[གྲོང་གསེབ་དར་སྤེལ།]མཛོ་མོ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་རྒྱལ་པོ་ཤང་ཨོ་མོ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་མཛོ་མོ་གསོ་ཚགས་རྟེན་གཞིར་སྟོབས་དང་ལྡན་པའི་མཛོ་མོ་ཞིག་བདེ་བླག་ངང་ཕྲུ་གུ་སྐྱེ་ཐུབ་པ་བྱུང་ཡོད།མོ་ཕྱུགས་ཀྱིས་ལྕེ་བསྲིངས་ནས་འདར་སིག་བྱས་པའི་ཕྲུ་གུ་ལྡག་བཞིན་གསོ་ཚགས་རྟེན་གཞིའི་ནང་ཚེ་སྲོག་སྐྱེས་པའི་སྤྲོ་སྣང་གིས་ཁེངས།

“མོ་ཕྱུགས་ཐོན་སྐྱེད་བྱས་རྗེས་ནད་གཡོག་ལས་ཀ་བྱེད་པར་དུས་ཚོད་དམ་འཛིན་བྱེད་དགོས”མཉམ་ལས་ཁང་གི་འགན་འཁུར་བ་འཇམ་དབྱངས་བརྟན་གྱིས་གསོ་ཚགས་ཀྱི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་དུ“ང་ཚོས་འཕྲལ་མར་རྩྭ་འབུ་སུ་ཧང་དང་ཡུག་པོ་སོགས་སྤུས་ལེགས་གཟན་རྩྭ་སྤྲད་དེ་མོ་ཟོག་ལ་ཕྲུ་གུ་བཙས་རྗེས་ཀྱི་འཚོ་བཅུད་ཀྱི་དགོས་མཁོ་འགན་ལེན་བྱེད་ཀྱི་ཡོད།བེའུ་གསར་སྐྱེས་ཀྱི་ལུས་སྟོབས་ཞན་པས་ང་ཚོས་དྲོད་སྲུང་གདན་བཏིང་ནས་རླུང་འགོག་བརླན་འགོག་གི་བྱ་ཐབས་ཡག་པོ་བསྒྲུབས་ཏེ་ཕྲུ་གུ་ཚོར་དྲོ་སྐྱིད་དང་སྐྱིད་སྣང་དོད་པའི་འཚར་ལོངས་ཀྱི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན”ཞེས་བཤད།

“2021ལོའི་གོང་དུ་ང་ཚོས་གཙོ་བོ་འབྲི་གཡག་གསོ་ཚགས་བྱེད་ཀྱི་ཡོད་མོད།འོན་ཀྱང་གཞི་ཁྱོན་ཆེན་པོ་མེད་པ་དང་ཐོན་རྫས་སྤུས་ཚད་གཅིག་མཚུངས་ཅན་དུ་འགྱུར་ཚབས་ཆེ་བས་ཁྲོམ་རའི་འགྲན་རྩོད་ནུས་པ་ཞན་པ་མ་ཟད།ས་གནས་དེ་གའི་འབྲི་གཡག་གི་རྒྱུད་པ་ཞན་དུ་འགྲོ་བའི་གནད་དོན་མངོན་གསལ་དོད་པོ་ཡོད་པས་ལུས་གཟུགས་ཅུང་ཆུང་བ་དང་།འོ་མ་ཐོན་ཚད་དམའ་བ།སྐྱེ་འཚར་གྱི་དུས་འཁོར་རིང་བ་སོགས་ཀྱི་ཞན་ཆ་ལྷག་ཡོད”འཇམ་དབྱངས་བརྟན་གྱིས་དེ་སྔ་གསོ་ཚགས་ཀྱི་དཀའ་གནད་ལ་ཕྱིར་དྲན་བྱེད་སྐབས་མྱོང་ཚོར་ཟབ་མོ་བྱུང་།སྐབས་དེ་དུས་སྲོལ་རྒྱུན་གྱི་འབྲི་གཡག་གསོ་ཚགས་ཀྱི་ཕན་འབྲས་དམའ་རུ་ཕྱིན་ནས་ཞིང་འབྲོག་པའི་འབབ་འཕར་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ཏུ་གྱུར་ཡོད།

གནམ་གྲུ་བརྗེས་ནས་རེབ་གོང་གྲོང་ཁྱེར་གྱི་རི་ཆུའི་བར་དུ་སྦས།དེ་གའི་ས་བབ་བལྟོས་བཅས་ཀྱིས་དམའ་བ་དང་གནམ་གཤིས་དྲོད་འཇམ་ལྡན་པ་དང་ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ཐོག་འབུ་སུ་ཧང་དང་ཡུག་པོ་སོགས་སྤུས་ལེགས་ཕྱུགས་རྩྭ་རླུང་གིས་གཡོ་བཞིན་ཡོད་པས་འབྲོག་ལས་འཕེལ་རྒྱས་གཏོང་བའི་རང་བྱུང་གི་ས་གཤིན་པོ་ཞིག་རེད།“ང་ཚོས་གསེར་གྱི་ལྟོ་ཕོར་སྲུང་ནས་ལྟོ་སློང་མི་རུང་”རྒྱ་བོ་ཤང་གི་ཤང་ཀྲང་ཝུའེ་ཡུས་ཅིང་གིས་རྒྱུན་མཐུད་ཀྱི་འབྲོག་རར་བལྟས་ནས་མིག་མདངས་བརྟན་པོ་ཡོད།མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་བཞིན་ཡོད་པ་དེ་ནི་དཀའ་གནད་སྒྲོལ་བའི་གོ་སྐབས་ཡག་པོ་ཞིག་རེད།ཕྱོགས་མང་པོའི་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་ང་ཚོས་མཛོ་གླང་ཐོན་ལས་དེ་གྲོང་གསེབ་དར་རྒྱས་གཏོང་བའི་ཚད་བརྒལ་བྱེད་སར་བརྩི་རྒྱུའི་ཐག་བཅད།

“རེབ་གོང་གྲོང་ཁྱེར་དང་རྒྱ་བོ་ཤང་ཏང་ཨུད་དང་སྲིད་གཞུང་གི་ཁྲིད་སྟོན་ཞིབ་ཚགས་འོག་ང་ཚོས་མཛོ་མོ་གསོ་ཚགས་ཀྱི་ཚོད་ལྟ་གསར་པ་བྱེད་འགོ་ཚུགས”ཅེས་འཇམ་དབྱངས་བརྟན་གྱིས་ཕྱིར་དྲན་བྱས།མཛོ་དཀར་ནག་དང་ཤིས་མོན་ཐར་དང་འབྲི་མོ་གཉིས་སྡེབ་སྦྱོར་བྱས་པའི་ཐོན་དངོས་ཤིག་ཡིན་པའི་ངོས་ནས་མཛོ་མོའི་ཐོན་འབབ་མཐོ་བའི་རྒྱུད་རྒྱུ་དང་མ་གཞིའི་ས་མཐོའི་འཕྲོད་ནུས་དང་མཉམ་འདྲེས་བྱས་ཡོད་པ་དང་།ཤ་དང་འོ་མ་ཐོན་སྐྱེད་བྱེད་ནུས་ཐད་འབྲི་གཡག་ལས་ཧ་ཅང་ཆེན་པོ་བརྒལ་ཡོད་པས་མཛོ་མོ་གཅིག་གི་ཐོན་ནུས་དེ་འབྲི་གཡག་གསུམ་དང་མཚུངས་ཀྱི་ཡོད།ཐོན་སྐྱེད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པར་བརྟེན་མཛོ་མོ་དེ་ས་གནས་དེ་གའི་གསོ་ཚགས་དུད་ཚང་གི“ཕྱུག་འགྱུར་གྱི་གཅེས་ཕྲུག”ཏུ་གྱུར་པ་དང་ས་གནས་དེ་གའི་འབྲོག་པར་ཡང་ཐོན་ལས་རིམ་སྤོར་གྱི་ཕན་པ་ཐོབ་ཡོད།

ཐུན་རིན་གྲོང་ཁྱེར་གྱི་འབྲོག་ལས་རིགས་གཅིག་མཁས་ཅན་དང་གཞི་རིམ་ལས་བྱེད་པ་ཚོས་འཚོལ་ཞིབ་ཀྱི་གོམ་སྟབས་སྤོ་མཚམས་བཞག་མེད།རྒྱུན་ཆད་མེད་པར་ཕྱི་ཕྱོགས་སུ་ལྟ་སྦྱོང་དང་སློབ་སྦྱོང་བྱས་པ་བརྒྱུད་ཁོང་ཚོས་མི་མངོན་པའི་ནུས་ཤུགས་དེ་བས་ཆེ་བའི་ཅོན་ཧྲན་མཛོ་མོར་ཕྱོགས་པ་རེད།དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་དང་སི་ཁྲོན་ཞིང་ཆེན་ཧུང་ཡོན་རྫོང་གི་ལག་རྩལ་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག་རེབ་གོང་གྲོང་ཁྱེར་འབྲོག་ལས་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱིས་སྔོན་ཐོན་གྱི་ཅོན་ཧྲན་བ་གླང་གི་ཕོ་མོའི་ཚོད་འཛིན་གྱི་ཁམས་དཀར་འཁྱག་གཏོང་ལག་རྩལ་ནང་འདྲེན་བྱས་པ་རེད།

ལག་རྩལ་བདེ་བླག་ངང་དོན་འཁྱོལ་ཐུབ་ཆེད།གྲོང་ཁྱེར་འབྲོག་ལས་དང་ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱིས་འབྲི་གཡག་བཤས་གཏོང་ཚད་མང་བ་དང་།གསོ་ཚགས་གཅིག་སྡུད་ཡིན་ལ་སྒྲིག་བཀོད་ཆ་ཚང་བའི་ཆེད་ལས་མཉམ་ལས་ཁང་དང་གསོ་ཚགས་དུད་ཆེན་ཁྲོད་ནས་མི་ཐབས་ལ་བརྟེན་ནས་འབྲི་གཡག་སྤུས་ལེགས་སྤྲོད་པའི་ལག་རྩལ་གྱི་རྒྱུད་སྤེལ་ས་ཚིགས་53བདམས་ཏེ་གཏན་འཁེལ་བྱས་པ་དང་།འཇམ་དབྱངས་མཉམ་ལས་ཁང་དེའི་ནང་ཚུད་ཡོད་པ་རེད།

དེ་རྗེས་ལག་རྩལ་མི་སྣས་རྒྱུད་སྦྱོར་ས་ཚིགས་ཁག་ཏུ་བསྐྱོད་དེ་སྔོན་གྱི་ནོར་ཁྱུ་རྩ་འཛུགས་དང་ཁྱུ་བགོས་ནས་གཟན་རྩྭ་ཁ་གསབ་སོགས་ཀྱི་གྲ་སྒྲིག་ལས་དོན་ལེགས་སྒྲུབ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་ཅོན་ཧྲན་གྱི་ནོར་གནག་གི་འཁྱག་རྫས་རྣམས་འབྲི་མོའི་ལུས་པོའི་ནང་བླུགས་ནས་མི་ཐབས་ལ་བརྟེན་ནས་ཁམས་དཀར་བསྡུ་བའི་ལག་རྩལ་བདེ་བླག་ངང་ལག་བསྟར་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

ཐུང་རེན་གྲོང་ཁྱེར་འབྲོག་ལས་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་ཀྲན་ཀྲང་ཝང་ཧུའེ་ཁྲེང་གིས“ལག་རྩལ་དེས་དགོས་མཁོ་ལྟར་བེའུ་ཡི་ཕོ་མོའི་དབྱེ་བ་ཚོད་འཛིན་དང་ཅོན་ཧྲན་མཛོ་མོའི་བསྡུར་ཚད་མཐོ་རུ་བཏང་ནས་དེའི་སྤུས་ལེགས་འོ་མའི་ནུས་པ་དང་འབྲི་གཡག་ས་མཐོའི་འཕྲོད་ནུས་གཉིས་ཀ་ལྡན་པ་བྱས་ཏེ་ཁྱུ་ཚོགས་ལེགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱས་ནས་ས་གནས་དེ་གའི་འབྲོག་ལས་གསོ་ཚགས་ལག་རྩལ་གསར་བཅོས་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད”ཅེས་བཤད།

“2023ལོའི་ཟླ་4པར་ང་ཚོའི་མཉམ་ལས་ཁང་གིས་མཛོ་རྒན་དང་པོ་དེ་བསུས་པ་རེད”“ད་ཆ་མཉམ་ལས་ཁང་དུ་གནས་པའི་མཛོ་མོ་40ལྷག་ཙམ་ཡོད་པ་དེ་དག་གིས་ཚང་མར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི‘ཕྱུག་འགྱུར་གླང་བོ’ཞིག་ཡོད”ཅེས་བཤད།

བེའུ་ལ་མཛུབ་མོ་བཙུགས་ནས་དཔལ་འབྱོར་གྱི་རྩིས་རྒྱག་བཞིན་ཡོད་པ་སྟེ།ཆུང་བ་ཅོན་ཧྲན་གྱི་མཛོ་མོ་ལ་ལྟོས་དང་།དེ་སྐྱེས་སྐབས་ལུས་སྟོབས་རྒྱས་པ་དང་།མགོ་ཆུང་བས་མོ་ཕྱུགས་ལ་ཕྲུ་གུ་སྐྱེ་བའི་ཉེན་ཁ་ཆེས་ཆེར་ཆུང་དུ་ཕྱིན་ནས་བེའུ་གསོན་ཚད་སྤྱིར་བཏང་གི་ནོར་ལས་མཐོ་བ་ཡོད།མཛོ་རྒན་ཅོན་ཧྲན་གྱིས་ལྷུ་ཚིགས་ཁག་ཏུ་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་གྱི་ཡོད་པས་སྲོལ་རྒྱུན་གསོ་ཚགས་བྱས་པའི་མཛོ་མོ་དང་འབྲི་གཡག་ལས་དེ་བས་མང་བ་ཡོད།

ཅོན་ཧྲན་གྱི་མཛོ་མོའི་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་བསྟུན་ནས་རེབ་གོང་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“འབྲོག་ལས་འཕེལ་རྒྱས་དང་གཟན་རྩྭ་སྔོན་ལ་སྤེལ་བའི”འདུ་ཤེས་འཛིན་ནས་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་བཏང་ཡོད།ས་གནས་དེ་གའི་ས་རྒོད་དང་།ཐོན་འབབ་དམའ་བའི་ཞིང་ཁ།ས་རྒྱུ་ཞན་པ་བཅས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་གཟན་རྩྭའི་ཐོན་ལས་སྐྱེད་སྲིང་དང་རིམ་སྤོར་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།ད་ཆ“ཞིང་འབྲོག་གསབ་རེས་དང་།རྩྭ་ཕྱུགས་མཉམ་འགུལ།འཁོར་རྒྱུག་འཕེལ་རྒྱས”བཅས་ཀྱི་ལྗང་མདོག་སྣོད་བཅུད་ཐོན་ལས་ཀྱི་འབྲེལ་ཐག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཆེད་རྒྱུན་ཆད་མེད་པའི་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།

ཝུའེ་ཡུས་ཅིང་གིས་རྒྱལ་པོ་ཤང་གིས་རྒྱུན་འཁྱོངས་ལྷོད་མེད་ཀྱི་ངེས་ཤུགས་ཐོག་ནས་ཅོན་ཧྲན་གྱི་མཛོ་མོ་གསོ་ཚགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་།སོན་བཟང་འདེབས་གསོ།ལག་རྩལ་ཁྱབ་གདལ།སྲིད་ཇུས་རོགས་སྐྱོར།སྤུས་རྟགས་གཏོད་པ་སོགས་ཐད་རྒྱུན་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཤད་པ་རེད།“ང་ཚོས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཅོན་ཧྲན་མཛོ་མོའི་ཕ་ཡུལ’གྱི་སྤུས་རྟགས་བཏོད་དེ་ས་མཐོའི‘ཕྱུག་འགྱུར་གླང་པོ’དེ་དག་ཞིང་འབྲོག་པའི་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པ་མ་ཟད།གྲོང་གསེབ་དར་རྒྱས་ཀྱི་ཕུགས་འདུན་བཟང་པོ་དེ་བས་ཀྱང་འཁུར་ཐུབ་པ་བྱེད་དགོས”།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།