
འདས་ཟིན་པའི་ལོ་གཅིག་རིང་མཚོ་སྔོན་གྱིས་བྱས་རྗེས་གསར་པ་བཏོད་པ་དང་། སྲིད་ཇུས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཕན་ནུས་གསར་པ་བཏོན་ཏེ། “ས་གནས”འཛུགས་སྐྲུན་གྱིས་འགྲན་ལམ་གསར་པ་བཏོད་པ། སྒྱུར་བཅོས་སྒོ་འབྱེད་ཐོག་ནས་གསོན་ཤུགས་གསར་པ་འཕེལ་བ། དམངས་ཚིས་ལ་ཕན་པ་གསར་པ་ཐོབ་པ། སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་གོམ་སྟབས་བརྟན་པོ་སྤོས་པ་རེད།
ལོ་གསར་པའི་ནང་མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་མཉམ་འདྲེས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས་ཀྱི“ས་ཆ་བཞིའི”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་བརྩམས་ཡོད།













