མཚོ་སྔོན་གྱིས་རི་སྐྱེས་སྲོག་ཆགས་མ་ལག་ཅན་གྱི་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་ཀྱི་ལེགས་ཆ་བསྐྱར་དུ་གཏོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  མཚོ་སྔོན་གྱིས་ལམ་ལུགས་ཀྱིས་སྒྲིག་སྲོལ་བཟོ་བ་དང་། ལམ་སྲོལ་གྱིས་རྨང་གཞི་འཛུགས་པ། བྱེད་ཐབས་ཀྱིས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་འདེགས་སྐྱོར་དུ་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་དེ་བཞིན་འཚོ་ཁུལ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྲུང་སྐྱོང་དོ་དམ་དང་། བསྡུ་ཉར་རོགས་སྐྱོབ། ཕྱི་རོལ་དུ་གློད་པའི་ཕྲེང་ཐག་ཡོངས།  ཡུན་རིང་ཕན་ནུས་ལྡན་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅོས་སྐྱོང་མ་ལག་བཙུགས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ལེགས་ཆ་བསྐྱར་དུ་བཏོད་ཡོད། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱས་པ་ལྟར་ན། ཟླ9པའི་ཚེས14ཉིན་བར་ཞིང་ཆེན་དེ་ཡོངས་སུ་འདབ་ཆགས་རིགས9ཡི་ཟིན་ཐོ་གསར་དུ་བསྣན་ནས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་རིགས13དང་གནས་སྤོས་ཆུ་བྱ་རིགས97གྱི་ཁྱུ་ཚོགས་ཀྱི་གྲངས་འབོར་དང་ཁྱབ་ཚུལ་ཆོས་ཉིད་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། གསེར་གཟིག་དང་གངས་གཟིག་ཁེར་རྐྱང་ངོས་འཛིན་གྲངས་གཞི་ཕྱོགས་བསྡུས་བཟོས་པ་མ་ཟད། ཁྲུང་ཁྲུང་སྐེ་ནག་སོགས་དུས་བྱ་རིགས6གི་གནས་སྤོ་ལམ་བུ་དང་འཚོ་སྡོད་ཆོས་ཉིད་ཐོག་མར་གསལ་སྟོན་ཆ་ཚང་བྱས་ཡོད།

ཁྲིམས་སྐྱོང་ལ་བརྟེན་ནས་ལམ་ལུགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྲོལ་ཡིག》ནང་ལྟེ་བའི་དཀའ་གནད་ཆེན་པོ་བཞིར་དམིགས་ཏེ་སྐྱེ་དངོས་རིགས་སྲུང་སྐྱོང་དང་། འཚོ་སྡོད་ཁུལ་དོ་དམ་ཚོད་འཛིན། བསྡུ་ཉར་སྐྱོབ་སྐྱོབ། ཉེན་ཁ་སྔོན་འགོག་ཚོད་འཛིན། ཁྲིམས་འཛིན་ལྟ་སྐུལ་དོ་དམ། མི་དང་རི་སྐྱེས་སྲོག་ཆགས་ཞི་མཐུན་བཅས་ལ་ཁྱབ་པའི་ལམ་ལུགས་ཀྱི་སྒྲོམ་གཞི་ཆ་ཚང་ཞིག་བཙུགས་ནས་མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ས་གནས་ཀྱི་ཁྲིམས་འཛུགས་སྟོང་ཆ་སྐང་། སྐྱེ་ཁམས་ཁ་གསབ་བྱེད་སྟངས་གསར་གཏོད་དང་། སྐམ་སར་སྐྱེས་པའི་རི་སྐྱེས་སྲོག་ཆགས་ཀྱིས་མི་ལུས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པར་གཙོ་གནད་སྲུང་སྐྱོང་བྱེད་པའི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི་སྐམ་སར་སྐྱེས་པའི་རི་སྐྱེས་སྲོག་ཆགས་ཀྱིས་མི་ལུས་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པའི་འགན་བཅོལ་ཇུས་གཞི》བཏོན་ནས“སྲིད་གཞུང་གིས་འགན་བཅོལ་ཞུ་བ་དང་། འགན་སྲུང་སྐྱིན་ཚབ་སྤྲོད་པ། མང་ཚོགས《མཚོ་སྔོན་ཞིང་ཆེན་གྱི་སྐམ་སར་སྐྱེས་པའི་རི་སྐྱེས་སྲོག་ཆགས་བསྡུ་ཉར་མྱུར་སྐྱོབ་དོ་དམ་བྱེད་ཐབས》དུས་གཅིག་ཏུ་ལག་བསྟར་བྱས་ཏེ་མྱུར་སྐྱོབ་སྒྲིག་གཞིའི་ཐོབ་ཐང་དང་བརྒྱུད་རིམ་ཚད་ལྡན་སོགས་ཚད་གཞི་ཁག12ཁ་གསལ་བཟོས་ནས་བསྡུ་ཉར་མྱུར་སྐྱོབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱ་རྒྱུ་མངོན་འགྱུར་བྱུང་ཡོད།

མཉམ་འགུལ་ལམ་སྲོལ་ལ་བརྟེན་ནས་ལྟ་སྐུལ་དོ་དམ་གྱི་འགོག་སྲུང་འཛིང་རགས་དམ་ཟབ་བཟོས་ཏེ་ཞིང་ཆེན་དང་། གྲོང་ཁྱེར། ཁུལ། རྫོང་བཅས་རིམ་པ་གསུམ་གྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་ “རྒྱུན་རྣམ་ཅན་གྱི་སྐོར་ཞིབ+ཆེད་དོན་ཁྲིམས་འཛིན་རྡུང་རྡེག་གཏོང་བའི”རྣམ་པ་ཉིས་བརྩེགས་བརྒྱུད་ལོ་ལྔའི་ནང་རིམ་རྩིས་བྱས་ན་རི་སྐྱེས་སྲོག་ཆགས་ཀྱི་གྱོད་གཞི161ཞིབ་བཤེར་ཐག་གཅོད་བྱས་ནས་རི་སྐྱེས་སྲོག་ཆགས་ཀྱི་ས་ཁོངས་ཡོངས་དང་འབྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་བྱ་དགོས།

ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལ་བརྟེན་ནས་སྐྱེ་ཁམས་ཀྱི་གཞི་རྩ་གསལ་རྟོགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་41གི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། 《རོགས་རམ་རྫོང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་གནས་ཚུལ་མདོར་བསྡུས་དང་དཔེ་རིས་མེ་ལོང་》 བྱ་སྲེག་མགྲིན་པ་དམར་པོ་དང་བྱ་རྟ་དཀར་སོགས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྐྱེ་དངོས་རིགས་ལ་དམིགས་ནས་ཆེད་དོན་བརྟག་དཔྱད་བྱས་ཏེ་ལྟེ་བའི་སྐྱེ་དངོས་རིགས་ཀྱི་ཁྱུ་ཚོགས་ཀྱི་གནས་ཚུལ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་དགོས མིག་སྔར་ཕུའུ་ཧྲི་དགོ་བ་3700ལྷག་ཙམ་སླར་གསོ་བྱུང་བ་དང་དགོ་བ་ཁྲི་7ལྷག་ཙམ་བརྟན་པོ་བྱུང་ཡོད། གཟིག1200ལྷག་ཙམ་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8ལ་ཁྱབ་ཡོད་པ་མ་ཟད།རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཁྱབ་ཡུལ་མང་པོ་ཞིག་གསར་དུ་མང་དུ་ཕྱིན་ཡོད། ཁྲུང་ཁྲུང་སྐེ་ནག1200ལྷག་ཙམ་ནས2600ལྷག་ཇེ་མང་དུ་ཕྱིན་པ་དང་། བྱ་རྟ་དཀར་ཁྲི1ནས་ཁྲི1.9བར་ཇེ་མང་དུ་ཕྱིན་པ། མིད་པ་སེར་པའི་བྱ་སྲེག་དང་ངང་པ་ཆེན་པོའི་ལྟ་ཞིབ་ཚད་ལེན་གྲངས་འབོར1500དང་1300ལྷག་སོ་སོར་ཟིན་ཡོད།

གནད་ལ་འཁེལ་བའི་བྱེད་ཐབས་ལ་བརྟེན་ནས་མྱུར་སྐྱོབ་ནུས་པ་ཆེ་རུ་བཏང་སྟེ་བསྡུ་ཉར་མྱུར་སྐྱོབ་དང་། སྨན་བཅོས་བདེ་ཐང་སླར་གསོ། མི་ཐབས་ལ་བརྟེན་ནས་ཕྲུ་གུ་གསོ་བ། རི་སྐྱེས་སྦྱོང་བརྡར། ཕྱིར་གཏོང་ལྟ་ཞིབ་ཚད་ལེན་བཅས་ཀྱི་འབྲེལ་ཐག་ཡོངས་ལ་ཁྱབ་པའི་གཟིག་བསྡུ་ཉར་མྱུར་སྐྱོབ་མ་ལག་སྔོན་ལ་བཙུགས་ནས《གཟིག་རྫས་འགྱུར་པའོ་ཏིང་བཀོལ་སྤྱོད་ལག་རྩལ་ཚད་གཞི》དེ་རྒྱལ་ཡོངས་ཀྱི་གཟིག་གི་སྦྲིད་སྨན་ཚད་གཞི་དང་པོར་གྱུར་ཡོད། བསྡུ་ཉར་མྱུར་སྐྱོབ་སྨན་བཅོས་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་དེ་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ལྟེ་གནས་འཛུགས་སྐྲུན་གྱི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། ཡུལ་ཤུལ་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལ་རང་ཞིང་ཆེན་གྱི་ཁྱབ་ཁོངས་དེའི་ཀྲུང་དབྱང་སྔོན་རྩིས་ནང་གི་རྣམ་གྲངས་མེད་པའི་ཚད་བརྒལ་མངོན་འགྱུར་བྱུང་བ། མཚོ་ནུབ་དང་། མཚོ་ལྷོ།  མགོ་ལོག་སོགས་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ལྟེ་གནས་ཀྱི་རྣམ་གྲངས་འཆར་འགོད་བྱེད་བཞིན་ཡོད་པས། ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་2དང་ཀྲོའུ་6ལ་ཁྱབ་པའི་རི་སྐྱེས་སྲོག་ཆགས་ཚད་ལྡན་ཅན་གྱི་བསྡུ་ཉར་སྲོག་སྐྱོབ་དྲ་རྒྱའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། མིག་སྔར་ཞིང་ཆེན་དེ་ཡོངས་སུ་རིམ་རྩིས་བྱས་ན་རི་སྐྱེས་སྲོག་ཆགས་རིགས་52དང་སྲོག་ཆགས459སྲོག་སྐྱོབ་བྱས་པ་དང་སྲོག་ཆགས་རིགས11དང་143ཕྱིར་གཏོང་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།