[གྲོང་གསེབ་དར་སྤེལ།]“འདེབས་གསོ་དང་ལས་སྣོན་ཕྱིར་ཚོང”གི་སྦྲེལ་ལྔའི་མཉམ་འགུལ་དང་ཚོང་ལས་གཉེར་སྟངས་ལ་ལྟ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉི་ཟླ་རི་བོའི་གཤམ་དུ་ནོར་ལུག་གིས་ཁེངས།དབྱར་ཚུགས་ཟིན་ཡང་ས་བབ་མཐོ་ཚད་སྨི་3300ཡོད་པའི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཤང་གི་ཁྲ་ཧྲི་ལང་གྲོང་ཚོར་གཞི་ནས་དཔྱིད་ཀྱི་རྣམ་པ་ཞིག་ཆགས་ཡོད།ས་བབ་མཐོ་བ་དང་གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་དེ་གའི་མི་རྣམས་ཀྱིས་ནོར་ལུག་གསོ་ཚགས་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད།རི་ཁུལ་ནས་ཐོན་པའི་ནོར་ལུག་གི་ཤ་སྤུས་ལེགས་ཀྱང་འགྲན་རྩོད་ཆེ་བའི་ཁྲོམ་རའི་ནང་ཚད་བརྒལ་ཆེན་པོ་བྱེད་དཀའ།

དྭངས་གཙང་གི་ཆུ་འགོ་དང་།རང་བྱུང་གི་འབྲོག་ར།སྦགས་བཙོག་མེད་པའི་ཁོར་ཡུག་སོགས་ཚང་མས་སྐྱེ་ལྡན་འབྲོག་ལས་འཕེལ་རྒྱས་གཏོང་བར་རང་བྱུང་གི་འཚོ་བཅུད་མཁོ་འདོན་བྱེད་ཀྱི་ཡོད།2017ལོར་མཚོ་སྔོན་པོ་ཡེ་ཞིང་འབྲོག་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་སྲོལ་གཏོད་པ་དབྱང་ཧྲུན་ཀོང་གིས་ས་གཞི་དེའི་ཐོག་དམིགས་ནས་ཞའོ་ཁྲ་ཧྲི་ལང་གྲོང་ཚོར་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་གདམ་ག་བྱས་པ་དང་།དེ་ནི་ཁྲ་ཆུང་ཧྲི་ལང་གྲོང་ཚོར་གནས་པས་ཐོན་རྫས་སྤུས་རྟགས་ཀྱི་མིང་དེ“ཇ་ཆུང་འབྲོག་ར”ཞེས་པའི་མཚན་ཉིད་བཞག་ཡོད།དུས་དེ་ནས་བཟུང་མཚོ་བོད་ས་མཐོའི་ལུང་ཤུར་དུ་དེང་རབས་འབྲོག་ལས་འཕོ་འགྱུར་ཞིག་གིས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ཀྱི་ཁྱབ་ཁོངས་བསྐྱར་དུ་གཏོང་བཞིན་ཡོད་པ་རེད།

ལོ་བརྒྱད་གོང་ཁེར་རྐྱང་དུ་འཐབ་རྩོད་བྱེད་པའི་སྲོལ་རྒྱུན་འདེབས་འཛུགས་གསོ་ཚགས་ཁེ་ལས་ཤིག་ནས་ད་ཆའི་དེང་རབས་ཅན་གྱི་འདེབས་འཛུགས་གསོ་ཚགས་དང་།ལས་སྣོན་ཞིབ་ཚགས།ཞིང་འབྲོག་རིག་གནས་ཡུལ་སྐོར་བཟོ་གྲྭ་བཅས་བར་དང་།“ས་ཆུ་དང་འཕྲོད་པ”ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་ཉེ་ཆར་གསར་འགོད་པས་ཞའོ་ཁྲ་ཧྲི་ལང་གྲོང་ཚོའི་མཚོ་སྔོན་པོ་ཡེ་ཞིང་འབྲོག་ཀུང་སིར་ཁེ་ལས་འཚར་ལོངས་ཡོང་བའི་གསང་གྲངས་འཚོལ་ཞིབ་བྱེད་པར་བསྐྱོད།

ལྕགས་ཐག་ཧྲིལ་པོ་བཅད་ནས་ཕན་འབྲས་ཐོན་པ།

འབྲོག་ར་ནས་གསོལ་ཅོག་བར་གྱི་བར་ཐག་ཅི་ཙམ་ཡོད།

ཞོགས་པའི་ཆུ་ཚོད་ལྔ་པར་ས་བབ་མཐོ་ཚད་སྨི་3300ཡན་གྱི་རང་བྱུང་འབྲོག་ར་ནས་ཐོན་པའི་གཟན་རྩྭ་འབྲི་གཡག་དང་བོད་ལུག་བཤས་རར་བསྐྱལ་བ་དང་།སྔ་དྲོའི་ཆུ་ཚོད་བདུན་པར་བཤས་བཏང་ཚར་ནས་ཞའོ་ཁྲ་འབྲོག་ར་ཞིབ་ཚགས་ལས་སྣོན་བཟོ་གྲྭའི་སྐྱུར་ཕུད་ཁང་དུ་བསྐྱལ་བ་དང་།ཉིན་གཉིས་པའི་སྔ་དྲོའི་ཆུ་ཚོད་7པར།ཆུ་ཚོད་24རིང་སྐྱུར་ཆུ་ཕུད་རྗེས་ཀྱི་ནོར་ལུག་གི་ཤ་རྣམས་བགོ་བཤའ་ཞིབ་ཚགས་རྒྱག་འགོ་ཚུགས་ཤིང་།ཆུ་ཚོད་8དང་སྐར་མ་30ཡི་ཐོག་ཕྱིར་ཚོང་ས་ཚིགས་ཁག་ཏུ་བསྐྱལ་ནས་འབྲོག་ར་ནས་གསོལ་ལྕོག་ཐོག་གི་ཤ་ཚང་མ་བྲོ་བ་གསར་པ་ཞིག་ཡིན་པའི་འགན་ལེན་བྱས་ཡོད།

ཉེ་བའི་ལོ་ཤས་རིང་།ཇ་ཆུང་འབྲོག་ར་དེ་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས“འབྲོག་ར་ཆེན་པོར་བརྟེན་པ་དང་ཁྲོམ་ར་ཆེན་པོར་ཁ་ཕྱོགས་པའི”འཐབ་ཇུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད།མཚོ་བོད་ས་མཐོའི་ཤར་འདབས་ཀྱི་མུའུ་ཁྲི་བརྒྱའི་རང་བྱུང་འབྲོག་རའི་ཐོན་ཁུངས་ལ་བརྟེན་ནས“སྣོད་བཅུད་གསོ་ཚགས་དང་།ལས་སྣོན་ཞིབ་ཚགས།འཁྱག་སྦྲེལ་ཟོག་འགྲེམས་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་འཁོར་འབྲེལ་མ་ལག་ཧྲིལ་པོ་ཞིག་བསྐྲུན་ཡོད།ཚད་ལྡན་ཅན་གྱི་ཐོན་སྐྱེད་སྒྲིག་སྲོལ་དང་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཐུབ་པའི་མ་ལག་བཙུགས་པ་བརྒྱུད་སྤུས་ལེགས་ཀྱི་ཚགས་ཤ་དང་ལུག་ཤ་དང་དཀར་ཆུའི་ཐོན་རྫས་པེ་ཅིང་ནས་ཧྲང་ཧའེ་བར་གྱི་ཧྲེན་ཀྲེན་སོགས་ཀྱི་ཁྲོམ་རར་འདྲེན་རྒྱུ་རེད།

“མིག་སྔར་ང་ཚོའི་ནོར་ལུག་ལག་ཡོད་རྩྭ་ར་དང་གཙོད་འབྲོག་ར་བསྡོམས་ན་འབྲི་གཡག་མགོ་གྲངས་ཁྲི་1དང་བོད་ལུག་མགོ་གྲངས་ཁྲི་3ཡོད།དབྱར་སྟོན་འབྲོག་རར་གསོ་ཚགས་བྱེད་པ་དང་ས་མཐོའི་རང་བྱུང་རྩྭ་ར་སྤྱད་དེ་འབྲི་གཡག་དང་བོད་ལུག་ལོ་ཧྲིལ་པོར་རེས་བསྐོར་བྱས་ནས་ཤ་རྒྱུ་རང་བྱུང་དང་དྭངས་གཙང་ཡོང་བའི་འགན་ལེན་བྱེད་པ།དགུན་དཔྱིད་དུས་སུ་སྔོ་གཟན་སྙོལ་ནས་གསོ་ཚགས་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད”ཁེ་ལས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཧུང་ཀྲིས་གསར་འགོད་པར་ལས་སྣོན་ཞིབ་ཚགས་བྱས་པ་བརྒྱུད་འབྲི་གཡག་དང་བོད་ལུག་རེ་རེ་དབྱེ་བ་ཞིབ་ཚགས་བྱས་པ་བརྒྱུད་ཞིབ་ཚགས་ཅན་གྱི་ནོར་ལུག་གི་ཤ་བགོས་ཐོན་རྫས་སྣ་ཁ་50ཟིན་པ་དང་ལོའི་ཐོན་འབབ་ཏུན་1000ཟིན་པ་དང་དུས་མཚུངས་ཚགས་ཤ་དང་།ཚགས་ཤ་སྐམ་པོ།བོད་ལུག་ལག་ཤེས་ཀྱི་རྒྱུ་མ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་གསར་སྤེལ་བྱས་ནས་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་བསྐངས་ཡོད་ཅེས་བཤད།

སྲོལ་རྒྱུན་གྱི་ཐོན་སྐྱེད་ཁེ་ལས་ཀྱིས་མངགས་ཐོ་འཚོལ་བ་དང་ཚོང་ལམ་འཚོལ་སྐབས།“ཇ་ཆུང་འབྲོག་ར”མངག་ཉོ་བྱེད་ཚད་འཕར་བ་ལས་ཉུང་དུ་མི་འགྲོ་བའི་གདེང་ཚོད་དེ་འདྲ་གང་ནས་བྱུང་བ་ཡིན་ནམ།“རི་ཆུ་བཟང་པོས་རྩྭ་ཡག་པོ་གསོས་ནས་ནོར་ལུག་ཡག་པོ་གསོ་ཐུབ”“ཇ་ལོ་ཆུང་ངུ”ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3300ཡོད་པའི་ས་ཆ་དེའི་ཐོག་འབྲོག་ར་མུའུ་ཁྲི་3དང་འདེབས་འཛུགས་རྟེན་གཞི་མུའུ་2400ཡོད་པ་དེ་སྤུས་ལེགས་འབྲོག་ལས་ཐོན་རྫས་ཐོན་སྐྱེད་བྱེད་པའི་གདེང་ཚོད་ཆེ་ཤོས་སུ་གྱུར་ཡོད།

“སྣོད་བཅུད་ཐོན་ཁུངས་དེ་རིགས་ཇི་ལྟར་བྱས་ནས་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་དགོས་སམ”ཀྲང་ཧུང་ཀྲིས་ལས་གཏོད་བྱེད་འགོ་ཚུགས་མ་ཐག་ཁེ་ལས་ཀྱིས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་དམ་པོར་དམིགས་ནས་སྣོད་བཅུད་འབྲོག་ར་དང་འབྲི་གཡག་དང་ལུག་ཤ་ལས་སྣོན་རྟེན་གཞི་རྩེ་གྲ་བསྐྲུན་རྒྱུར་གཞོལ་ནས་སྤུས་ཚད་མཐོ་བའི་ནོར་ལུག་གི་ཤ་འགན་ལེན་བྱེད་པ་དང་།མཚོ་སྔོན་ས་མཐོའི་འབྲི་གཡག་དང་བོད་ལུག་ལེགས་འདེམས་བྱེད་པ།ལྟེ་བའི་ཕྱུགས་རིགས་ཁྱུ་བསྐྲུན་ནས་སྤུས་ཚད་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་ཆེད།རང་ཉིད་ཀྱི་གསོ་ཚགས་རྟེན་གཞི་ཕུད་ད་དུང་ཞིང་ཆེན་དེ་ཡོངས་ཀྱི་སྤུས་ལེགས་འབྲོག་ར་གནས་ཡུལ་དུ་བསྐྱོད་མཐར་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དང་།ཡུལ་ཤུལ་ཁུལ་ནང་ཆེན་རྫོང་།མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བཅས་བདམས་ནས་ཤ་ཤེད་རྒྱས་ཁུལ་དུ་བརྩིས་ཡོད།

ཞིང་འབྲེལ་གྱིས་ཞིང་པར་སྣེ་ཁྲིད་བྱས་ནས་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་པ།

ཞོགས་པའི་སྐྱ་རེངས་གསལ་ཞིང་ལྷིང་འཇགས་ཡིན།ཐག་རིང་རི་བོའི་ཐོག་བོད་ལུག་ཁྱུ་གཅིག་བག་ཕེབས་ངང་ཟས་འཚོལ་བཞིན་ཡོད་པ་དང་།ཁྲ་ཆུང་ཧྲི་ལང་གྲོང་ཚོའི་གྲོང་མི་ལི་ཧན་ལིན་གྱིས་སྔར་རྒྱུན་ལྟར་བྲེལ་འཚུབ་ཆེ་བའི་ཉིན་ཞིག་འགོ་ཚུགས།

ལོ་གཉིས་ནང་དཔྱིད་འདེབས་དང་སྟོན་འདེབས་ཀྱི་ཞིང་ལས་བྲེལ་བ་ཆེ་བའི་དུས་ཚིགས་སུ་ལི་ཧན་ལིན་ཁེ་ལས་རྟེན་གཞིར་ལས་ཀ་བྱེད་པར་ཡོང་གི་ཡོད་པ་དང་།ཁ་ལོ་བའི་ལག་རྩལ་ལ་བརྟེན་ནས་ཞིང་འཕྲུལ་གཏོང་མཁན་ཞིག་གི་ལས་ཀ་བྱེད་ཀྱི་ཡོད།“བྲེལ་བ་མ་ལངས་གོང་གི་ཟླ་བ་གཅིག་ལྷག་ཙམ་རིང་།འདི་ལོ་གཟན་རྩྭ་འདེབས་འཛུགས་ལས་དོན་སྤྱིར་ན་མཇུག་འགྲིལ་གྲབས་ཡོད་པ་དང་།ཁྱིམ་གྱི་ས་ཞིང་མུའུ་བཅུ་ལྷག་ཙམ་ཚང་མ་ཁེ་ལས་ལ་བརྒྱུད་བཤུག་བྱས་ཡོད་པས་རང་ཉིད་ཀྱིས་ད་དུང་ཁེ་ལས་སུ་ལས་ཀ་ཞིག་གཉེར་ཐུབ་ཀྱི་ཡོད་པས་ཧ་ཅང་བློ་ཡིད་ཚིམ་པོ་ཡོད”

དེ་སྔའི་ཕྱོགས་བཞིར་ལས་ཀ་ཙག་ཙིག་བྱེད་པ་ནས་ད་ཆའི་སྒོ་འགྲམ་དུ་ལས་ཞུགས་བྱེད་པའི་བར་ཉི་ཟླ་ཤང་ཆན་ཐང་གྲོང་ཚོའི་གྲོང་མི་མཱ་ཅིན་ལན་གྱིས་ཀྱང་ལས་ཀ་ཞིག་བྱས་པའི་དབང་གིས་བརྟན་པོའི་བདེ་སྐྱིད་ལྡན་པའི་ཚོར་སྣང་བྱུང་ཡོད།“ས་ཞིང་བརྒྱུད་བཤུག་བྱས་ནས་བོགས་དངུལ་བསྡུ་བ་དང་ཁེ་ལས་ཀྱི་ལས་མིར་གླ་ཆ་རག་ཐབས་བྱེད་པས་བརྟན་པོ་ཡོད”མཱ་ཅིན་ལན་ཡང་ཁེ་ལས་ཀྱི་ལས་མི་མི་སྣའི་གྲས་ཤིག་ཡིན་པ་དང་།དུས་རྒྱུན་དུ“ཇ་ཆུང་འབྲོག་ར”གི་ཁྱིམ་ཚང་གཙང་སྦྲ་དང་མགྲོན་ཁང་ཞབས་ཞུའི་ལས་དོན་གྱི་འགན་འཁུར་གྱི་ཡོད།“ཟླ་རེར་ཡོང་འབབ་སྒོར་3500ཡོང་གི་ཡོད།ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱེད་ཀྱི་ཡོད་པས་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་ལ་གང་སར་ལས་ཀ་བཙལ་ནས་ལས་ཀ་བྱེད་མི་དགོས་པར་འཚོ་བ་སྐྱིད་པོ་སྐྱེལ་གྱི་ཡོད”

གྲོང་མིའི“བརྟན་ལྷིང་གི་བདེ་སྐྱིད་ཚོར་སེམས”ནི“ཇ་ཆུང་འབྲོག་ར”སྤྱད་པའི“ཁེ་ལས་དང་མཉམ་ལས་ཁང་།ཁྱིམ་ཚང་འབྲོག་ར་བཅས་ཟུང་དུ་འབྲེལ་བའི”མཉམ་ལས་བྱེད་སྟངས་ལས་བྱུང་བ་ཞིག་རེད།ཉེ་བའི་ལོ་ཤས་རིང་ཁེ་ལས་ཀྱིས་འབྲོག་ལས་ཐོན་ལས་སྦྲེལ་ཐག་ཏུ་བྱས་ཏེ་ཞིང་འབྲེལ་ཞིང་ལས་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་འཚོལ་ཞིབ་ཧུར་ཐག་དང་འཐུས་སྒོ་ཚང་དུ་བཏང་ནས་མངགས་ཐོའི་ཞིང་ལས་དང་མ་མཐའི་ཉོ་སྒྲུབ་སོགས་ཀྱི་བྱ་ཐབས་བརྒྱུད་འབྲི་གཡག་དང་བོད་ལུག་ཕྱིར་ཚོང་ཐབས་ལམ་བརྟན་པོ་ཡོང་བ་དང་།ཁེ་ལས་དང་ཞིང་དུད་དབར་གྱི་གཅིག་མཐུན་འདུས་གྲུབ་བཏོད་དེ་ཐོན་ལས་འཕེལ་རྒྱས་དང་གྲོང་མིའི་འབབ་འཕར་གཉིས་ཀ་མཐོ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད།

“ང་ཚོས་དེ་མཚུངས་ཀྱི་རྨོ་ཞིང་དང་རྩྭ་ར་ཁེ་ལས་ལ་བརྒྱུད་བཤུག་བྱས་པས་ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་གཏོང་ཐུབ་པ་མ་ཟད།གྲོང་མི་ཚོས་བློ་བདེ་པོའི་ངང་ཕྱིར་ལས་ཀ་བྱེད་ཆོག་པ་དང་ཆབས་ཅིག་ངལ་རྩོལ་ནུས་ཤུགས་ཁག་གཅིག་བསྡུས་ནས་གྲོང་མི་ཚོ་སྒོ་རྩར་ལས་ཞུགས་འབབ་འཕར་ཡོང་བ་བྱེད་ཐུབ”ཞའོ་ཁྲ་ཧྲི་ལང་གྲོང་ཚོའི་ཀྲུའུ་རེན་ལུའོ་ཧའེ་ཡུན་གྱིས་གསར་འགོད་པར་2017ལོ་ནས་བཟུང་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་མ་དངུལ་སྒོར་ཁྲི་40ཁེ་ལས་ལ་བཏང་ནས་ལོ་ལྟར་ཁེ་སྤོགས་བགོ་བཤའ་རྒྱག་ཚད་10%ཟིན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུར་སྤྱོད་ཀྱི་ཡོད།

“ཁེ་སྤོགས་བགོ་བཤའ་རྒྱག་སྐབས་ཉི་ཟླ་ཤང་གི་ཇ་ཆུང་ཧྲི་ལང་དང་།ཧ་ཁྲེང་གྲོང་ཚོ།ཆན་ཐང་གྲོང་ཚོ་བཅས་གྲོང་ཚོ་གསུམ་དང་འབྲེལ་བ་ཡོད་པ་དང་།ལོ་ལྟར་འཁོར་རྒྱུག་དང་ཁེ་སྤོགས་བགོ་བཤའ་རྒྱག་པའི་དངུལ་སྒོར་ཁྲི་55ཡོད་པ་དང་།ནོར་ལུག་གིས་ཙོང་ཆུ་དང་།ཐེམ་ཆེན།གཅིག་སྒྲིལ་སོགས་རྫོང་7ལ་ཉོ་སྒྲུབ་བྱེད་ཀྱི་ཡོད”ཀྲང་ཧུང་ཀྲིས་ངོ་སྤྲོད་བྱས་པ་ཕུད།ཁེ་ལས་ཀྱིས་དུས་མཚུངས་སུ་གནས་སྐབས་རང་བཞིན་གྱི་ལས་མི་སྤྱོད་མི་ཐེངས(ཐེངས)400ཟིན་རྒྱུར་སྐུལ་ཁྲིད་བྱས་ནས་ས་གནས་དེ་གའི་གྲོང་མིར་འབབ་འཕར་སྒོར་ཁྲི་100ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་ས་ཞིང་བརྒྱུད་བཤུག་བྱས་པ་བརྒྱུད་གྲོང་ཚོའི་མཉམ་སྡེབ་བརྒྱུད་བཤུག་མ་དངུལ་སྒོར་ཁྲི་260ཟིན་ཡོད།

“ཇ་ཆུང་འབྲོག་ར”དང“ཁེ་ལས་དང་མཉམ་ལས་ཁང་།འབྲོག་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་གསར་གཏོད་བྱས་ཏེ་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་ནས་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་པས་ནོར་གནག་རང་བྱུང་སྐྱེ་འཚར་གྱི་དུས་འཁོར་འགན་ལེན་ཐུབ་པ་མ་ཟད།མངགས་ཐོའི་ཞིང་ལས་བརྒྱུད་མཐའ་འཁོར་གྱི་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ནས་སྣོད་བཅུད་སྲུང་སྐྱོང་དང་ཁྲོམ་ར་གསར་འབྱེད་ཀྱི་ཕྱོགས་གཉིས་ནུས་པ་མངོན་འགྱུར་ཐུབ་ཡོད།

མཉམ་འདྲེས་འཕེལ་རྒྱས་ལ་རྣམ་པ་གསར་པ་ལྡན་པ།

2019ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གྲོང་གསེབ་ཀྱི་ཐོན་ཁུངས་དང་།སྣོད་བཅུད།རིག་གནས་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་དགོས་མཁོ་དང་འཚམ་པའི་སྤྲོ་གསེང་ཡུལ་སྐོར་དང་།བཟའ་བཏུང་ཁྱིམ་ཚང་།རིག་གནས་ཉམས་ལེན།བདེ་ཐང་ལུས་གསོ།རྒན་གསོའི་ཞབས་ཞུ་སོགས་ཐོན་ལས་འཕེལ་རྒྱས་གཏོང་དགོས་ཞེས་བཏོན་ཡོད།

བཀོད་སྒྲིག་གལ་ཆེན་དེ་ནི“དཔྱིད་ཆར་བབས་པ”ཞིག་དང་འདྲ་བར་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་གི་འདོད་བློ་ཡོད་པའི་གཉེར་སྐྱོང་པར་ངར་ཤུགས་འཕེལ་བ་མ་ཟད།ཡུལ་སྐོར་ལ་དགའ་པོ་བྱེད་མཁན་དེ་བས་མང་བར་དཔྱིད་ཀྱི་རྣམ་པ་ཞིག་སྦྱིན་ཡོད།

“རྒྱབ་རི་སྔོན་པོར་བརྟེན་པ་དང་།ཐག་རིང་གངས་རིར་བལྟས་ཚེ།ཉིན་མོར་ནོར་ལུག་གི་དགའ་གླུ་མཐོང་ཐུབ་པ་དང་།མཚན་མོར་ཡངས་ཤིང་རྒྱ་ཆེ་བའི་སྐར་མ་མཐོང་ཐུབ”མཐོང་ཐུབ་པའི་ཕ་ཡུལ་གྱི་སེམས་ཁྲལ་དེ་རིགས་ཀྱིས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལུའུ་ཅོན་ལ་ཁྱིམ་ཚང་འཕེལ་རྒྱས་གཏོང་བའི་བསམ་ཚུལ་བྱུང་བ་དང་།ཞིང་ལས་ཡུལ་སྐོར་མཉམ་འདྲེས་བྱས་པ་བརྒྱུད་གྲོང་ཁྱེར་དུ་སྡོད་པའི་ཡུལ་སྐོར་བ་དེ་བས་མང་བ་དེ་གར་གནས་སྐབས་གྲོང་ཁྱེར་དང་ཁ་བྲལ་ནས་སྐྱེ་སྟོབས་དང་སྙན་ངག་གི་ཉམས་འགྱུར་གྱིས་ཁེངས་པའི་འབྲོག་ར་དེར་བསྐྱོད་དེ་གྲོང་མི་དེ་བས་མང་བ་དེའི་ནང་ཞུགས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད་ཁེ་བཟང་མཉམ་སྤྱོད་ཐུབ་པ་བྱུང་ཡོད།

2022ལོར་ཀུང་སིས་སྣོད་བཅུད་སྔོན་ལ་འཇོག་པ་དང་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་དམིགས་ནས་དེ་སྔ་བེད་མེད་དུ་བཞག་པའི་སློབ་གྲྭའི་ཁང་པ་རྙིང་པ་སྒྱུར་བཀོད་བྱས་རྗེས་ཁྱད་ཆོས་ལྡན་པའི་མགྲོན་ཁང་དུ་གྱུར་ཡོད།གྲོང་གསེབ་ཀྱི་སྣོད་བཅུད་སྤྲོ་གསེང་དང་ཡུལ་སྐོར་ལྟ་སྐོར་གྱི་རིན་ཐང་སྔོག་འདོན་གང་ལེགས་བྱས་པ་བརྒྱུད་ཞིང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་དང་།འཚོ་བ།སྣོད་བཅུད་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་དེང་རབས་སྤྲོ་གསེང་ལྟ་སྐོར་འབྲོག་ར་བཏོད་དེ་ཐོན་ལས་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།“གཅིག་རྗེས་གཉིས་མཐུད་གསུམ”གྱི་ཐོན་ལས་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་འཛུགས་པ་དང་སྣུར་སྲིང་བྱས་ནས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་

ཇ་ཆུང་འབྲོག་རའི་མགྲོན་ཁང་དུ་སྐྱོད་སྐབས་ཁང་པའི་ནང་མཛེས་བཟོ་བྱས་ནས་འབྲོག་རའི་ཁྱད་ཆོས་ལྡན་པ་དང་།ཁང་པ་ཁག་གཅིག་ལ་ཟིལ་སྟེགས་དང་།སྒོ་ར་ཆུང་།ཉི་འོད་ཁང་པ་བཅས་ཡོད་པ་དང་།ཟ་ཁང་དང་།དཔེ་དེབ།སྒར་སྡོད་བྱ་ཡུལ་སོགས་ཀྱི་ནུས་པ་ཆ་ཚང་ཡོད་པ།ཁང་པ་རེར་མཛེས་ལྗོངས་རེ་ཡོད་པ།སོ་སོར་ཁྱད་ཆོས་ལྡན་ཡོད།གཟའ་མཇུག་དང་དུས་ཆེན་འཆར་རིམ་བཞིན་དེ་གའི་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད།

དབྱར་འགོའི་དུས་ཚིགས་ཀྱི་ཞོགས་པར་དྲ་ཡོལ་ཕྱེ་ནས་རྒྱང་རིང་གི་གངས་རི་འཁྱུད་ནས་ཉེ་འགྲམ་གྱི་འབྲོག་རར་ནོར་ལུག་ཁྱུ་དང་གཤིན་པོ་ཡོད།ཉིན་དགུང་དང་གྲོགས་པོ་གསུམ་ལྔ་ཙམ་གྱིས་འབྲོག་པའི་འཚོ་བ་མྱོང་རོལ་བྱེད་ཆོག་པ་དང་ནོར་ལུག་གི་བྲོ་བ་ངོ་མ་མྱོང་ཐུབ།དགོང་མོ་སྦྲ་གུར་ནང་ཉལ་ནས་མཐའ་ཡས་པའི་སྐར་ཚོགས་ལ་བལྟས་ནས་འུན་ཤིང་ཀོང་ཇོ་བོད་དུ་ཡོང་བའི་གཏམ་རྒྱུད་ཉན་པ་སོགས་ཕ་མ་དང་ཕྲུ་གུ་ཡུལ་སྐོར་དུ་འགྲོ་བ་དང་གྲོགས་པོ་འདུ་འཛོམས་བྱེད་པའམ་ཡང་ན་རང་ཉིད་གཅིག་པུས་སྟོང་པར་འཇོག་པ་གང་ཡིན་རུང་སྣ་མང་ཅན་གྱི་ཉམས་ལེན་བྱེད་སྟངས་བརྒྱུད་འབྲོག་ར་ཡངས་ཤིང་རྒྱ་ཆེ་བ་དང་ཞིང་སྡེའི་ལྷིང་འཇགས་དང་འབྲོག་རའི་དུ་བའི་མེ་ལྕེ་ཉམས་སུ་མྱོང་ཐུབ།

“འདི་ལོའི‘ལྔ་གཅིག’ངལ་གསོའི་རིང་ཁྱིམ་ཚང་མགྲོན་ཁང་ཧ་ལམ་ཉིན་ལྟར་ཁེངས་ཀྱི་ཡོད།གང་ལགས་ཤེ་ན།མཚོ་སྔོན་དུ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་ཟླ་བདུན་པ་དང་བརྒྱད་པར་གཅིག་སྡུད་བྱས་ཡོད།ན་ནིང་ནས་བཟུང་ཡུལ་སྐོར་བ་མང་པོ་ཡོད་པ་དང་།ཡུལ་མིའི་སྡོད་ཁང་གི་གྲངས་འབོར་ཡང་མཁོ་སྤྲོད་མི་ཐུབ་པས་ང་ཚོས་མགྲོན་ཁང་གཉིས་གསར་དུ་བསྐྲུན་ཡོད།ཡུལ་མིའི་སྡོད་ཁང་བསྐྲུན་པར་སྲོལ་རྒྱུན་གྱི་འབྲོག་རའི་ཁྱད་ཆོས་ལྡན་པ་མ་ཟད།སྤུས་རྟགས་ཅན་གྱི་མགྲོན་ཁང་རིམ་སྤོར་ཡང་བྱས་པས་ཡུལ་སྐོར་བས་དེ་གར་གནའ་བོའི་བབ་ཆགས་དང་སྟབས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོདལུའུ་ཅོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།འབྲོག་རར་ད་ཆ་སྡོད་ཁང་ཁང་མིག་7ཡོད་པ་དང་།ཉལ་ཁྲིའི་རྣམ་པ་དང་ཁང་པའི་རྣམ་པ་སྣ་ཚོགས་གདམ་ག་བྱེད་ཆོག་པ་ཕུད།ད་དུང་འབྲོག་རའི་མཛེས་ལྗོངས་དང་།སྒར་སྡོད་ཚོགས་པ་འཛུགས་སྐྲུན།ཞིབ་འཇུག་སློབ་སྦྱོང་སློབ་གསོ།སྐར་ཚོགས་བཀྲ་བའི་སྒར་སྡོད།འབྲོག་རའི་ཟས་མཆོག་སོགས་ཁྱད་ལྡན་ཞབས་ཞུ་མཁོ་འདོན་བྱས་ཡོད།

“འདེབས་གསོ་དང་ལས་སྣོན་ཕྱིར་ཚོང་ཡུལ་སྐོར”གྱི་ལྷུ་ཚིགས་ལྔ་མཉམ་འགུལ་བྱས་པ་བརྒྱུད་ཁེ་ལས་ཀྱིས་འབྲོག་ར་ནས་གསོལ་ཅོག་བར་གྱི་འབྲེལ་ཐག་ཧྲིལ་པོ་བཏོད་པ་མ་ཟད།རིག་གནས་ཡུལ་སྐོར་བརྒྱུད་སྤུས་རྟགས་ཀྱི་རིན་ཐང་མཐོ་རུ་བཏང་ནས་རྒྱུན་མཐུད་ཐུབ་པའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་སྣོད་བཅུད་ཀྱི་འགག་སྒོ་ཞིག་ཆགས་ཡོད་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།