མཚོ་སྔོན་མདའ་བཞིས་གཞི་རིམ་བཅོས་སྐྱོང་བྱེད་པའི“གཡུལ་ས་ཆུང་ཆུང”གིས་དམངས་འཚོའི“བདེ་སྐྱིད་ཆེན་པོ”ཡོང་བར་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

གྲོང་གསེབ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་རྨང་གཞིའི་ལས་གྲྭ་ཞིག་ཀྱང་ཡིན།

ཉེ་བའི་ལོ་ཤས་རིང་།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་གྲོང་ཚོ(སྡེ་ཁུལ)དེ་གྲོང་གསེབ་དར་རྒྱས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་གཡུལ་ས་གཙོ་བོར་བརྩིས་ནས“ཞབས་ཞུའི་རྣམ་པ་སྒྱུར་བཀོད་དང་།དམངས་འཚོའི་དྲོད་ཚད་མཐོ་རུ་གཏོང་བ།བཅོས་སྐྱོང་གཞི་རྟེན་གསར་སྐྲུན་བྱེད་པའི”རྩ་གསུམ་བྱེད་སྟངས་གསར་གཏོད་བྱས་པ་དང་།ཆེད་དོན་མ་དངུལ་སྒོར་ཁྲི་481བསྡུ་སྒྲིལ་བྱས་པ་བརྒྱུད།གྲོང་ཚོའི“ཡོད་པ་བཅུའི”འདུ་འགོད་སྤེལ་ནས་གཞི་རིམ་གྱི་གཡུལ་ས་དེ“ལས་སྒྲུབ་ས་ཚིགས་རྐྱང་པ”ནས“ཕྱོགས་བསྡུས་ཞབས་ཞུའི་གཟུགས་སུ”བར་བསྒྱུར་རྒྱུ

དམངས་འཚོའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་དམངས་ཕན་གྱི“དྲོ་སྐྱིད་གྲུ་ཁ”བཏོད་པ།

“དེ་སྔ་ལས་དོན་ཁག་སྒྲུབ་སྐབས་ཤང་ནས་རྫོང་བར་ཡིན།ད་ཆ་ཚོམས་ཆེན་ནང་སྐོར་བ་བརྒྱབ་ན་ཚང་མ་ཡག་པོ་འདུག”ཧེ་ཡན་རྫོང་ཝ་ཙེ་ཤང་གི་འབྲོག་པ་བསོད་ནམས་རྡོ་རྗེས་ཡག་པོ་གཉེར་མ་ཐག་པའི་སྤྱི་ཚོགས་འགན་བཅོལ་གཱ་འཁྱེར་ནས་མཐེ་བོང་བསྒྲེངས།

གྲོང་ཚོའི“ཡོད་པ་བཅུའི”འདུ་འགོད་འཛུགས་སྐྲུན་བྱེད་རིང་ཧའེ་ཡན་རྫོང་གིས་གཅིག་འཐུས་རྣམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བསྐྲུན་པ་བརྒྱུད་རྩྭ་ཐང་གི་ཁ་གསབ་དང་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པ་སོགས་ཀྱི་འགུལ་ཚད་མཐོ་བའི་དོན་ཚན་87“ཐུམ་སྒྲིལ་”བཅའ་སྡོད་བྱས་ནས་གཅིག་སྡུད་ཐོག་ལས་སྒོ་སྣ་ཚོགས་གཉེར་བ་བརྒྱུད་མང་ཚོགས་ཀྱིས་ལས་དོན་སྒྲུབ་པའི“གཅིག་འཐུས་རྣམ་པའི”ཞབས་ཞུ་མངོན་འགྱུར་བྱུང་ཡོད།

ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཞབས་ཞུའི་ལས་གནས་ཀྱི་སྒྲོལ་མ་ཚེ་རིང་གིས་2024ལོའི་དགུན་དུས་སུ་ལོ་63ལ་སླེབས་པའི་དབྱངས་ཅན་རྩྭ་རའི་ཁ་གསབ་བློ་འདྲི་བྱེད་པར་ཡོང་བ་དང་ལས་དོན་མི་སྣས་ཆུ་ཚོད་གཉིས་ལྷག་ཙམ་སྤྱད་དེ་ཁོང་ལ་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་དང་དབྱངས་ཅན་གྱིས་ཆེད་མངགས་ཞབས་ཞུའི་སྐར་ཁུང་དུ་ཁ་བཏགས་ཤིག་ཕུལ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ད་ཆ་སྡེ་ཚན་12ཀྱི་ལས་སྒྲུབ་སྐར་ཁུང་གིས“ཕྱོགས་བསྡུས་ཞབས་ཞུའི་གླིང་ཕྲན”6མཉམ་སྒྲིག་བྱས་པ་དང་ཉིན་རེར་ཆ་སྙོམས་དངོས་ཟོག་གཉེར་ཚད་སྒྱུར་བཀོད་མ་བྱས་གོང་ལས་ལྡབ་གཉིས་འཕར་བ་དང་གྱང་ངོས་ཀྱི་གློག་རྡུལ་བརྙན་ཤེལ་དུས་ཐོག་ཏུ“98.6%”མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཀྱི་གྲངས་གཞི་འཕར་བཞིན་ཡོད་པ་རེད།

གྲོང་ཚོ་དང“ཡོད་པ་བཅུ”ཡི་འདུ་འགོད་སྤེལ་འགོ་ཚུགས་པ་ནས་བཟུང་ཧེ་ཡན་རྫོང་གིས“ཡུལ་བབ་དང་བསྟུན་པ་དང་།ཁྱད་ཆོས་མངོན་གསལ་དོད་པ།ཐོན་ཁུངས་བསྡུ་སྒྲིལ།བཀོད་སྒྲིག་ལུགས་མཐུན།གྲོན་ཆུང་ནན་ཏན།ཕན་འབྲས་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་།“ཡོད་པ་བཅུ”ཡི་ལས་གྲྭ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་རེད།མིག་སྔར་གྲོང་ཚོ་21དང་སྡེ་ཁུལ་གྱི་གྲོང་ཚོ་6གི“ཡོད་པ་བཅུའི”འདུ་འགོད་དམིགས་ཚད་ཚང་མ་མངོན་འགྱུར་བྱུང་ཡོད།

མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕན་ནུས་སྔར་བས་ཆེ་རུ་གཏོང་ཆེད།ཧེ་ཡན་རྫོང་གིས་མ་དངུལ་སྒོར་ཁྲི་182.8བཏང་ནས་རྫོང་ཡོངས་ཀྱི་གྲོང་ཚོའི་སྡེ་ཁུལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སྒྱུར་བཀོད་རིམ་སྤོར་བྱས་པ་དང་།“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཞབས་ཞུའི་སྐར་ཁུང་དུ་བཅའ་སྡོད་བྱས་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ལས་སྒོའི་རྐང་འཛིན་པ་བཀོད་སྒྲིག་བྱས་ནས་རྩལ་ནུས་གསོ་སྦྱོང་བྱས་པ་དང་།

དེ་དང་ཆབས་ཅིག་ཧེ་ཡན་རྫོང་གིས་ད་དུང་གྲོང་ཚོའི་སྡེ་ཁུལ་36ཚང་མར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཙུགས་ནས་འགལ་ཟླ་དང་རྩོད་གཞི་ཐོན་མ་ཐག་ནས་སེལ་བ་དང་།རྫོང་ཡོངས་ཀྱི་མི་140ཡི་གྲོང་ཚོ་རིམ་པའི་འདུམ་འགྲིག་པའི་དཔུང་ཁག་དང་མི་35ཡི་སྡེ་ཁུལ་འདུམ་འགྲིག་པའི་དཔུང་ཁག་གིས་ལོ་འདིའི་ནང་འགལ་ཟླ་དང་རྩོད་གཞི་ཁག་103ཐག་གཅོད་བྱས་པས།“དོན་དག་ཆུང་ངུ་གྲོང་ཚོ་ནས་ཕྱིར་མི་ཐོན་པ་དང་།དོན་ཆེན་གྲོང་རྡལ་ནས་ཕྱིར་མི་ཐོན་པ།འགལ་ཟླ་གོང་འབུལ་མི་བྱེད་པའི”དམིགས་ཚད་མངོན་འགྱུར་ནུས་ལྡན་ཐུབ་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་དང་

“རྒན་རྒོན་གཅིག་དང་ཆུང་བ་གཅིག”ལ་སྲུང་སྐྱོང་བྱས་ནས་དམངས་འཚོའི“བདེ་སྐྱིད་ལྡན་པའི་འཁོར་རྒྱ”བཏོད་པ།

“རྒན་རྒོན་གཅིག་དང་ཆུང་བ་གཅིག”ནི་དམངས་འཚོ་དང་འབྲེལ་བ་ཡོད་པ་དང་།དམངས་སེམས་སྦྲེལ་མཐུད་བྱེད་པ་དེ་མི་དམངས་བླ་ན་མེད་པའི་འདུ་ཤེས་མཚོན་པ་དང་།ཚོད་བགམ་བྱ་ཡུལ་ནི་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་ཡིན་པ་རེད།

ཧེ་ཡན་རྫོང་གིས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་“བཟའ་བཅའ”ལ་དམིགས་ནས་གྲོང་ཚོ་དང“ཡོད་པ་བཅུ”འདུ་འགོད་བརྒྱུད་བདེ་སྐྱིད་ལྡན་པའི་ཟ་ཁང་26བཏོད་དེ་ཉིན་ལྟར་གྲོང་ཚོར་ཡོད་པའི་རྒན་རྒོན་དང་གཞིས་ལུས་བྱིས་པར་འཚོ་བཅུད་ཕུན་སུམ་ཚོགས་པའི་བཟའ་བཅའ་མཁོ་འདོན་བྱས་ཡོད།

“ཕ་མ་གཉིས་ཕྱི་རོལ་དུ་ལས་ཀ་བྱེད་པར་བསྐྱོད་རྗེས་ང་དང་རྨོ་བོ་ཉིན་ལྟར་བདེ་སྐྱིད་ལྡན་པའི་ཟ་ཁང་དུ་ཟ་མ་བཟའ་བར་ཡོང་གི་ཡོད”ཅེས་ཧ་ལེ་ཅིན་ཤང་གི་ལོ་11ལ་སླེབས་པའི་པ་དབྱིན་གྱིས་འཛུམ་དམུལ་དམུལ་ངང་བཤད།ཁོང་གི་རྒྱབ་ཏུ་གྱང་ངོས་སུ་སྦྱར་བའི“མདོག་གཉིས་ཟས་ཐོ”དེ་བས་མངོན་གསལ་དོད་པོ་ཡོད་པ་སྟེ།ལྗང་མདོག་ཤོག་བྱང་ནི་ཁྲག་ཤེད་མཐོ་བའི་རྒན་རྒོན་གྱིས་ཆེད་མངགས་ཟ་མ་མཁོ་འདོན་བྱེད་པ་དང་།ཤོག་བྱང་སེར་པོའི་ཐོག་གཞིས་སྲུང་བྱིས་པའི་ཟ་མ་བསྣན་པའི་ཀལ་འདུས་ཚད་གསལ་པོར་བཀོད་ཡོད་པ་རེད།

ཕྱིར་གླ་པར་སྐྱོད་མཁན་གྱི་སེམས་ཁྲལ་སེལ་ཆེད།“རྒན་གཅིག་དང་ཆུང་བ་གཅིག”ལ་ཞི་མཐུན་དང་དྲོ་སྐྱིད་ལྡན་པའི་སྡོད་གནས་ཁོར་ཡུག་ཅིག་གཏོད་ཆེད།“བཅུ་ཡོད་པའི”འདུ་འགོད་སྤེལ་ཚུན།ཧེ་ཡན་རྫོང་གིས་མ་དངུལ་སྒོར་ཁྲི་110.29བཏང་ནས་གྲོང་ཚོའི་བདེ་སྐྱིད་ཟ་ཁང་4དང་སྡེ་ཁུལ་གྱི་བདེ་སྐྱིད་ཟ་ཁང་1གསར་དུ་བསྐྲུན་པ་དང་གྲོང་ཚོའི་བདེ་སྐྱིད་ཟ་ཁང་13སྒྱུར་བཀོད་དང་རིམ་སྤོར་བྱས་པས་གྲོང་ཚོ(སྡེ་ཁུལ)36གི་བདེ་སྐྱིད་ཟ་ཁང་ཚང་མར་བསྐྲུན་ཡོད་པ་རེད།

ཧེ་ཡན་རྫོང་གིས་ད་དུང་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོར་དམིགས་ནས་གྲོང་ཚོའི(སྡེ་ཁུལ)དུ་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་བཙུགས་པ་དང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་32ལ་བཀོད་སྒྲིག་བྱས་པའི་གྲོང་ཚོའི་སྨན་པ་34ཡིས་དུས་བཀག་ལྟར་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་གཅོང་ནད་ཕོག་མཁན་སོགས་གཙོ་གནད་མི་ཚོགས་ལ་སྒོ་རྩར་སྨན་བཅོས་བྱས་ཏེ་མི་སེར་གྱི་བདེ་ཐང་ལ་སྲུང་སྐྱོང་དེ་བས་ལེགས་པ་ཐུབ་པ་བྱ་རྒྱུ་རེད།མང་ཚོགས་རྣམས་ཐག་ཉེ་སར་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད།ཧེ་ཡན་རྫོང་གིས་ད་དུང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་སྤུས་ཚད་མཐོ་རུ་བཏང་བ་བརྒྱུད་ཁྲག་ཤེད་ཚད་ལེན་ཡོ་བྱད་དང་སྨུག་འགྱུར་འཇིབ་འདྲེན་ཡོ་བྱད་སོགས་གཅིག་གྱུར་ཐོག་སྒྲིག་སྦྱོར་བྱས་ནས་ཆུ་ཚོད་24རིང་རྒྱང་ཁྲིད་སྨན་བཅོས་ནད་དཔྱད་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

ཟུར་གསུམ་གྲོང་གྲོང་རྡལ་ཧའེ་ཧྥུང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་གྲོང་ཚོའི་སྨན་པ་ཝང་ཡུང་མེ་ཡིས་ལོ་68ལ་སླེབས་པའི་ལི་ཁའེ་ཧྭ་ལ་ཁྲག་ཤེད་འཇལ་བཞིན་ཡོད།“མཐོ་གནོན་132དང་དམའ་གནོན་85ཡིན་པས་ཟླ་གོང་མ་ལས་བརྟན་པོ་ཡོད”ཁོང་གིས་གྲངས་གཞི་འགོད་ཞོར་དུ་“ཚིལ་གཅོག་སྨན་དུས་ཐོག་ཏུ་འཐུང་དགོས་པ་དང་གཟའ་འཁོར་རྗེས་མར་ངས་ཁྱེད་ལ་བསྐྱར་ཞིབ་བྱེད་པར་ཡོང་དགོས་”ཞེས་བཀའ་མངགས་གནང་བ་རེད།འཕྲོད་བསྟེན་ཁང་དུ་ནད་ཁྲི་གསར་པའི་ཐོག་དུག་སེལ་མལ་གདན་བཏིང་ཡོད་པ་དང་གྱང་ཟུར་གྱི་སྨན་སྒམ་ནང་རྒྱུན་སྤྱོད་སྨན་རིགས་40ལྷག་ཙམ་རིགས་དབྱེ་ནས་བཞག་ཡོད་པ་རེད།ལི་ཁའེ་ཧྭ་ཡིས་རང་འགུལ་ཁྲག་ཤེད་བརྟག་དཔྱད་ཡོ་བྱད་ལ་ལྟ་བཞིན་དུ“དེ་སྔ་ཁྲག་ཤེད་འཇལ་སྐབས་ད་དུང་གྲོང་རྡལ་དུ་འགྲོ་དགོས་ཀྱི་ཡོད།ད་ཆ་རྐང་པ་བཀྱག་ནས་འཕྲོད་བསྟེན་ཁང་དུ་སྐྱོད་ཀྱི་ཡོད་པས་སེམས་བདེ་པོ་འདུག”ཅེས་བཤད།

ཤེས་དཔལ་བཅོས་སྐྱོང་གི་རེས་སྐོར་གཉིས་ཀྱི་སྐུལ་འདེད་ཀྱིས་གྲོང་གསེབ་ཀྱི“རྣམ་པ་གསར་པར”བཀོད་པ།

གྲོང་ཚོའི“ཡོད་པ་བཅུའི”འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་ཧའེ་ཡན་རྫོང་གིས་ཤེས་དཔལ་ལག་ལེན་ས་ཚིགས་དང་གྲོང་ཚོའི་ལོ་རྒྱུས་བཤམས་སྟོན་ཁང་དེ་དྲང་ནུས་བརྒྱུད་སྤེལ་དང་དར་སྲོལ་གསར་པ་དར་སྤེལ་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཏུ་བསྐྲུན་ཡོད།

ཟུར་གསུམ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཤེས་དཔལ་ལག་ལེན་ས་ཚིགས་ནང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མཚོ་མོ་སྐྱིད་ཀྱིས་བུད་མེད་ཚོར“མི་རིགས་མཐུན་སྒྲིལ”གྱི་བརྗོད་དོན་གཙོ་བོའི་འཚེམ་དྲུབ་རྒྱག་རྒྱུར་མཛུབ་ཁྲིད་བྱེད་བཞིན་ཡོད།“ཁབ་རྐང་ནི་སེ་འབྲུའི་འབྲུ་བུ་ལྟར་འཐུག་པོ་ཞིག་དགོས”ཁོང་གིས་འཚེམ་དྲུབ་ཀྱི་སྒྲོམ་གཞི་ལེགས་སྒྲིག་བྱས་ནས་ཉི་འོད་བོད་བཟོའི་མེ་ཏོག་སྒེའུ་ཁུང་བརྒྱུད་དེ་ལེགས་གྲུབ་བྱུང་མེད་པའི་《ས་མཐོའི་དཔྱིད་ཀྱི་འབྲོག་པའི་རི་མོ》ཞེས་པའི་ཐོག་འཕྲོ་བ་དང་རྣམ་པ་དེ་རྫོང་ཡོངས་ཀྱི་གྲོང་ཚོའི་ལོ་རྒྱུས་ཁང་29རུ་རྒྱུན་རྣམ་དུ་གྱུར་ཡོད་པ་རེད།

“ཡོད་པ་བཅུ”འདུ་འགོད་ལག་ལེན་བསྟར་ཚུན་ཧེ་ཡན་རྫོང་གིས་ཁྱོན་མ་དངུལ་སྒོར་ཁྲི་34.06བཏང་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་ཚད་གཞི་མཐོ་རུ་བཏང་བ་དང་།ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཤང(གྲོང་རྡལ)ལོ་རྒྱུས་ཁང་6དང་།གྲོང་ཚོའི་ལོ་རྒྱུས་ཁང་29བཅས་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ།དེའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྱམས་རིང་དང་།དང་བླངས་པའི་ཁྱིམ།ཞིང་ཁྱིམ་དཔེ་དེབ་ཁང་སོགས་བྱེད་ནུས་ཁང་སྣ་ཚོགས་བཙུགས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་ཐུན་མོང་ཅན་དུ་འགྱུར་བ་བྱས་ཡོད།

ཧེ་ཡན་རྫོང་གིས་ད་དུང་གྲོང་ཚོའི(སྡེ་ཁུལ)ལུས་རྩལ་ཐང་36ལ་ཉམས་གསོ་དང་ལུས་སྦྱོང་ཡོ་བྱད་བརྗེ་བའི་ལས་དོན་སྤེལ་ནས་གྲོང་ཚོའི་ལུས་རྩལ་ཐང་དེ་དྲང་ནུས་བརྒྱུད་སྤེལ་དང་དར་སྲོལ་གསར་པ་དར་སྤེལ་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་བ་བརྒྱུད་མང་ཚོགས་གོང་བུར་འགྲིལ་བ་དང་རིག་གནས་འཚོ་བ་འཁྲུག་ཏུ་གཏོང་བའི་དམིགས་ཚད་མངོན་འགྱུར་བྱས་ཡོད།

ཧེ་ཡན་རྫོང་གིས་ད་དུང་དམངས་འདོད་བསྡུ་རུབ་ཀྱི་ཐབས་ལམ་ཤར་གཏོང་བྱ་རྒྱུ་དེ་གྲོང་ཚོའི“ཡོད་པ་བཅུ”འདུ་འགོད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཡོད།

མཚོ་སྔོན་པོ་ཤང་དུ་གསར་དུ་བསྐྲུན་པའི“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ལས་དོན་ཁང་ནང་ཧེ་ཡན་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་རྒྱལ་གྱིས་ཟླ་འདིར་བསྡུ་རུབ་བྱས་པའི་དམངས་འཚོའི་གྲོས་འགོ་7ལེགས་སྒྲིག་བྱེད་བཞིན་ཡོད།“གསར་དུ་བསྐྲུན་པའི་སྨི་ངོས་གྲུ་80ཟིན་པའི་ལས་དོན་ས་ཚིགས་ནི་སྲིད་ཇུས་སྒྲོག་འགྲེལ་ཐིང་ཡིན་ལ་དམངས་འདོད་འཚོལ་སྡུད་ཁང་ཡང་ཡིན་ལ་འགལ་ཟླ་འདུམ་འགྲིག་ས་ཚིགས་ཀྱང་ཡིན”ཁོང་གིས་གྱང་ངོས་ཀྱི་“དམངས་ཀྱི་གནས་ཚུལ་ཐད་གཏོང་རླངས་འཁོར་”ཞེས་པའི་བརྒྱུད་རིམ་རི་མོར་མཛུབ་མོ་བཙུགས་ནས་ངོ་སྤྲོད་བྱས་པ་རེད།

ཧེ་ཡན་རྫོང་གིས་གྲོང་ཚོ་13དང་སྡེ་ཁུལ་1ལ“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ལས་དོན་ཁང་བསྐྲུན་པ་དང་མིག་སྔར་གྲོང་ཚོ(སྡེ་ཁུལ)“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ལས་དོན་ཁང་36ཚང་མར“ཡོད་པ་དྲུག”གི་ཚད་གཞི་ཟིན་ནས་གྲོང་མིར་དེ་བས་སྟབས་བདེའི་རེ་འདུན་མཚོན་པའི་ཐབས་ལམ་མཁོ་འདོན་བྱས་ཡོད།

ད་ཆ་ཧེ་ཡན་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཚོས་རྣམ་པ་གསར་རྐྱང་དུ་གྱུར་པའི“ཡོད་པ་བཅུའི”གཡུལ་ས་བརྒྱུད“སྒོ་གཅིག་ནང་འཛུལ་ནས་ཁྱིམ་ཚང་བརྒྱ་གཉེར་བའི་”སྟབས་བདེ་ལོངས་སུ་སྤྱོད་ཐུབ་ལ།“སྒོ་འགྲམ་གྱི་བདེ་ཐང་སྲུང་སྐྱོང”ཉམས་ལེན་ཡང་ཐུབ་ཀྱི་ཡོད་ལ།ཇ་ཆང་གི་དྲི་ཞིམ་ཁྲོད་གཞི་རིམ་བཅོས་སྐྱོང་ནང་དེ་བས་ཞུགས་ཐུབ་ཀྱི་ཡོད།“ད་ཆ་མང་ཚོགས་ཀྱི་འཛུམ་མདངས་ནི‘ཡོད་པ་བཅུའི’ལས་གྲྭའི་གྲུབ་འབྲས་ཡག་ཤོས་དེ་རེད”ཅེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཧའེ་ཡན་རྫོང་ཅིན་ཐང་ཤང་སྟོང་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉིའུ་ཧྲེང་ཡིའུ་ཡིས་བཤད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།