མདོ་ལ་རི་བོའི་སྐྱེ་ཁམས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་བཙུན་མོ་དམར་ཡག་པ་རི་བོའི་ལྗོངས་ཁུལ།

ཉེ་བའི་ལོ་ཤས་རིང་ལ་མདོ་ལ་རྫོང་གིས་རྒྱུན་མཐུད་ངང་བཙུན་མོ་དམར་ཡག་མ་རི་བོའི་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་ཕྱིན་པ་དང་། “མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་ཟོང་རྟགས་རིམ་སྤར་བྱེད་པར་རམ་འདེགས་བྱས།

ཐུན་མོང་མ་ཡིན་པའི་རྩྭ་ཐང་ཐོན་ཁུངས་དང་མཐོ་སྒང་གི་ཕྱུག་རིགས་ཀྱི་དགེ་མཚན་ལ་བརྟེན་ནས། མདོ་ལ་རྫོང་གིས་ཤུགས་ཆེན་པོས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་དང་། “མདོ་ལའི་འབྲོག་ལུག”དང“མདོ་ལའི་ནོར་ནག”སོགས་ཀྱི་གསེར་ཡིག་སྒོ་བྱང་སྔར་ལས་མིང་དུ་གྲགས་པར་གྱུར།

མདོ་ལ་རྫོང་ཨ་རིག་ཤང་མངའ་ཁོངས་ནས་པར་བླངས་པའི་རྫི་བོས་ཕྱུགས་འཚོ་བཞིན་པའི་ཚུལ།

མདོ་ལ་རྫོང་གིས་སྐྱེ་ཁམས་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལས་དོན་གང་ལེགས་སྒོས་སྤེལ་བས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་ཁྱུ་ཚོགས་བརྟན་བརླིང་ངང་རྒྱ་བསྐྱེད་པ་དང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར།

མདོ་ལ་རྫོང་གིས“མདོ་ལའི་ལྗོངས་རྒྱུ་ལམ་ཐིག9པ”གཞིར་བྱས་ནས།“འགྲིམ་འགྲུལ་དང་ཡུལ་སྐོར། རིག་གནས་དང་ཡུལ་སྐོར། ལུས་རྩལ་དང་ཡུལ་སྐོར། ཞིང་ལས་དང་ཡུལ་སྐོར”བཅས་ཀྱི་ཕྱོགས་བཞི་ནས་མཉམ་འདྲེས་བྱས་པས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་འཕར།

མཐོང་མདོག་གི་ནམ་མཁའ་དང་སྤྲིན་དཀར་གྱི་ཚོམ་བུ། ཡངས་ཤིང་རྒྱ་ཆེ་བའི་སྤང་ཐང་དང་རྔམ་བརྗིད་ལྡན་པའི་གངས་རིས་བསྐོར་པའི་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་གྱི་མཛེས་ལྗོངས།

ཨ་མྱེས་སྟོང་སོ་ལྗོངས་ཁུལ་རྒྱལ་ཁབ་ཀྱི5Aརིམ་པའི་ལྗོངས་ཁུལ་ཡིན་པའི་ངོས་ནས། གནས་དེ་ནི་མདོ་ལ་རི་བོའི་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན། ཚན་རིག་དང་མཐུན་པའི་ཇུས་འགོད་དང་ལྗང་མདོག་གསར་སྤེལ་བརྒྱུད། ལྗོངས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱུང་།

མདོ་ལ་རི་བོ་ལྷོ་རྒྱུད་ལྟེ་གནས་སུ་ཆགས་པའི་མདོ་ལ་རྫོང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་རྫོང་ཆེན་ཞིག་ཡིན། གནས་དེ་རུ་གངས་རི་དང་འཁྱགས་རོམ། བྲག་དམར། ནགས་ཚལ། རྩྭ་ཐང་། གྲོག་རོང་། བརླན་ས་བཅས་ཀྱི་དཔེ་མཚོན་ས་དབྱིབས་རིགས11འདུས་པས་མདོ་དབུས་མཐོ་སྒང་དུ་ཡོད་པའི་ཁྱད་འཕགས་ཀྱི་ཡུལ་ལྗོངས་ཁུལ་ཞིག་ཡིན་ལ། གནས་དེར་འཛམ་གླིང་ལངས་གཟུགས་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་ལྡན་པས་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་གཏོད་པའི་འདེགས་སྐྱོར་གནས་གལ་ཆེན་ཞིག་ཡིན།

མདོ་ལ་རྫོང་གི་ཐོ་ལི་གྲོང་རྡལ་གྱི་ཕྱུགས་རའི་ནང་རྒྱུ་བཞིན་པའི་རྐྱང་ཁྱུ།

མདོ་ལ་རྫོང་གིས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ལས་དོན་རྒྱུན་འཁྱོངས་ཀྱིས་རྒྱུན་མཐུད་ངང་རིག་གནས་ཡུལ་སྐོར་ཐོན་ལས་རྣམ་སྒྱུར་རིམ་སྤར་བཏང་བས། སྐྱེ་ཁམས་ཀྱི་མཛེས་བ་དེ“མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེས་མངོན་པར་གསལ་པའི་གྲུབ་འབྲས་སུ་འགྱུར་དགོས།

སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་མཐུན་སྦྱོར་བྱས་པ། མདོ་ལ་རྫོང་གིས་རྩྭ་ཕྱུག་དོ་མཉམ་ནན་སྲུང་གིས་སྐྱེ་ཁམས་སླར་གསོ་དང་རྩྭ་ཐང་དོ་དམ་སྲུང་སྐྱོབ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་སྲུང་སྐྱོབ་བྱེད་པའི་ལས་དོན་རིག་གནས་ཡུལ་སྐོར་སྦྲེལ་ཐག་ཧྲིལ་བོ་ནང་བཅུག རྒྱུན་མཐུད་ངང་སྐྱེ་ཁམས་གཞི་རྩ་ཇེ་བརྟན་དུ་བཏང་སྟེ་བྱང་གསུམ་རྣམ་གྲངས་དང་རྒྱལ་ཁོངས་ལྗང་སྒྱུར་སོགས་ཀྱི་ལས་གཞི་ལ་བརྟེན་ནས་སྐྱེ་ཁམས་སླར་གསོ་དང་ཁྱབ་ཁོངས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་བརྟན་བརླིང་དུ་བཏང་།

མདོ་ལ་རྫོང་གི་པད་ཁའི་མེ་ཏོག་གི་ཞིང་ཁམས་སུ་ཡུལ་སྐོར་པས་ལྗོངས་རྒྱུ་དང་པར་ལེན་བཞིན་པའི་ཚུལ།

རྫོགས་ལྡན་སྒེར་འཁོར་ལམ་ཐིག་དེ་རིམ་བཞིན་ཡུལ་སྐོར་པའི་གནས་མཆོག་ཏུ་གྱུར། “བྱང་སྒོ་ཆེན་མོའི”ཁྱབ་ཁོངས་ལེགས་ཆ་ལ་བརྟེན་ནས་མདོ་ལ་རྫོང་གིས་མཚོ་སྔོན་དང་ཀན་སུའུ་བསྐོར་ཐིག་འགྲུལ་རྒྱུན་མང་བའི་གོ་སྐབས་དམ་འཛིན་གྱིས“མདོ་ལའི་བྱང་ཕྱོགས·གཞུང་ལམ9བརྒྱུད་པའི”སྒེར་འཁོར་བསྐོར་ཐིག་རྩེ་གྲ་གཏོད། བསྐོར་ཐིག་དེས་ལྟེ་གནས་ལྗོངས་ཁུལ12སྦྲེལ་མཐུད་བྱས་ཡོད་པ་མ་ཟད། མཚོ་སྔོན་དང་ཀན་སུའུ་བསྐོར་ཐིག་ཁྲོད་ཁེར་རྐྱང་གི་བསྐོར་ཐིག་ཆུང་ཆུང་རྩེ་གྲ་ཞིག་བསྐྲུན། ཡུལ་སྐོར་པའི་དགོས་མཁོ་དང་བསྟུན་ནས་འགྲམ་རྒྱུད་དུ་སྒེར་འཁོར་སྒར་ས་དང་རླངས་འཁོར་འདུག་ས། ཞབས་ཞུ་ས་ཚིགས། རིག་ལྡན་ཅན་གྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པས“མགྱོགས་འཛུལ་དལ་སྐོར”གྱི་ཞབས་ཞུ་མ་ལག་ཆགས་པ་རེད།

མདོ་ལ་རྫོང་གི་ཨ་མྱེས་སྟོང་སོ་ལྗོངས་ཁུལ།

སྐྱེ་ཁམས་ཡུལ་སྐོར་གྱིས་མི་དམངས་ཕྱུག་འགྱུར་རྫོང་སྟོབས་འབྱོར་དུ་བཏང་། མདོ་ལ་རྫོང་གིས་རྒྱུན་མཐུད་ངང་སྐྱེ་ཁམས་ཡུལ་སྐོར་ལ་ཤུགས་སྣོན་ནས་སྐྱེ་ཁམས་ལྗོངས་གཟིགས་དང་སྒེར་འཁོར་རོལ་མྱོང་། གྲོང་གསེབ་སྤྲོ་གསེང་གཏིང་ཟབ་མཉམ་འདྲེས་བྱས་པ་དང་། རིག་གནས་ཡུལ་སྐོར་ལ་བརྟེན་ནས་རྫོང་ཁོངས་དཔལ་འབྱོར་གྱི་ནུས་བ་རྒྱུན་མཐུད་ངང་འབུར་དུ་ཐོན། བསྡོམས་རྩིས་ལྟར་ན། ཟླ8པའི་ཚེས11བར་དུ་ད་ལོར་རྫོང་ཡོངས་ཀྱིས་ཡུལ་སྐོར་པ་ཁྲི203.88སྣེ་ལེན་བྱས་པ་དང་ཡུལ་སྐོར་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར13.48ལས་བརྒལ་བས་དུས་མཉམ་འཕར་ཚད་ཆ་སྙོམས་ཀྱིས་གནས་གཉིས་གྲངས་ལས་བརྒལ་བ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།