མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་གློག་གི་སྒུལ་ནུས་གསར་པ་འཕྱུར་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྒྱལ་ནང་གི་ལྗང་མདོག་གློག་གཏོང་མཐུན་སྦྱོར་ཚོད་ལྟའི་ཞིང་ཆེན་ཐོག་མ་ཡིན་པའི་ངོས་ནས་2024ལོའི་ལོ་མཇུག་བར་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1500ལྷག་ཙམ་མང་དུ་བཏང་བ་དང་།ལོ་འདིའི་ནང་གློག་འདོན་འཕྲུལ་འཁོར་གསར་སྣོན་བྱེད་ཚད་“ཆན་ཝ་ཁྲི་སྟོང་”ལས་ཐོག་མར་བརྒལ་བ་དེ་ནི་མཚོ་སྔོན་གྱི་ལོ་རྒྱུས་ཐོག་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གསར་སྣོན་བྱེད་མང་ཤོས་ཀྱི་ལོ་ཞིག་རེད།དེ་དང་ཆབས་ཅིག་ལོ་ཧྲིལ་པོར་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་406ལྷག་ཙམ་བཏང་བ་དེ་ནི་མཚོ་སྔོན་གྱི་ལོ་རྒྱུས་ཐོག་ནུས་རྒྱུ་གཙང་མར་མ་དངུལ་བཏང་མང་ཤོས་ཀྱི་ལོ་ཞིག་ཡིན་པ་དེས་ནུས་རྒྱུའི་མ་འཇོག་གི་71.2%བཟུང་བ་དང་ཞིང་ཆེན་དེ་ཡོངས་ཀྱི་མ་འཇོག་བསྡོམས་འབོར་གྱི་24%བཟུང་བ་དང་ནུས་རྒྱུ་གཙང་མའི་ཐོན་ལས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

གྲངས་གཞི་དེ་དག་གི་རྒྱབ་ཏུ་འདེགས་སྐྱོར་བྱས་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་དང་གློག་གཏོང་ཚད་ཀྱིས་བསྡུར་ཚད་“གཙོ་གཟུགས་གཉིས”ཀྱི་སྟོབས་ཤུགས་སྔོན་ལ་མངོན་འགྱུར་བྱུང་ནས་ལྗང་མདོག་གི་རྩིས་རྒྱག་ནུས་པ་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།མིག་སྔར་མཚོ་སྔོན་གྱི་རྩིས་རྒྱག་གཞི་ཁྱོན་ཁྲི་1.2 Pཟིན་པ་དེ་དུས་མཚུངས་ལས་ལྡབ་30ཙམ་འཕར་བ་དང་འཕེལ་རྒྱས་མྱུར་པོ་བྱུང་ཡོད།གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་གློག་དྲ་ཆུང་གྲས་ཀྱི་རྩིས་རྒྱག་ལྟེ་གནས་ཐོག་མ་དེ་ལག་ལེན་བསྟར་འགོ་ཚུགས་པ་དང་།རང་རྒྱལ་གྱིས་བཟོས་པའི་ཉིང་ལྷེབ་ཀྱི་ལྗང་མདོག་རྩིས་རྒྱག་ཁྱུ་ཚོགས་ཀྱིས་འོད་སྣང་སྦྱིན་པ་དང་།རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་ནུས་པ་བཀོད་གཏོང་ལྟེ་གནས་ཐོག་མ་དེ་བསྐྲུན་ཟིན་པའི་སྐབས་སུ།མཚོ་སྔོན་གྱིས་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པའི་ཐོག་ནས་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་ཀྱི་ལེའུ་གསར་པ་ཞིག་གཏོད་བཞིན་ཡོད།

ལྗང་མདོག་གློག་གི་རྨང་གཞི་བསྐྲུན་པའི་རང་བྱུང་ལྷན་སྐྱེས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།

མཚོ་བོད་ས་མཐོའི་རླུང་འཚུབ་ཀྱིས་མྱ་ངམ་ཐང་དུ་བསྐྱོད་པ་དང་རླུང་གློག་གི་ལོ་མའི་ཉིན་མཚན་མེད་པར་རྒྱུན་ཆད་མེད་པར་བྱས།ཚྭ་འདམ་གཤོངས་སར་ལོ་རེར་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད་1800ལས་བརྒལ་བའི་འོད་དྲག་པོ་དེ་འོད་ཤུགས་གྲུ་བཞི་ཁྲོད་གློག་ནུས་རབ་ཏུ་འཕྱུར་བ་དང་།རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་ཆུ་ཤུགས་གློག་ཁང་21ཡོད་པ་དེ་དག་གིས་ལོ་རེར་ཆ་སྙོམས་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་580བརྟན་པོའི་ངང་གྲངས་གཞིའི་མཐིལ་དུ་འདྲེན་གྱི་ཡོད།

མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་བསྡུར་ཚད་དང་ཆན་ཝ་ཁྲི་7100ཡི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་སྟོབས་ཤུགས་ལ་བརྟེན་ནས་ལྗང་མདོག་རྩིས་རྒྱག་ནུས་པ་འཕེལ་རྒྱས་ཀྱི་འགྲན་ལམ་ཡག་ཤོས་ཤིག་བཏོད་ཡོད།2024ལོར་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1500མང་དུ་ཕྱིན་པ་དང་ལྗང་མདོག་གློག་གཏོང་ཚད་ཀྱིས་65%ལས་བརྒལ་ནས་དམིགས་ཚད་གཉིས་ལོ་གསུམ་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

མཚོ་སྔོན་གྱི་ལྗང་མདོག་གློག་གཏོང་དང་ལྗང་མདོག་ཐོན་ལས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པའི་ཁེ་ལས་མཁས་ཅན་མང་པོའི་མིག་ལམ་དུ་མཚོ་སྔོན་གྱི་རིན་ཐང་ད་དུང་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད་པ་སྟེ།ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་3.9ཟིན་པའི་ས་མཐོ་དེར་ཉིན་314ཡི་རང་བྱུང་གྲང་བཟོའི་དུས་འཁོར་གྱིས་གྲངས་གཞིའི་ལྟེ་གནས་ཀྱི་PUEརིན་ཐང་དེ་1.2མན་བརྟན་པོར་གནས་པ་དང་།གྲང་བཟོའི་ནུས་རྒྱུ་ཟད་གྲོན་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་40%ཆག་ཡོད་པ་རེད།ལེང་ཧུའུ་སའེ་ཐེང་རི་བོའི་སྨི་4200ཡི་མཚོ་འཐེན་སར་གནམ་དཔྱད་རྒྱང་ཤེལ་45ལ་མཚན་མོ་རེར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་1.5PBཐོན་གྱི་ཡོད།འཇིག་རྟེན་ཆ་འཕྲིན་དེ་དག་ས་གནས་དེ་གའི་ལྗང་མདོག་རྩིས་རྒྱག་ཚོགས་པར་གཙང་འཁྲུད་དབྱེ་ཞིབ་བྱས་པ་དང་།མཚོ་སྔོན་པོའི་འགྲམ་གྱི་ཝ་ལི་འགག་སྒོའི་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེ་མོའི་ཞབས་ཚུགས་དང་ལོ་30ཡི་རིང་བསགས་པའི་དྲོད་ཁང་རླངས་གཟུགས་ཀྱི་གྲངས་གཞིའི་གོ་རིམ་དེ་ལྗང་མདོག་གློག་གཏོང་སྐུལ་འདེད་ཀྱི་རིམ་འདས་རྩིས་རྒྱག་བརྒྱུད་གོ་ལ་ཧྲིལ་པོའི་གནམ་གཤིས་དཔེ་དབྱིབས་གཏོད་བཞིན་ཡོད།ཐུན་མོང་མ་ཡིན་པའི་ས་ཁམས་གནས་བབ་དང་སྣོད་བཅུད་ཐོན་ཁུངས་ལས་མཚོ་སྔོན་འདི་ཉིད་གོ་ལ་ཧྲིལ་པོའི་གནམ་དཔྱད་དང་།གནམ་གཤིས།སྣོད་བཅུད།ནུས་རྒྱུ་བཅས་ཀྱི་གྲངས་གཞི་ཆེན་པོ་བཞིའི་གཏེར་ཁ་འདུས་པའི་རྩིས་ནུས་མཐོ་ས་འབའ་ཞིག་ཏུ་གྱུར་ཡོད།

གོ་ལ་ཧྲིལ་པོའི་གློག་དྲ་ཆུང་གྲས་ཀྱི་རྩིས་རྒྱག་ནུས་པ་ལྟེ་གནས་ཀྱི་དཔེ་སྟོན་རྣམ་གྲངས་ཆེ་ཤོས་ཡིན་པའི་ཀྲུང་གོའི་ཚྭ་འདམ་གྱི་ལྗང་མདོག་གློག་དྲ་ཆུང་གྲས་ཀྱི་རྩིས་རྒྱག་ནུས་པ་ལྟེ་གནས་ཀྱི་དཔེ་སྟོན་རྣམ་གྲངས་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གོར་མོ་གྲོང་ཁྱེར་དུ་བཙུགས་ནས་ལྗང་མདོག་རྩིས་རྒྱག་དང་ལྗང་མདོག་གློག་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་བཏོད་ཡོད།“2025ལོར་ང་ཚོས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཚྭ་འདམ་གྱི་ལྗང་མདོག་གློག་དྲ་ཆུང་གྲས་ཀྱི་རྩིས་རྒྱག་ལྟེ་གནས་དེ་གོ་ལ་ཧྲིལ་པོའི་ཚད་ཤིང་དུ་གཏོད་གང་ཐུབ་བྱ་རྒྱུ་ཡིན”ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་མཚོ་སྔོན་ཚད་ཡོད་ཀུང་སིའི་རྩིས་རྒྱག་ནུས་པ་ཡན་ལག་ཀུང་སིའི་ཁྲོམ་ར་པུའི་ཅིང་ལི་ཅང་ཁའེ་རུའེ་ཡིས་འདི་ལོ་རྩིས་རྒྱག་གློག་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེགས་ཆར་བརྟེན་ནས་ནུས་རྒྱུ་སྤྱོད་པའི་རྣམ་པ་དེ་བས་ཕུན་སུམ་ཚོགས་པ་དང་།གློག་དྲའི་རིག་ནུས་ཅན་གྱི་ཆུ་ཚད་དེ་བས་སྔོན་ཐོན།གསོག་ནུས་བེད་སྤྱོད་བྱེད་ཚད་དེ་བས་ནུས་ཆེ་བཅས་ཀྱི་གློག་དྲ་ཆུང་གྲས་ཀྱི་རྩིས་རྒྱག་ལྟེ་གནས་གསར་པ་བཏོད་དེ་ལྗང་མདོག་གློག་དྲ་ཆུང་གྲས་ཀྱི་རྩིས་ཤུགས་ལྟེ་གནས་མཚོ་སྔོན་དུ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྩིས་རྒྱག་གསར་གཏོད་དང་བཀོལ་སྤྱོད་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་ཞེས་བཤད།

སྲིད་ཇུས་ཀྱིས་ལམ་ལུགས་གསར་གཏོད་བྱས་ནས་ཐོན་ལས་ཀྱི་སྒུལ་ནུས་འཕེལ་བར་བྱས་པ།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་།བཟོ་འཕྲིན་པུའུ།རྒྱལ་ཁབ་གྲངས་གཞི་ཅུས།རྒྱལ་ཁབ་ནུས་རྒྱུ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་མཚོ་སྔོན་ནི་རྒྱལ་ཡོངས་ཀྱི“ལྗང་མདོག་རྩིས་རྒྱག་གློག་གཏོང་མཐུན་སྦྱོར་འཕེལ་རྒྱས་དཔེ་སྟོན་ཁུལ”ཐོག་མ་དེར་མཆན་བཀོད་བཀའ་ལན་གནང་བ་དང་སྲིད་ཇུས་ཀྱི་ཕན་འབྲས་མགྱོགས་མྱུར་ཐོན་ཡོད།

དེའི་ཐད་མཚོ་སྔོན་གྱི“1+2+N”འཕེལ་རྒྱས་ཀྱི་བཀོད་པ་གཏན་འཁེལ་བྱས་པ་སྟེ།ཟི་ལིང་ལྟེ་བར་བྱེད་པ་དང་མཚོ་ཤར་ལྟེ་གནས་ཕལ་པར་བྱེད་པ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིས“ཆུ་འོད་རླུང་གསོག་རྩིས་འགོད”གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་བཏོད་པ།མཚོ་ནུབ་ཁུལ་གྱིས“འབྱུང་ཁུངས་དྲ་སྦྲེལ་དངོས་གསོག”དྲ་བྲལ་རིག་ནུས་རྩིས་རྒྱག་རྟེན་གཞི་བསྐྲུན་པ།ཆེད་དོན་སྲིད་ཇུས་མང་པོ་ལེ་ལག་ཚང་བའི་ངང་བཏོན་པ།“གློག་རིན་གཟིགས་སྐྱོང་དང་།ནུས་རྒྱུ་ཟད་གྲོན་ལོགས་འཛུགས།ལྗང་མདོག་གློག་ཐད་མཁོ་འདོན།གྲངས་གཞི་སྒོ་དབྱེ་བཅས་ཟུང་དུ་འབྲེལ་བའི”སྲིད་ཇུས་འཐབ་ཇུས་བཏོན།

སྲིད་ཇུས་ཀྱི་སྐུལ་ལྕག་འོག་མཚོ་སྔོན་ཞིང་ཆེན་གྱི་རྩིས་རྒྱག་གཞི་ཁྱོན་དེ་2024ལོའི་ལོ་འགོའི་400Pནས་ཁྲི་1.2 Pབར་འཕར་ཡོད་པ་རེད།“མཚོ་སྔོན་གྱིས་ལྗང་མདོག་རྩིས་རྒྱག་ཐོན་ལས་ལ་80%ཡན་གྱི‘ལྗང་མདོག་གློག་སྤྱོད’ཀྱི་ནུས་པ་འགན་ལེན་བྱ་རྒྱུ་དང་།གསར་སྐྲུན་དང་རྒྱས་སྐྲུན་གྲངས་གཞིའི་ལྟེ་གནས་དང་དེ་བཞིན་ལྗང་མདོག་རྩིས་རྒྱག་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་ལ་དངོས་སུ་བསྐྲུན་པའི་ཚད་ལྡན་འཕྲུལ་འཁོར་གྱི་གྲངས་འབོར་དང་ཉོ་སྒྲུབ་ཀྱི་རྩིས་རྒྱག་སྒྲིག་ཆས་ལ་དངོས་སུ་མ་འཇོག་བྱས་ནས་མ་འཇོག་དངུལ་གྲངས་ཀྱི་བསྡུར་ཚད་10%ལས་མི་བརྒལ་བའི་བྱ་དགའ་སྤྲོད་རྒྱུ།ཁེ་ལས་དང་ཚན་པས་མཚོ་སྔོན་ཞིང་ཆེན་གྱི་གྲངས་གཞིའི་ལྟེ་གནས་ཀྱི་ཞབས་ཞུ་དང་ལྗང་མདོག་རྩིས་རྒྱག་ནུས་པ་གླས་ནས་མི་ཐབས་ལ་བརྟེན་པའི་ཐོན་ལས་ཀྱི་ལྕག་སྐུལ་གཏོང་གི་གཙོ་གནད་དུ་བྱ་དགའི་ཁ་གསབ་སྤྲོད་རྒྱུ།ཅེས་མཚོ་སྔོན་ཞིང་ཆེན་གྲངས་གཞི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།

དེར་བརྟེན་ཁེ་ལས་ཆེ་གྲས་ཁག་གིས་ཀྱང་རྣམ་གྲངས་ལ་བརྟེན་ནས་ཡིད་ཆེས་བྲིས་ཡོད་པ་སྟེ།ཀྲུང་གོ་ལན་ཐུང་དང་།ཨ་ལི་ཡུན།རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིས་མཉམ་འབྲེལ་ཐོག་བཏོད་པའི་རྒྱལ་ཡོངས་ཀྱི་གཱ་ཁྲི་ཚོགས་པས་གན་རྒྱ་བཞག་པ་ནས་ཉིན་150ལས་མི་འགོར་བར་དཔྱིད་གསར་གྱི་དགོང་ཚོགས་8Kཐད་གཏོང་བྱེད་ཚད་སྐར་ཆ་རེར་དུང་ཕྱུར་ཁྲི་50དུས་ཐོག་ཏུ་འུད་སྒྲོག་བྱེད་པར་འདེགས་སྐྱོར་བྱས་ཡོད།ཙི་ཀོང་མ་རྐང་ཐུའུ་ལིང་གྲོང་རྡལ་ཆུང་ངུའི་རྣམ་གྲངས་ལ་རྩིས་རྒྱག་ཤུགས་ཁྲི་2 Pའཆར་འགོད་བྱས་པ་དང་།ཀྲུང་གོའི་ཚོད་ལྟའི་རྟེན་གཞི་AIབཀོད་སྒྲིག་བྱས་ནས“ཟི་ལིང་དུ་སྦྱོང་བརྡར་དང་རིགས་འདེད་རྒྱལ་ཡོངས་སུ་སྤྱོད་པའི”སྤྲིན་ཚོགས་མཐུན་སྦྱོར་མངོན་འགྱུར་བྱུང་བ།ཅིང་ཏུང་ཀྲི་རྩིས་སྒེར་དབང་སྤྲིན་མཚོ་ཤར་དུ་བཙུགས་པ་དང་གྲངས་གཞིའི་མཚོན་རྟགས་ལྟེ་གནས་ཀྱིས་ལས་ཞུགས་ལས་གནས་3000བཏོད་ཡོད།

ཐོན་ལས་གཅིག་སྡུད་ལག་རྩལ་གྱིས་ལྗང་མདོག་གསར་བརྗེར་སྣེ་ཁྲིད་བྱེད་པ།

“ཤར་རྩིས་ནུབ་རྩིས”དང“ནུབ་གློག་ཤར་འདྲེན”གྱི་འཐབ་ཇུས་སྦྲེལ་མཐུད་བྱེད་སྐབས་མཚོ་སྔོན་གྱིས་གྲངས་འཛིན་དཔལ་འབྱོར་དུས་རབས་ཀྱི་ནུས་རྒྱུའི་གསར་བརྗེ་འཁྲབ་སྟོན་བྱེད་བཞིན་ཡོད་པ་རེད།

2024ལོའི་ཟླ་7པར་རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཤིས་ལྟེ་གནས་དང་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་གཉིས་མཉམ་དུ་བཙུགས་པ་རེད།རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཝུའུ་ཤིས་ལྟེ་གནས་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་བསྐྲུན་ནས་མཚོ་སྔོན་ཞིང་ཆེན་གྱི་རིམ་འདས་རྩིས་རྒྱག་རྨང་གཞིའི་སྒྲིག་བཀོད་ཀྱི་སྟོང་ཆ་བསྐངས་ཡོད།ལོ་དེའི་ལོ་མཇུག་ཏུ་ཅིན་ཧྲན་ཡུན་མཚོ་སྔོན་རིག་ནུས་རྩིས་རྒྱག་ལྟེ་གནས་དངོས་སུ་ཤར་གཏོང་ཐུབ་ནས་ནུས་ཆེ་དང་།བརྟན་པོ།བདེ་འཇགས།རྒྱ་སྐྱེད་བཅས་ཀྱི་རིག་ནུས་རྩིས་རྒྱག་ལྟེ་གནས་ཀྱི་རྩིས་རྒྱག་ནུས་པའི་ཐོན་ཁུངས་རྫིང་བུ་བཙུགས་པ་བརྒྱུད་ཕྱི་ཕྱོགས་སུ་རྩིས་རྒྱག་ནུས་པ་དང་།གྲངས་གཞི།གསོག་ཉར།འབྲེལ་མཐུད།བདེ་འཇགས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་དཔེ་དབྱིབས་ཆེན་པོ་AIལ་རྩིས་རྒྱག་རྒྱབ་སྐྱོར་བྱས་ནས་མི་ཐབས་རིག་ནུས་ལག་རྩལ་བཀོལ་སྤྱོད་དང་གསར་གཏོད་ལ་སྐུལ་འདེད་བཏང་བ་རེད།

རྨང་གཞི་དེའི་ཐོག་མཚོ་སྔོན་གྱིས་ཐོན་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་མི་ཐབས་རིག་ནུས་བཀོལ་སྤྱོད་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ཞིང་།མིག་སྔར་མཚོ་སྔོན་ལན་རྩིས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱིས་མཚོ་སྔོན་ཞིང་ཆེན་དུ་མི་ཐབས་རིག་ནུས་ཀྱི་གྲངས་གཞིའི་མཚོན་རྟགས་རྟེན་གཞི་བཙུགས་ཡོད།དེ་དང་ཆབས་ཅིག་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཟི་ལིང་གི་རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་ཐད་སྦྲེལ་ས་ཚིགས་ཀྱི་དྲ་རྒྱའི་དྲ་སྦྲེལ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་དང་སྒུལ་བདེ་དང་།གློག་འཕྲིན།སྦྲེལ་མཐུད་སོགས་གྲངས་གཞིའི་ལྟེ་གནས་རྒྱལ་ཁབ་ཀྱི་ལྗང་མདོག་གྲངས་གཞིའི་ལྟེ་གནས་ཀྱི་མིང་ཐོའི་ནང་ཚུད་ཡོད་པ་རེད།

དུས་ཐུང་ལོ་གཅིག་རིང་གོ་ལ་ཧྲིལ་པོའི་ཐོན་ལས་ཆེ་གྲས་ཀྱིས་མཚོ་སྔོན་དུ་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་ཡོད།སྐབས་གཉིས་པའི་མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་འཕེལ་རྒྱས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་ལྗང་མདོག་རྩིས་རྒྱག་ནུས་པའི་རྣམ་གྲངས་8ཀྱིས་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པ་དང་རྣམ་གྲངས་ཀྱི་དངུལ་འབོར་སྒོར་དུང་ཕྱུར་203ཟིན་པ་དེ་སྐབས་གོང་མ་དང་བསྡུར་ན་64.9%འཕར་བ་དེ་ཐོག་ནས་མཚོ་སྔོན་གྱིས་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་ཁྱབ་ཁོངས་ཀྱི་བཀོད་པ་སྔར་བས་ཟབ་ཏུ་ཕྱིན་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་མཚོན་ཡོད་པ་རེད།

འཆར་འགོད་ལ་གཞིགས་ན།མཚོ་སྔོན་གྱིས་2027ལོར་སླེབས་སྐབས་རྩིས་རྒྱག་གཞི་ཁྱོན་ཁྲི་10 Pལས་བརྒལ་བ་དང་2030ལོར་ཁྲི་20དང་Pལས་བརྒལ་བའི་བརྩོན་ལེན་བྱ་རྒྱུ་དང་།མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་དང་ནུས་གསོག་ནུས་པ་གསར་པ་སོགས་གསར་དར་ལས་རྣམ་སྐྱེད་སྲིང་བྱ་རྒྱུ།གཞི་གཅིག་ཅན་གྱི་རྩིས་རྒྱག་ཤུགས་དྲ་བའི་ནུབ་རྒྱུད་ཀྱི“ཚོད་ལྟ་ཁུལ”བསྐྲུན་ནས་ཀན་སུའུ་དང་ཧྲའན་ཤིས་ཉིང་གིས་ས་ཁོངས་མཐུན་སྦྱོར་བཀོད་གཏོང་མ་ལག་གསར་པ་འཚོལ་ཞིབ་བྱས་ཏེ་ཤར་རྒྱུད་ཀྱི་རྩིས་རྒྱག་དགོས་མཁོ་དང་ལེན་བྱེད་དགོས།གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་“གསར་གཏོད་ཁུལ་”འཛུགས་སྐྲུན་བྱེད་པ་དང་།རྩིས་རྒྱག་ཤུགས་དང་སྐྱེ་ཁམས་དང་།ཚྭ་མཚེའུ།ཡུལ་སྐོར་སོགས་ཁྱབ་ཁོངས་མཉམ་འདྲེས་ཟབ་སྤེལ་བྱེད་པ།རིམ་པ་མང་བའི་སྒོ་འབྱེད་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་པ་བཅས་བྱས་ཏེ།“ཝ་ཐེ་”དང་“པི་ཐེ་”ཡི་རིན་ཐང་མཉམ་འགུལ་དངོས་སུ་མངོན་འགྱུར་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།