2026ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བ། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག2025ལོ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལས་ཀའི་བསམ་ཕྱོགས་ཞིབ་འཇུག་དང་ཇུས་མགོད། 2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མགོ་ཚུགས་ཡག་པོ་མངོན་འགྱུར་བྱ་ཆེད་ཁ་ཕྱོགས་གཏན་འཁེལ་བྱས།

ཚོགས་འདུའི་ཐོག་བསྟན་དོན། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་མགོ་མཇུག་འགྲིལ་བའི་ལོ་ཡིན་པའི་ངོས་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་མངོན་གསལ་དོད་པའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ནས་བཅོས་སྒྲིག་དམ་འཛིན་ནན་པོ་བྱས་པ་དང་སྦགས་བཙོག་མགོག་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་བས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ཁྲོད་ལེགས་སུ་ཕྱིན་པ་དང་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མུ་མཐུད་མཐོ་རུ་ཕྱིན་ཡོད། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྱི་ཚུར་ལན་གནད་དོན་བརྒྱ་ཆ94.2བཅོས་སྒྲིག་ལེགས་གྲུབ་བྱུང་བ་དང་སྤོ་བསྒྱུར་ཞུ་ཡིག་ཚང་མ་ཐག་གཅོད་བྱས་པ། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད97.9%ལ་སླེབས་པ་དང་། PM2.5གར་ཚད་སྨི་སྨི་རེར་ཝེ་ཁེ18.6བར་ཆག་པ། ས་ངོས་ཆུའི་རྒྱལ་ཁབ་ཀྱི་རྒྱུགས་ལེན་བཅད་ངོས་ལེགས་པའི་བསྡུར་ཚད་ལོ་ལྔ་བསྟུད་མར100%རྒྱུན་འཁྱོངས་བྱས་པ། ཧོང་ཧྲུའེ་ཆུ་བོ་ཞིང་ཆེན་གྱི་ས་མཚམས་ནས་ཐོན་པའི་བཅད་ངོས་ཀྱི་ལོ་རེའི་ལོ་རེའི་ཆུ་སྤུས་རིགསⅡཔར་སླེབས་པས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་གྱིས་རྒྱལ་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་དོ་དམ་སྲིད་ཇུས་ཡིག་ཆ་མང་པོ་སྔོན་ལ་བཏོན་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་མ་དངུལ་སྒོར་དུང་ཕྱུར16.89བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཀྱིས་བརྒྱབ་པའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྦགས་བཙོག་དངོས་པོ་གཙོ་བོའི་སྤྱི་འབོར་ཉུང་གཏོང་གི་དམིགས་ཚད་ལོ་གཅིག་སྔ་སྣུར་དུ་ལེགས་འགྲུབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དང“རི་གཉིས་པའི”ལག་ལེན་གསར་གཏོད་རྟེན་གཞི་འཛུགས་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ལ་ཕྱིར་མིག་བལྟས་ན། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལམ་ཚད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། སྦགས་བཙོག་མགོག་བཅོས་ཀྱི་འགག་སྒྲོལ་གྲུབ་འབྲས་ལ་རྒྱལ་ཁབ་ཀྱི་ཕུལ་བྱུང་རིམ་པ་ཐེངས་མང་ཐོབ་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་མ་དངུལ་རིམ་རྩིས་བྱས་ནས་སྒོར་དུང་ཕྱུར139བརྩོན་ལེན་བྱས་པ་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ལྡབ་བཞི་ཙམ་ཟིན་པ། ནུས་ཁུངས་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་དང་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་“བྱེད་པོ་གཉིས”སྔོན་ལ་མངོན་འགྱུར་བྱུང་བ་དང་། རྫོང་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གཞི་རྩའི་ཐོག་ནུས་རྒྱུ་གཙང་མ་ཅན་མངོན་འགྱུར་བྱུང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་བརྟན་པོའི་ངང་མཐོར་འདེགས་བྱུང་བ། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཤེས་རིག་གི་འདུ་ཤེས་སྔར་ལས་མི་སེམས་སུ་གཏིང་ཟབ་ཏུ་ཟུག་ཡོད།

2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་བརྩམས་ལོ་ཞིག་ཡིན་པའི་ངོས་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རིམ་པ་དང་རིགས་དབྱེ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་བསྐྲུན་རྒྱུ་དང་། ནམ་མཁའ་དབྱིངས་དང་། ཆུ་གཙང་བ། ས་གཙང་སྲུང་སྐྱོབ་དམག་འཐབ་དང་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྦགས་བཙོག་མགོག་བཅོས་ཀྱི་འགག་སྒྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཁྲིམས་འཛིན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། གནད་དོན་བཅོས་སྒྲིག་དང་ཨང་གྲངས་ཕྱིར་འཚོང་བྱེད་པའི་སྤུས་ཚད་ཀྱི་འགག་སྒོ་དམ་འཛིན་ནན་པོ་བྱས་ཏེ། ཚྭ་མཚེའུ་རྫས་འགྱུར་བཟོ་ལས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་རྩ་བཅོས་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཁོར་ཡུག་གདེང་འཇོག་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། “མཐོ་གཉིས་དམའ་གཅིག”རྣམ་གྲངས་ཆོག་འཐུས་ནན་པོ་བྱས་ཏེ་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྲུན་ནང་ཧུར་ཐག་མཉམ་འདྲེས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་སྔོན་མགོག་དང་སེལ་ནུས་ལྡན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ལྟ་སྐུལ་དོ་དམ་དང་། ཁོར་ཡུག་འཕྲལ་སྡོམ་ནུས་པ་འཛུགས་སྐྲུན། ཉིང་རྡུལ་དང་འགྱེད་འཕྲོ་བདེ་འཇགས་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་པ། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། “མཁའ་དབྱིངས་དང་ས་གཞི་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས“དུས་དང་རྣམ་པ་ཀུན་ཏུ་སེམས་རྣལ་དུ་ཕབ་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའ་བརྟན་པོར་སྲུང་དགོས་པ་དང་། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་སྦགས་བཙོག་བཅོས་སྐྱོང་བྱེད་ཕྱོགས་སུ་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་ལ་སྔར་བས་མཐོང་ཆེན་བྱས་ཏེ་སྐྱེ་ཁམས་གི“ལྗང་མདོག་འདུས་ཚད”ལ་བརྟེན་ནས་འཕེལ་རྒྱས་ཀྱི་“གསེར་གྱི་འདུས་ཚད”འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། རིམ་པ་ཁག་དང་སྡེ་ཁག་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དམ་ཟབ་བྱེད་དགོས་པ་དང་། ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་སེམས་ཤུགས་གཅིག་སྒྲིལ་དང་། དངོས་སྒྲུབ་བྱས་ནས་སྔོན་ལ་བརྩོན་ལེན་བྱས་ཏེ། 2026ལོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་ཆེད་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།