གྲོང་ཁྱེར་གྱི་གོང་དཀར་པ་ནས་རི་ཐང་གི་ཞིང་པ་གསར་པར་གྱུར་པའི་མཚོ་སྔོན་ཙོང་ཁའི་བུ་མོ་ཕ་ཡུལ་དུ་ལོག་ནས་བྱ་གསོ་ཡི་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

སྐྱེས་གཟུགས་རིང་ཞིང་སྐྲ་ལོ་འཁྱིལ་བར་གོམས་པ།ལུས་ལ་ནུབ་ལྭ་དང་རྐང་པར་ཕྱི་རྟིང་མཐོ་བའི་ལྷམ་གྱོན་པར་དགའ་བའོ་མོ་ལོ་33ལ་སླེབས་པའི་ཁྲེན་དབྱི་ཅུན་གྱིས་གྲོང་ཁྱེར་གྱི་བུད་མེད་ཀྱི་ཉམས་འགྱུར་མངོན་གྱི་ཡོད།ཞིང་སྡེའི་འཚོ་བ་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ལས་རིགས་བུད་མེད་དེ་ད་ཆ་གྲོང་གསེབ་ཏུ་གཞི་ཚུགས་ནས་བྱ་དེ་གསོ་བའི་ཆེད་ལས་དུད་ཚང་དུ་གྱུར་ཡོད་པ་སུས་བསམ་ཡུལ་ལས་འདས།

གཏམ་རྒྱུད་ད་དུང་ཁྲེན་དབྱི་ཅུན་གྱི་ཨ་ཕ་ཁྲེན་ཤིན་ཏུང་ནས་བཤད་དགོས།

2012ལོར་ཁྲེན་ཤིང་ཏུང་གིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཤིས་པའོ་གྲོང་རྡལ་གཡག་རྭ་གྲོང་ཚོར་ཙོང་ཁ་ཧེ་ཧྥུང་གླིང་ཞིང་ལས་སྣོད་བཅུད་ཚད་ཡོད་ཀུང་སི་བཙུགས་ནས་བྱ་དེ་དང་།ཡུལ་བྱ་གསོ་ཚགས།སྒོ་ང་ཐོན་སྐྱེད་བཅས་ཀྱི་བྱ་གཞག་སྤེལ་འགོ་བཙུགས་པ་རེད།ལོ་མང་རིང་ཁྲེན་ཤིང་ཏུང་གིས་ཙོང་ཁ་དང་ཧེ་ཕུང་གླིང་ཞིང་ལས་སྣོད་བཅུད་ཚད་ཡོད་ཀུང་སིའི་ལས་མིའི་སྣེ་ཁྲིད་དེ་མི་མང་པོ་ཞིག་གིས་ས་མཐོར་གསོ་ཚགས་བྱས་པའི་བྱ་བྱ་དེ་ཤེས་རྟོགས་ཐུབ་པ་མ་ཟད་བྲོ་བ་ཡང་མྱོང་ཐུབ་པ་བྱུང་ཡོད།འོན་ཀྱང་ཉེ་བའི་ལོ་ཤས་རིང་གསོ་ཚགས་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་འགྲན་རྩོད་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཁྲེན་ཤིང་ཏུང་གི་ཚོང་རིམ་བཞིན་འཇུར་མིག་གི་གནས་སུ་གྱར་བ་དང་ཕྱིར་ཚོང་ཐབས་ལམ་ཇེ་དོག་ཏུ་ཕྱིན་པ་དང་ཕྱིར་ཚོང་བྱེད་ཚད་ཀྱང་ཉིན་བཞིན་ཆག་ཡོད།

སྐབས་དེ་དུས་ཀྱི་ཁྲེན་དབྱི་ཅུན་པེ་ཅིང་གི་ཁེ་ལས་ཤིག་གི་གོང་དཔོན་དུ་གྱུར་ཡོད།འོན་ཀྱང་ཨ་ཕའི་ཚོང་ལས་དྲན་ཐེངས་རེར་ཁོ་མོས་རྒྱུན་དུ་སེམས་ཁུར་བྱེད་བཞིན་ཡོད།དེའི་ཁར་དུས་ཡུན་རིང་པོར་ཕ་མ་དང་ཁ་བྲལ་བས་ཁོང་ལ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་བསམ་ཚུལ་རིམ་བཞིན་བྱུང་།

ལོ་གཅིག་ལྷག་ཙམ་གོང་ཁྲེན་དབྱི་ཅུན་ཕ་ཡུལ་དུ་ལོག་ནས་ཨ་ཕའི་ལག་ནང་གི་རྒྱུག་མཐུད་དབྱུག་པ་བླངས་ནས་ཙོང་ཁ་དབུས་ཀྱི་ཧེ་ཧྥུང་གླིང་ཞིང་ལས་སྣོད་བཅུད་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཞིག་ཏུ་གྱུར།

ཁོར་ཡུག་གསར་པ་དང་གང་མགྱོགས་འཚམ་པ་བྱ་ཆེད།ཁྲེན་དབྱི་ཅུན་གྱིས་ཆེས་རྨང་གཞིའི་ལས་སྒོ་ནས་འགོ་བཙུགས་ཏེ་བྱ་དེ་གསོ་བ་དང་།སྒོ་ང་འཐུ་བ།སྔོ་ཚལ་འདེབས་པ།འདྲུད་འཐེན་འཁོར་ལོ་གཏོང་བ་བཅས་བྱས་ནས་དེ་སྔ་ཆ་རྒྱུས་མེད་པའི་ཞིང་ལས་ཚང་མ་འཇོན་ཐང་ཆེན་པོ་ཡོད།

ཁྲེན་དབྱི་ཅུན་ལ་བསམ་ཚུལ་གསར་པ་མང་པོ་ཡོད།“ང་ཚོས་སྒོ་ང་དེ་འཚོ་བཅུད་ཀྱི་གྲུབ་ཆ་དང་ཐུམ་སྒྲིལ་མི་འདྲ་བར་གཞིགས་ནས་རིགས་སྣ་ཚོགས་སུ་དབྱེ་ཡོད།འཛད་སྤྱོད་པས་སིལ་མའི་སྒོ་ང་འབོར་ཆེན་ཉོ་ཆོག་ལ་སྒོ་ངའི་སྒམ་ཆུང་སྔོན་མངགས་བྱས་ནས་གཉེན་ཉེ་ཚོར་སྐྱེལ་ཆོག་གི་ཡོད།འཚོ་བཅུད་ཀྱི་གྲུབ་ཆ་མི་འདྲ་བ་དང་ཐུམ་སྒྲིལ་མི་འདྲ་བའི་སྒོ་ང་དང་རིན་གོང་ཡང་མི་འདྲ་བ་ཡོད”ཅེས་ཁྲེན་དབྱི་ཅུན་གྱིས་བཤད།

ཚོང་ལམ་རྒྱ་ཆེར་གཏོང་ཆེད།ཁྲེན་དབྱི་ཅུན་གྱིས་བློ་ཁོག་ཆེན་པོས་བརྙན་ལམ་ཐུང་ངུ་ཞིག་པར་ལེན་བྱས་ཏེ“གཅེན་མོའི་ནོར་བུའི་ཁང་པའི”དྲ་རྒྱའི་ཨང་རྟགས་བཏོན་ནས་ཁོང་ཕ་ཡུལ་དུ་ལོག་ནས་བྱ་དེ་གསོ་བའི་གཏམ་རྒྱུད་ཁྱབ་བསྒྲགས་བྱས་པ་དང་འབྲེལ་དངོས་ཟོག་ཐད་གཏོང་བྱེད་འགོ་ཚུགས་པ་དང་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱི་ཕྱིར་ཚོང་བྱེད་སྟངས་བརྒྱུད་ཕྱིར་ཚོང་ཐབས་ལམ་རིམ་བཞིན་རྒྱ་ཆེར་བཏང་ཡོད།ཁོང་གིས་ད་དུང་སྔ་རྗེས་སུ་ཐོ་འགོད་བྱས་པ་དང་འབྲེལ་ཡོད་ས་ཁོངས་རང་བཞིན་གྱི་ཐོན་རྫས་ཇུས་འགོད་པར་དབང་སྲུང་སྐྱོང་བྱ་རྒྱུའི་རེ་ཞུ་བྱས་ནས་རང་ཉིད་ལ་དབང་བའི་སྤུས་རྟགས་བཏོད་ཡོད།

“ཐོག་མར་མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དུ་ཕྱིར་ཚོང་བྱས་པ་ནས་ད་ཆ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་པའི་བར་ང་ཚོའི་ཁྱིམ་གྱི་སྒོ་ང་ཐེངས་གཅིག་མྱོང་ཚེ་ཕྱིར་ལོག་མཁན་གཙོ་བོར་འགྱུར་སྲིད”ཁྲེན་དབྱི་ཅུན་གྱིས་ཕ་ཡུལ་གྱི་སྒོ་ང་རྒྱལ་ཡོངས་སུ་བཙོངས་ནས་འཛད་སྤྱོད་པ་ཆུང་དུས་ཀྱི་སྒོ་ངའི་བྲོ་བ་འཚོལ་དུ་བཅུག་པ་རེད།

ཁྲེན་དབྱི་ཅུན་གྱིས་ཁོང་ཚོས་གསོ་ཚགས་བྱས་པ་ནི་ཧྲའན་ཤིས་ཞིང་ཆེན་ཧན་ཀྲུང་གྲོང་ཁྱེར་ལུའེ་དབྱང་རྫོང་གི“ཧེ་ཧོ་ཆུ་རགས་པ”ཝུའུ་ཅི་དང་ཡུལ་དེ་རེད།ཀུང་སི་ནི་མཚོ་སྔོན་ཞིང་ཆེན་གྱི་ལུའེ་དབྱང་ཝུའུ་ཅི་གསོ་ཚགས་བྱེད་མཁན་ཁེ་ལས་དང་པོ་དེ་རེད།བྱ་དེ་ཕོ་རིགས་འདི་པགས་པ་དང་།རྐང་པ།སྡེར་མོ།མཆུ་ཏོ།ལྕེ་དང་མགོ་རྒྱན་སོགས་ནི་མདོག་ལྗང་གུ་ཡིན་པ་དང་།ཤ་རྒྱུ་གསར་ཞིང་འཚོ་བཅུད་ཕུན་སུམ་ཚོགས་པས་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད།དུས་ཐུང་ལོ་གཅིག་རིང་ཀུང་སིས་མཚོ་སྔོན་དང་ཧྲའན་ཤིས་ས་ཁུལ་གཉིས་སུ་དྲ་ཐོག་ཕྱིར་ཚོང་ཁྲོམ་ར་བཙུགས་པ་དང་འབྲེལ་བརྒྱུད་ཚོང་པ་600ལྷག་ཙམ་དང་མཉམ་ལས་བྱས་པ་དང་ཐོན་རྫས་ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་དང་བྱ་གཞག་ཚན་པ་མི་ཉུང་བ་ཞིག་གི་ཟ་ཁང་དུ་བཅའ་སྡོད་བྱས་ཡོད།

ལོ་གཅིག་རིང་གི་འགྱུར་ལྡོག་གསར་པས་ཁྲེན་དབྱི་ཅུན་ལ་མུ་མཐུད་ལས་ཀ་བྱེད་འདོད་པའི་སྒུལ་ཤུགས་དེ་བས་མང་བ་བྱུང་བ་མ་ཟད།ཕ་ཁྲེན་ཤིན་ཏུང་གིས་རེ་བ་གསར་པ་མཐོང་བྱུང་།ཁྲེན་དབྱི་ཅུན་གྱིས་སྤོབས་པ་ཆེན་པོས་ད་ཆ་ཙོང་ཁ་རྫོང་ཧེ་ཧྥུང་གླིང་ཞིང་ལས་སྣོད་བཅུད་ཚད་ཡོད་ཀུང་སིའི་ཝུའུ་ཅི་དང་ཡུལ་དེ་ཞིང་ཆེན་ནང་ཁུལ་གྱི་ཁྲོམ་ར་ཆེ་གྲས་ཁག་ལ་མཁོ་འདོན་བྱས་པ་དང་སྒོ་ངའི་ཐོན་རྫས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་གི་ཡོད་ཅེས་བཤད།

ཙོང་ཁའི་ཧེ་ཧྥུང་གླིང་ཞིང་ལས་སྣོད་བཅུད་ཚད་ཡོད་ཀུང་སིའི་གསོ་ཚགས་རྟེན་གཞིར་སྐྱོད་སྐབས་མིག་མདུན་དུ་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན།ལས་དོན་མི་སྣས་རང་འགན་རང་འཁུར་བྱེད་པ་དང་།ལ་ལས་བྱ་དེའི་ཁང་པར་གཡོག་བྱེད་བྱེད་པར་བྲེལ་བཞིན་ཡོད་པ་དང་།ལ་ལས་སྒོ་ང་བགོ་བར་བྲེལ་བཞིན་ཡོད།

“ཡུན་རིང་ཀུང་སིར་ལས་ཀ་བྱེད་མཁན་ལས་མི་17ཡོད་པའི་ནང་ནས་5ནི་དབུལ་སྒྲོལ་དུད་ཚང་ཡིན་པ་དང་།ང་ཚོས་བྱ་དེའི་མྱུ་གུ་བཟོ་གྲྭའི་རིན་གོང་ཐོག་ནས་ཉེ་འཁོར་གྱི་ཞིང་དུད་ལ་བཙོངས་ཏེ་ཁོང་ཚོར་ཇི་ལྟར་གསོ་སྐྱོང་བྱེད་དགོས་ལུགས་སློབ་པ་དང་ལོ་ལྟར་ཞིང་དུད300ལྷག་ཙམ་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད”ཅེས་ཁྲེན་དབྱི་ཅུན་གྱིས་བཤད།

འབྲུག་གླིང་གཅེན་པོ་ནི་ཙོང་ཁ་ཧེ་ཧྥུང་གླིང་ཞིང་ལས་སྣོད་བཅུད་ཚད་ཡོད་ཀུང་སིའི་གསོ་ཚགས་རྟེན་གཞིའི་མཛོད་དོ་དམ་ཀྲུའུ་རེན་ཡིན་པ་དང་།མ་གཞི་ཁྱིམ་ཚང་གི་བདག་མོ་ཞིག་ཡིན་པས་ཁྱིམ་དུ་ཕྲུ་གུ་དང་རྒན་རྒོན་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད།ད་ཆ་ཁྱིམ་དུ་ལས་ཀ་བྱེད་མཁན་ཁོང་གིས་ལས་ཀ་དེ་ཁོང་ལ་གདེང་ཚོད་ཆེན་པོ་ཞིག་སྦྱིན་ཡོད་པས་སྒོ་འགྲམ་དུ་ལས་ཀ་བརྟན་པོ་ཞིག་ཡོད་པ་མ་ཟད།ད་དུང་ནང་མིར་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད།

ཁྲེན་དབྱི་ཅུན་གྱི་རྟེན་གཞིའི་ནང་ན་གཞོན་ཨ་མ་ནས་ལོ་བདུན་ཅུར་སླེབས་པའི་རྒན་རྒོན་བར་དགོས་མཁོ་ཡོད་ཚེ་རྟེན་གཞིའི་སྒོ་མོ་ཁོང་ཚོར་འབྱེད་ཀྱི་ཡོད།

“ངས་མང་ཚོགས་དེ་བས་མང་བར་རྟེན་གཞིར་ཕན་པ་ཐོབ་པ་བྱེད་དགོས་ལ་མི་དེ་བས་མང་བ་ང་ཚོའི་རྟེན་གཞིར་བྱ་དེ་ཉོ་བར་ཡོང་རྒྱུའི་ཡིད་དབང་འགུག་དགོས་པ་མ་ཟད།ད་དུང་ང་ཚོའི་འདི་གར་ཡུལ་སྐོར་དུ་ཡོང་རྒྱུ་ཡིན”ཞེས་འབྱུང་འགྱུར་སྐོར་གླེང་སྐབས་ཁྲེན་དབྱི་ཅུན་གྱི་མིག་ལམ་དུ་རེ་བས་ཁེངས་ཡོད།

ཁྲེན་དབྱི་ཅུན་གྱིས་ཀུང་སིས“ཀུང་སི་དང་།ཞིང་དུད།གསོ་ཚགས་རྟེན་གཞི”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་ཉེ་འཁོར་གྱི་གྲོང་ཚོ་དང་།ཤང་གྲོང་།ཐ་ན་ཙོང་ཁ་བཅས་ལ་ཚན་རིག་དང་མཐུན་པའི་གསོ་ཚགས་ལག་རྩལ་ཁྱབ་གདལ་བཏང་ནས་གསོ་ཚགས་དཔེ་སྟོན་དུད་ཚང་ལ་རིམ་བཞིན་རོགས་སྐྱོར་བྱས་ཏེ་གྲོང་མིའི་དཔལ་འབྱོར་ཡོང་འབབ་མང་དུ་བཏང་ནས་ཉེ་འཁོར་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁྲེན་དབྱི་ཅུན་གྱིས་ད་དུང་ཞིང་ལས་ཚན་རྩལ་དང་རང་བྱུང་ཚན་རིག་གཙོ་བོར་བྱེད་པའི་ཚན་རིག་ཁྱབ་གདལ་གྱི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་ནས་ཕྲུ་གུ་ཚོར་ཞིང་ལས་རིག་གནས་ཉམས་ལེན་དང་འདེབས་འཛུགས་གསོ་ཚགས་ཐོན་སྐྱེད་བྱེད་སྒོར་ཞུགས་སུ་འཇུག་རྒྱུའི་འཆར་གཞི་ཡོད་པ་རེད།འདེབས་འཛུགས་དང་གསོ་ཚགས་ཟུང་འབྲེལ་གྱི་ཁྱིམ་ཚང་ཞིང་ར་བཙུགས་ནས་སྲོལ་རྒྱུན་གྱི་ཞིང་ལས་འདེབས་འཛུགས་དང་ཁྱིམ་ཚང་རྣམ་པའི་གསོ་ཚགས་ཟུང་འབྲེལ་བྱེད་པ་དང་ཆབས་ཅིག་བྱ་དེ་གཅིག་གསོ་བ་དང་ས་ཆ་གཅིག་འགན་གཙང་ལེན་པའི་བྱེད་ཐབས་ཐོག་ནས་འཛད་སྤྱོད་པར་མྱོང་ཚོར་དེ་བས་མང་བ་ཐོབ་པ་བྱེད་དགོས།

འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་བར་དང་།ཕུགས་འདུན་དོན་གཉེར་བྱེད་ས་ནས་ཕ་ཡུལ་དུ་ལོག་ནས་ཕུགས་འདུན་སྒྲུབ་པའི་བར་ཁྲེན་དབྱི་ཅུན་གྱིས་བློ་གྲོས་དང་རྔུལ་ཆུའི་ཐོག་ནས་རང་ཉིད་ལ་དབང་བའི་ལས་གཏོད་ཀྱི་ངོ་མཚར་བརྩམས་ཏེ་ཙོང་ཆུའི་ནང་རེ་བས་ཁེངས་པའི་ས་གཞི་དེའི་ཐོག་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།