ་ཁག་གིས་རོགས་ལས། སྤྱི་ཚོགས་ནང་ཞུགས་བཅས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་ལས་ཀའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་ཆབས་ཅིག  དྲུག་འབྲེལ་མཉམ་བཅོས་ཀྱི་མཉམ་འགོག་ཆེན་པོའི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བས་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ནུས་པ་བཏོན་པའང་ཉིན་རེ་བཞིན་མངོན་གསལ་རེད། 2023 ལོ་ནས་བཟུང་རི་སེར་གྲོང་རྡལ་གྱི་ཉེན་རྟོག་པ། ཉེས་དོན་ཉེན་རྟོག་པ། བདེ་འཇགས་ཉེན་རྟོག་པ་བཅས་ཐད་ཀྱི་གནས་ཚུལ་ཇེ་ཉུང་དུ་ཕྱིན་པ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་བདེ་འཇགས་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན།

མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་དང་མང་ཚོགས་ཀྱི་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས་ན། རྩ་འཛུགས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དང་། ལས་ཀའི་འགན་འཁྲི་མཐུན་སྦྱོར། ཐོན་ཁུངས་ཀྱི་སྟོབས་ཤུགས་སྡེབ་སྒྲིག་བཅས་བྱ་དགོས་ལ། དེ་ལྟར་བྱས་ན་ད་གཟོད་གཞི་ནས་མི་དམངས་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་གཅོད་ལ་ནུས་པ་གང་ལེགས་འདོན་ཐུབ་པ་དང་། བདེ་འཇགས་སྔོན་འགོག་དང་ཚོད་འཛིན་སྐོར་གཡེང་སོགས་ལས་དོན་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་ཡང་འདོན་སྤེལ་བྱ་ཐུབ།

རྒྱུད་རིམ་ལྡན་པའི་བསམ་གཞིགས་དང་། ཕྱོགས་བསྡུས་ཇུས་འགོད། མཉམ་ཤུགས་མཉམ་འདོན་བཅས་རྒྱུན་འཁྱོངས་བྱས་ཏེ། “རྡུང་རྡེག་དང་སྔོན་འགོག དོ་དམ། ཚོད་འཛིན། དར་སྤེལ། སློབ་གསོ”བཅས་གནས་དྲུག་གཞི་གཅིག་གྲིལ་བའི་མ་ལག་འཛུགས་སྐྲུན་གྱིས་རམ་འདེགས་བྱས་ནས་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་གྱི“སྤྱི་ཁོག་གཅིག་དང་ཆ་ཤས་དྲུག”གི་བྱ་བའི་ཇུས་གཞི་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། དམངས་དམག་དང་། གྲོང་ཚོའི་ཉེན་རྟོག་པ། དུས་བདེའི་དང་བླངས་པ། སྡེ་ཁུལ་གྱི་ལས་བྱེད་མཁན། མང་ཚོགས་ཀྱི་འགོག་བཅོས་དཔུང་ཁག་སོགས་ཆེད་ལས་ཅན་དང་། ལས་རིགས་ཅན། སྤྱི་ཚོགས་ཅན་བཅས་ཀྱི་སྟོབས་ཤུགས་དར་སྤེལ་ཆེན་པོ་གཏོང་དགོས་གསལ་པོ་བཏོན། ལོ་གཅིག་རིང་གི་འབང་འབུངས་བརྒྱུད། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གནས་བབ་གསར་བའི་འོག་གི་མཉམ་འགོག་མཉམ་བཅོས་བྱ་བའི་ནང་རྐྱེན་གསར་བ་དང་དཔེ་དབྱིབས་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མཉམ་འགོག་མཉམ་བཅོས་བྱ་བ་དངོས་ལ་འཕེལ་རྒྱས་བྱུང་།

“སྲིད་དོན་སྐྱོང་བའི་གནད་འགག་ནི་དམངས་བདེ་ལ་ཐུག་ཡོད”།  རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་འགལ་བ་དང་རྩོད་གཞི་སྣ་མང་ཅན་སེལ་འདུམ་བྱེད་པའི་ལས་སྟེགས་བཏོད་པར་མུ་མཐུད་སྐུལ་འདེད་གཏང་བར་སྣེ་ཁྲིད་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་གསར་གཏོད་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་དེ། བདེ་འཇགས་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།