གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྔར་ལས་ལེགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

པར་འདི་ནི་མཚོ་སྔོན་རོང་པོ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དུ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣས་ཁྲུང་ཁྲུང་སྐེ་ནག་ལ་ལྟ་ཞིབ་ཚད་འཇལ་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་མཚོ་སྔོན་པོའི་གསེར་ཉ་རེད།

པར་འདི་ནི་མཚོ་སྔོན་འབྲི་སྟོད་དུ་ས་གནས་འབྲོག་པ་མང་ཚོགས་ཀྱི་སྙིགས་རོས་ལག་རྩལ་ཐོན་རྫས་བཟོས་པའི་ཚུལ་རེད།

པར་འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་རོགས་སྐྱོབ་ཐེབས་པའི་གཙོད་རི་ཞིབ་མི་སྣའི་རྗེས་སུ་དེད་པའི་ཚུལ་རེད།

པར་འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུ་འབྱུང་ཡུལ་དུ་སྐྱེ་ཁམས་དོ་དམ་མི་སྣས་ཆུ་འགྲམ་ནས་གད་སྙིགས་གཙང་སེལ་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུ་གླིང་ཁུལ་གྱི་མཛེས་ལྗོངས་ཡིན།

དབྱར་ཟླ་བདུན་པ་ནི་མཚོ་སྔོན་གྱི་ཆེས་མཛེས་པའི་དུས་ཚིགས་ཡིན། གཙང་གསུམ་འབྱུང་ཡུལ་བསྐྱོད་པའི་ལམ་བར་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་པ་དང་། ཐག་ཉེ་ས་མཚོ་དང་མཚེའུ། རྒྱང་ཐག་རིང་ས་གངས་ལྗོངས་དང་སྤང་ཐང་ཡིན། སྐབས་རེར་འདབ་ཆགས་བྱ་ཡི་ཁྱུ་ཚོགས་བར་སྣང་ནས་འཕུར་བས་མི་ལ་ངོ་མཚར་མཛེས་བ་བསྐྲུན།

ཉིན་གུང་རྗེས་སུ་མཚོ་སྔོན་པོའི་ལྟེ་བའི་མཚོ་མོའི་རླན་ས་ལྷ་མོ་གཞོངས་སུ་མཚོ་རླངས་འཕྱུར་ཞིང་། ལྷ་མོ་གཞོངས་ནི་མཚོ་སྔོན་པོའི་གསེར་ཉ་མང་ས་ནང་གི་གཅིག་ཡིན། མཚོ་སྔོན་པོའི་གསེར་ཉ་ལ་ཙོང་ཉ་ཡང་ཟེར། ལོ་རེའི་ཟླ5བ་ནས8པར་ཉ་མོ་ཁྲི་ཁྲི་འབུམ་འབུམ་མཚོ་སྔོན་པོའི་ཆུ་རྒྱུན་གྱེན་ལྡོག་བརྒྱུད་དེ་རྐྱལ་ནས་འོམ་བུ་ཆུ་བོ་དང་ལྷ་མོ་གཞོངས་སའི་ཚྭ་མེད་ཆུ་ཁུལ་དུ་སྒོ་ང་གཏོང་པས“ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཡི་ངོ་མཚར་ཚེ་སྲོག་གྲུབ། “ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་བཟུང་ནས་གསར་སྤེལ་ལས་དོན་སྤེལ་བཞིན་མེད”ཅེས་ལྷ་མོ་གཞོངས་ལྗོངས་ཁུལ་གྱི་ཅིང་ལི་ལི་ཡོན་གྱིས་ཡུལ་དེ་ནས་ལོ15རིང་ལ་ལས་དོན་བསྒྲུབས་པས་འགྱུར་ལྡོག་དེ་བདེན་དཔང་བྱས། ད་ལྟ། མཚོ་སྔོན་པོའི་གསེར་ཉ་ཏུན་ཁྲི13.3ཟིན་པ2002ལོའི་སྲུང་སྐྱོབ་ལས་མགོ་དང་བསྡུར་ན་ལྡབ51འཕར་ཡོད། དགོ་བའི་གྲངས་འབོར2004ལོའི300ནས་ད་ལྟའི3700ལ་སླེབས། 

མཚོ་སྔོན་གྱི་སྐྱེ་ཁམས་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་དེ་མི་རབས་ནས་མི་རབས་ལ་སྲུང་སྐྱོང་བྱས་པར་རག་ལས་ཡོད།

“འབྲི་ཆུའི་ཁུགས་སོ་དང་པོ”ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་དུ་ཡོད། ཆུ་གཞུང་ཡངས་ཤི་རྒྱ་ཆེ་ལ་གཙང་ཆུ་ཀྱག་ཀྱོག་ཡིན། གུང་ཟས་རྗེས་སུ་འབྲི་སྟོད་རྫོང་བྲག་དཀར་ཤང་འབྲི་སུལ་གྲོང་ཚོའི་ཏང་ཀྲུའུ་པུའུ་ཧྲུའུ་ཅིའམ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དོན་འགྲུབ་བུན་རྒྱལ་གྱིས་གད་སྙིགས་ཀྱི་ཁུག་མ་བཟུང་ནས་སྒོ་ཕྱི་རོལ་དུ་བསྐྱོད་དེ་འབྲི་ཆུ་འགྲམ་རྒྱུད་བརྒྱུད་གད་སྙིགས་འཐུ། “གཙང་གསུམ་འབྱུང་ཡུལ་ལ‘ཀྲུང་ཧྭའི་ཆུ་ལྕོག’ཅེས་འབོད་པས། གལ་ཏེ་ང་ཚོས་འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་མ་བྱས་ན། འབྲི་ཆུའི་སྨད་རྒྱུད་ཀྱི་མི་ཚོར་འགན་སྲུང་མི་ཐུབ”ཅེས་བཤད། ཁོས་ད་དུང་བཤད་རྒྱུར། “མདོ་དབུས་མཐོ་སྒང་དུ་ང་ཚོས་སྐྱེ་ཁམས་སྲུང་སྐྱོང་ཐད་རང་གི་ཤུགས་འདོན་འདོད་ཡོད”ཟེར།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་ང་ཚོ་མིག་མདངས་གསལ་ཞིང་འཛམ་མདངས་རྣམ་དག་གི་རི་ཞིབ་ལས་དོན་མི་སྣ་སྐོར་ཞིག་དང་འཕྲད། ཀྲན་ཀྲང་ཚེ་བསོད་རྒྱལ་ད་ལོར་ལོ30སོན་པ་དང་ཡུལ་དེ་ནས་ལས་དོན་བསྒྲུབས་ཏེ་ལོ་ངོ11འགོར། ཁོས་ང་ཚོར་བཤད་རྒྱུར། རི་ཞིབ་ལས་དོན་དཀའ་སྡུག་ཆེ་ལ། སྐབས་རེར་རླངས་འཁོར་ཆག་སྐྱོན་བྱུང་བ་དང་འདམ་ནང་དུ་ལྷུང་བའི་དུས་ཀྱང་ཡོད། “དགོང་མོ། སྤྱི་ལེ་ཁྲི4.5ཡི་གནས་སུ་ང་ཚོ་མི་དྲུག་བདུན་ཙམ་མ་གཏོགས་མེད། རང་གི་སྙིང་ལྡིང་བའི་སྒྲ་ཡང་ལྷག་ཏུ་གསལ་བས་འཇིགས་སྣང་སྐྱེས་པ་ཞིག་རེད། ཡིན་ཡང་མི་རབས་སྔོན་མས་ཆ་རྐྱེན་དེ་འདྲའི་འོག་ཀྱང་ལས་དོན་རྒྱུན་འཁྱོངས་སྤེལ་བས་ང་ཚོས་ཁོ་ཚོས་བཞག་པའི་རྒྱུ་ནོར་རྩ་ཆེན་དེ་དོར་མི་རུང”།

སྲུང་སྐྱོབ་ས་ཚིགས་ཀྱི་རྒྱབ་ཕྱོགས་ནུ་སྨི་གྲུ་བཞི་མ20ཅན་གྱི་ཁང་ཆུང་ཞིག་ཡིན། དེ་ནི“གཙོད་ཕྲུག་གཉོར་སྐྱོང་ཁང”ཡིན། ལོ་རེར་གཙོད་ཁྱི་ཡིས་གཙོད་ཕྲུག་བཙས་བའི་རྗེས་སུ་ཁྱུ་ཚོགས་རྗེས་སུ་ལུས་པའི་གཙོད་ཕྲུག་གནས་དེར་སྐྱེལ་བ་དང་། རི་ཞིབ་རུ་ཁག་གིས་དེ་དག་འོ་མས་གསོས་ནས་བདག་སྐྱོང་བྱས་རྗེས་མནར་སོན་པ་ན་ཕྱི་རོལ་དུ་བཏང་བ་ཡིན།

མི་རབས་ནས་མི་རབས་བར་གྱི་ལང་ཚོ་གཙང་གསུམ་འབྱུང་ཡུལ་ས་གཞི་ཆེན་མོ་རུ་བྲིས་ཏེ་སྲུང་སྐྱོབ་ཉིན་ནས་ཉིན་གྱི་ས་སྲོད་དང་ཞོགས་པར་ཕུལ། མིག་སྔར་གཙང་གསུམ་འབྱུང་ཡུལ་དུ་སྐྱེ་དངོས་དང་སྲོག་ཆགས་མཉམ་དུ་གནས་པའི་རྣམ་པ་ཤར་པ་དེ་ནི་ས་གཞི་ཆེན་མོ་འདིས་ཆེས་སེམས་འགུལ་ཐེབས་པ་དང་ཆེས་སྙིང་ཉེ་བའི་གཏམ་རྒྱུད་ཡིན། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།