དཔྱིད་རླུང་ལྡང་ནས་སྐྱེ་དངོས་ཡོད་ཚད་སླར་གསོ་བྱུང་།དཔྱིད་ཀྱི་ཉིན་མོའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་ལི་མེ་ཏོག་རབ་ཏུ་བཞད་པ་དང་།གྲོང་ཚོ་དང་གྲོང་རྡལ་ཁག་གིས་ཀྱང་ཧྭ་ཤིན་དང་བསྟུན་ནས་གྲོང་གསེབ་དར་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་ཞིག་བཏོད་ཡོད།
ཁྲི་ཀ་རྫོང་གྲོང་གསར་ཤང་གི་མཐོངས་ཡངས་སྔོ་ཚལ་མྱུག་གསོའི་རྟེན་གཞིའི་ནང་གྲོང་མི་ཚོས་མྱུ་གུ་གསར་པ་འདེབས་བཞིན་ཡོད་པ་དང་།ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་གི་སྒོ་འགྲམ་དུ་དཀའ་སྤྱད་ངལ་རྩོལ་བྱེད་མཁན་གྲོང་མི་ཚོའི་གདོང་ནས་འཛུམ་མདངས་འཕྱུར་བ་སོགས་ཀྱི་རྣམ་པ་དེ་ནི་ཁྲི་ཀ་རྫོང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱས་ཏེ“ཀྲི་པུའུ་སྟོབས་ཆེར་གཏོང་བ་དང་།ཐོན་ལས་དར་རྒྱས་གཏོང་བ།མི་སེར་ཕྱུག་པོ་ཆགས་པ”བཅས་ཀྱི་གོམ་སྟབས་གསུམ་གྱི་འཐབ་ཇུས་ལག་བསྟར་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད།
ཀྲི་པུའུ་ཡིས་རྨང་གཞི་བརྟན་དུ་གཏོང་བའི“མདུན་སྐྱོད་རོལ་དབྱངས”དཀྲོལ་བ།
“དེ་སྔ་གྲོང་ཚོའི་ནང་ཚོགས་འདུ་ཞིག་འཚོག་རྒྱུ་ཁག་པོ་ཡོད།ད་ཆ་ཏང་ཡོན་གྱིས་སྣེ་ཁྲིད་དེ་ལས་ཀ་བྱེད་པ་དང་མང་ཚོགས་ཀྱི་རྗེས་སུ་འབྲངས་ཡོད”ཧོ་ཤིས་གྲོང་རྡལ་ཅ་ལོ་སུའུ་ཧོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཡོན་ཀྲུའུ་ལ་མྱོང་ཚོར་དེ་འདྲ་བྱུང་དོན་ནི་དེ་སྔའི“གནད་དོན་ཡོད་པའི་གྲོང་ཚོ”དེས་ནུས་མེད་ཟབ་ཟོབ་ཀྱི་དག་ཐེར་བྱེད་ཐབས་བརྒྱུད་མངོན་འགྱུར་བྱུང་བ་རེད།
ཅ་ལོ་སུའུ་ཧོ་གྲོང་ཚོའི་ཏང་ཀྲི་པུའུ་དེ་གོང་གྲོང་ཚོ་རིམ་པའི་དཔྱད་ཞིབ་ལོ་གསུམ་བསྟུད་མར་ཤང་གྲོང་དེ་གའི་དུས་མཇུག་ཏུ་གནས་པ་དང་།གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཐུས་ཚང་མེད་པ།མི་འཚོ་སྡོད་ཁོར་ཡུག་ཡུན་རིང་བཙོག་ཟིང་ཞན་གསུམ་སོགས་ཀྱི་གནད་དོན་གྱིས་རྐྱེན་པས་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ནང་བཅུག་ཡོད།གནས་ཚུལ་དེའི་མདུན་དུ་ཅ་ལོ་སུའུ་ཧོ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་དང་ཐོག་ཚན་ཁག་གི་དཔུང་ཁག་འཛུགས་སྐྱོང་ཐད་“གྲི་འགུལ་”བྱས་ཏེ་བརྟག་ཞིབ་ཤེས་རྟོགས་དང་།མང་ཚོགས་ཀྱིས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས།ཨུ་ལྷན་གཉིས་ཀྱིས་ཕན་ཚུན་དཔྱད་བསྡུར་བཅས་བྱས་པ་བརྒྱུད“ཨུ་ལྷན་གཉིས་”ཀྱི་ཚན་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་བཏང་ཡོད།དེ་དང་ཆབས་ཅིག་དག་ཐེར་གྱི་གཙོ་གནད་ལ་དམ་པོར་དམིགས་ནས་དུས་བཀག་ལྟར་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚོགས་འདུ་དང་།ཏང་ཡོན་ཚོགས་ཆེན།མང་ཚོགས་འཐུས་མི་ཚོགས་ཆེན་བཅས་འཚོགས་ནས“ཏང་ཡོན་དང་མང་ཚོགས་ཟུང་དུ་འབྲེལ་བའི”མཉམ་འགུལ་ལམ་སྲོལ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་གྱིས་ཏང་རྩ་འཛུགས་འཛུགས་སྐྱོང་དང་།མི་སྡོད་ཁོར་ཡུག་བཅོས་སྒྲིགའགལ་ཟླ་དང་རྩོད་གཞི་འདུམ་འགྲིག་སོགས་གཙོ་གནད་ལས་དོན་ཁྲོད་འགན་འཁྲི་ཧུར་ཐག་འཁུར་བ་དང་རང་འགུལ་ངང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་ཁྲིད་སྟོན་བྱས་ནས་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
“ད་རེས་ནུས་མེད་ཟབ་ཟོབ་ཀྱི་བཅོས་སྒྲིག་བྱས་པ་བརྒྱུད་ང་ཚོའི་གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་གྲལ་འགྲིག་པ་དང‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་ཁོངས་མིའི་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཆིང་ཀྲིས་བཤད།
ན་ནིང་ནས་བཟུང་ཁྲི་ཀ་རྫོང་གིས་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་དུས་འགོའི་གྲ་སྒྲིག་ལས་དོན་ལ་དམ་པོར་དམིགས་ནས“ཆབ་སྲིད་ཀྱི་ནུས་པ”དེ་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་འགན་ཨང་དང་པོར་བརྩིས་ནས་འགག་སྒྲོལ་དཀའ་སེལ་དང་སྤུས་ཚད་མཐོར་གཏོང་ཐད་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་མུ་མཐུད་ཆེ་རུ་ཕྱིན་ཡོད།གཞི་རིམ་ཏང་འཛུགས་སྐྱོང་གི“མཁར་རྫོང་འདུ་འགོད”ལག་བསྟར་གཏིང་ཟབ་བྱེད་པ་དང་།ཤང་དམ་འཛིན་བྱས་ནས་གྲོང་ཚོ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ།ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དང་མཐོར་འདེགས་གཏོང་བ་སོགས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ།གྲོང་ཚོ་རིམ་པའི་མཐུན་སྒྲིལ་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་འགལ་བ་དང་རྩོད་གཞི་143ཐག་གཅོད་དང་།ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནསགཞི་རིམ་གྱི་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཅན་ཁག་ཅིག་ཐག་གཅོད་ནུས་ལྡན་ཐུབ་པ་དང་།གཞི་རིམ་ཏང་རྩ་འཛུགས་ཀྱི་འབོད་སྐུལ་བྱེད་ནུས་དང་གོང་བུར་འགྲིལ་ཤུགས་མངོན་གསལ་ཆེ་རུ་ཕྱིན་ཡོད།
ཐོན་ལས་དར་རྒྱས་བཏང་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་འབད་འཐབ་ཀྱི་རོལ་དབྱངས་བརྩམས་པ།
ཁྲོམ་གཞུང་གསར་པའི་ཤང་ལུའུ་ཆེ་གྲོང་ཚོའི་མཐོངས་ཡངས་སྔོ་ཚལ་མྱུག་གསོའི་རྟེན་གཞིའི་དྲོད་ཁང་ཆེ་མོར་སྐྱོད་སྐབས་མྱུ་གུ་གསོ་བའི་སྡེར་མའི་ཐོག་མྱུ་གུ་གསར་པ་གཏོར་ནས་ཐོན་པ་དང་རིག་ནུས་དྲོད་ཚད་ཚོད་འཛིན་མ་ལག་གིས་གནད་སྨིན་སྲུང་སྐྱེལ་བྱས་པ་དང་།གྲོང་མི་ཚོས་སྔོ་ལྗང་གི་མྱུ་གུའི་ཉལ་ཁྲིའི་ནང་ལས་ཀ་བྱེད་པའི་ངར་ཤུགས་ཆེན་པོ་ལྡན་པ་དང་།ལ་ལས་ས་བླུགས་པ་དང་།ལ་ལས་ལོག་འདེབས་པ།ལ་ལས་སྡེར་སྒྲིག་པ་སོགས་གྲོང་མི་ཚོས་དབྱར་འགོའི་སྤོ་འཛུགས་བྱེད་པར་ནུས་ཚད་འདང་ངེས་ཤིག་གསོག་བཞིན་ཡོད།“སྔོན་ཆད་ས་ཆ་གཞན་དུ་ལས་ཀ་བྱེད་པར་འགྲོ་དགོས་པས་ད་ཆ་སྒོ་འགྲམ་དུ་ཡོང་འབབ་སྒོར་4000ལྷག་ཙམ་ཡོང་གི་ཡོད”ཅེས་དབུལ་སྒྲོལ་དུད་ཚང་ཀའོ་ཡུས་ཧྭ་ཡིས་དགའ་སྤྲོའི་ངང་བཤད།
ད་ཆ་ཁྲོམ་གཞུང་གསར་པའི་ཤང་གིས་མ་དངུལ་སྒོར་ཁྲི་3543བཏང་ནས་ལག་བསྟར་བྱས་པའི་ཚད་གཞི་མཐོ་བའི་མཐོངས་ཡངས་སྔོ་ཚལ་འདེབས་འཛུགས་དང་།ཁྱད་ལྡན་ཅན་གྱི་གསོ་ཚགས།ཆུ་དཀོན་པའི་སྔོ་ཚལ་དང་བསྙལ་མ་ལས་སྣོན།མཛོད་ཉར་འཁྱག་སྦྲེལ་རྟེན་གཞི།གྲོང་གསེབ་ཡུལ་སྐོར་སོགས་འཛུགས་སྐྲུན་རྣམ་གྲངས་ཀྱིས་ས་གནས་དེ་གའི་མང་ཚོགས་300ལྷག་ཙམ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
ཁྲི་ཀ་རྫོང་གིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩའི་འདེགས་སྐྱོར་ཞིག་ཏུ་བརྩིས་ནས“གྲོང་ཚོ་སྟོབས་ཆེན”གྱི་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང“ཏང་ཀྲི་པུའུ་དང་མཉམ་ལས་ཁང་།ཞིང་དུད”བཅས་ཀྱི་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ནས་འབྲི་ཏ་ས་འཛིན་སྔོན་པོ་འདེབས་འཛུགས་དང་།སྐམ་སའི་ཆུ་གྲང་ཉ་གསོ་ཚགས།ཆུ་སྐམ་སྔོ་ཚལ་དང་སྲན་བཟོས་ཐོན་རྫས་ལས་སྣོན་སོགས་རང་བརྟེན་གཉེར་སྐྱོང་དང་།ལས་རྣམ་ཕུན་སུམ་ཚོགས་པ།མདུན་ལམ་ཡངས་པ་བཅས་ཀྱི་དངོས་ཚན་ཐོན་ལས་ཁག་གཅིག་གི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད།མིག་སྔར་རྫོང་ཡོངས་ཀྱི་གྲོང་ཚོ་61གི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་20ལས་བརྒལ་བ་དང་།གྲོང་ཚོ་25ལ་སྒོར་ཁྲི་50ཡན་ཟིན་པ།ཐོན་ལས་དར་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡོད་པ་བཅས་རེད།
འབྲི་གཡག་དང་།བོད་ལུགདགུན་དཔྱིད་ཀྱི་གྲོ་བཅས་གསོ་ཚགས་ཀྱི་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་དང་སྐུལ་འདེད་མགྱོགས་སུ་གཏོང་བའི་རྨང་གཞིའི་ཐོག་ཁྲི་ཀ་རྫོང་གིས་ད་དུང་རྟེན་འབུལ་སྔོ་ཚལ་དང་།རླམ་རྩྭ་ཕོ་སུལ་སྔོན་པོ།ཀྲོ་མ་ཀྲུ།ཆང་འབྲས་མ་རྨོས་ལོ་ཏོགཆུ་གྲང་ཉ་སོགས་ཁྱད་ལྡན་ཐོན་ལས་ལག་བསྟར་ཧུར་ཐག་བྱས་པ་དང་འབྲེལ་ཐོན་ལས་སྦྲེལ་ཐག་སྔར་བས་རིང་དུ་བཏང་བ་དང་།ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མང་དུ་བཏང་བ།འཁྱག་སྦྲེལ་དང་ཞིང་ལས་ཐོན་རྫས་ལས་སྣོན་རྟེན་གཞི་བསྐྲུན་པ།ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ཁག་གཅིག་ཧུར་ཐག་དེ་དང་ཆབས་ཅིག“ཁག་གཅིག་བཞིའི”ལས་ཀའི་བླང་བྱ་གཞིར་བཟུང་ཐོན་ལས་རོགས་སྐྱོར་རྣམ་གྲངས་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་རོགས་སྐྱོར་ཐོན་ལས་རྣམ་གྲངས་ཁག་51རིགས་དབྱེ་ནས་རྩིས་ཁྲ་བཟོས་པ་དང་།རེ་རེ་བཞིན་དག་ཐེར་དང་རིམ་སྤོར་བྱས་ཏེ་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།
ཤེས་ལྡན་པ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འབྱུང་ཁུངས་ཡིན།ཁྲི་ཀ་རྫོང་གིས་གཙོ་གནད་ཐོག་གྲབས་གསོག་བྱས་ནས་ཐོན་ལས་སྣེ་ཁྲིད་པའི་དཔུང་ཁག་སྐྱེད་སྲིང་བྱས་པ་དང་།“སློབ་ཆེན་སློབ་མ་བརྒྱ་གྲོང་ཚོར་ལས་འགན་འཁུར་བར་ཡོང་བའི”བྱ་སྤྱོད་ལག་བསྟར་བྱས་པ།སློབ་ཆེན་སློབ་མ་100གྲོང་ཚོ་རིམ་པའི་ལས་དོན་རོགས་སྐྱོར་མི་སྣའི་འགན་འཁུར་མཁན་ཡོངས་བསྒྲགས་ངང་གདམ་གསེས་གདན་ཞུ་བྱས་པ།ད་ཡོད་ཚན་ཁག་གི་ཁོངས་མི་དང་རྗེས་གྲབས་ལས་བྱེད་པའི་མཛོད་ནས་ཐོན་ལས་ཤེས་པ་དང་།བསམ་ཕྱོགས་ཡོད་པ།འཕེལ་རྒྱས་གཏོང་འདོད་ཡོད་པ་བཅས་ཀྱི་སློབ་ཆེན་སློབ་མ་35བདམས་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི“བཞུ་ཐབ་”ཀྱི་འཆར་གཞི་བཟོས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སློབ་ཆེན་ཐོན་པའི་གྲོང་ཚོའི་ལས་བྱེད་པ་36ཧྲའན་ཤིས་དབྱང་ལིན་སོགས་སུ་ཉམས་ལེན་བྱེད་པར་བཀོད་སྒྲིག་བྱས་པ་དང་སློབ་ཆེན་སློབ་མའི་རྗེས་གྲབས་ཤེས་ལྡན་མི་སྣ་92ཁག་བགོས་ཀྱིས་ཞིང་འབྲོག་དང་ཆུ་བེད་སོགས་སྡེ་ཚན་དུ་ལས་གནས་སུ་སྦྱོང་བརྡར་བྱེད་པར་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་དངོས་འཐབ་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད།
མི་སེར་ཕྱུག་པོ་ཚོས་ཐུན་མོང་ཐོག་ཕྱུག་འགྱུར་གྱི“བདེ་སྐྱིད་རོལ་དབྱངས”ལེན་པ།
ཉེ་འགྲམ་གྱི་གྲོང་ཚོས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་སྐབས་དཀའ་གནད་དེ་དང་འདྲ་བར་མདུན་དུ་ཇི་ལྟར་སེལ་དགོས།ལ་ཤིས་ཝ་གྲོང་རྡལ་བྲག་མགོ་གྲོང་ཚོ་དང་།ཡེ་ཧོའུ་ལང་གྲོང་ཚོ།ཏོ་ལ་གྲོང་ཚོ་བཅས་ཀྱིས་གྲོང་ཚོ་དང་མཉམ་འབྲེལ་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་བཏང་ནས་མཉམ་སྡེབ་ཀྱི་བློ་གྲོས་ལ་བརྟེན་ནས་ས་མཐོའི་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་བཏོད་ཡོད།
2022ལོར་ལ་ཤིས་ཝ་གྲོང་རྡལ་ཏང་ཨུད་ཀྱིས་གྲོང་ཚོ་མཉམ་འབྲེལ་མཉམ་སྐྲུན་གྱི་བསམ་ཕྱོགས་བཏོན་པ་དང་གྲོང་ཚོ་གསུམ་གྱི་“རང་ཁྱིམ་བདག”གིས་ཕན་ཚུན་གཅིག་མཐུན་བྱུང་བ་སྟེ།རང་སོ་སོས་དམག་འཐབ་བྱེད་པ་ལས་མཛུབ་མོ་བཙུགས་ནས་ཁུ་ཚུར་བཟོས་ན་དགའ།དེ་རྗེས་གྲོང་ཚོ་3གྱིས་མ་དངུལ་སྒོར་ཁྲི་150བཏང་ནས“གྲོང་ཚོ་གསུམ་གྱིས་ཚོགས་པ་འཛུགས་པའི”ནུས་ཆེའི་གསོ་ཚགས་ར་བ་གཏོད་རྒྱུ་ལྟེ་བར་བྱས་ཏེ་ལ་ཟེ་བ་གྲོང་རྡལ་བྲག་མགོ་གྲོང་ཚོའི་ཝུའེ་ཏང་ཁོའུ་གསོ་ཚགས་ར་བའི་མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་ནས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་ཞོལ་མདོ་འབྲི་གཡག་ཁག་229ནང་འདྲེན་བྱས་ཏེ་ཁྱད་ལྡན་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་ནས་ཞིང་འབྲོག་པ་མང་ཚོགས་ཀྱི་འབབ་འཕར་ལམ་བུ་རྒྱ་ཆེར་བཏང་བ་རེད།
ཁྲི་ཀ་རྫོང་གིས་དམངས་ཕྱུག་འབབ་འཕར་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་རྩ་བའི་དམིགས་ཡུལ་དུ་བརྩིས་ནས“ས་ཞིང་བརྒྱུད་བཤུག་དང་།ལས་མི།ཁེ་སྤོགས་བགོ་བ”བཅས་ཀྱི་བྱེད་སྟངས་འཚོལ་ཞིབ་དང་ཁྱབ་གདལ་བཏང་བ་དང་།རྒྱུ་ནོར་གྱི་ཡོང་འབབ་དང་།ལས་མི་ལས་ཞུགས།ལག་རྩལ་གསོ་སྦྱོང་།ས་ཞིང་བརྒྱུད་བཤུག་སོགས་ཀྱི་སྣེ་ཁྲིད་རྣམ་པ་སྣ་ཚོགས་བརྒྱུད་ཞིང་ལས་དང་མཉམ་འབྲེལ་གྱིས་སྣེ་ཁྲིད་བྱས་ཏེ“ཚོགས་པ་རྣམ་པའི་”འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།ཧོ་གདོང་ཤང་ཚ་མདའ་གྲོང་ཚོར་མ་དངུལ་སྒོར་ཁྲི་3000བཏང་ནས་ཞིང་ལས་ཐོན་ལས་གསོ་སྐྱོང་རྟེན་གཞིའི་རྣམ་གྲངས་ལག་བསྟར་བྱས་པ་དང་།ཧོ་ཏུང་ཤང་གི་གྲོང་ཚོ་15ཡི་མཉམ་སྡེབ་དཔལ་འབྱོར་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ཡོང་རྒྱུར་སྐུལ་ཁྲིད་བྱས་པ།དུས་ཚིགས་རང་བཞིན་གྱི་མཐའ་འཁོར་ས་ཁུལ་གྱི་ཞིང་དུད་80ལྷག་ཙམ་ཐག་ཉེ་སར་ལས་ཀ་བྱས་ནས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ།ས་ཞིང་བརྒྱུད་བཤུག་བྱས་པར་ལོ་ལྟར་ཡོང་འབབ་སྒོར་ཁྲི་2ཡན་འཕར་ཡོད་པ་རེད།
ཁྲི་ཀ་རྫོང་གིས་ད་དུང་རྫོང་ཁོངས་ཀྱི་གྲོང་ཚོ་ཁག་གི་ས་ཁོངས་དང་ས་ཁོངས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ནས་གྲོང་ཚོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོ་ཁག་གིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་རྒྱུར་ཁྲིད་སྟོན་བྱས་ཏེ་རང་རང་སོ་སོའི་འཕེལ་རྒྱས་ཀྱི་ཐབས་ལམ་མི་འདྲ་བ་འཚོལ་ཞིབ་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་གཅིག་གྱུར་འཆར་འགོད་དང་ལག་བསྟར་བྱེད་པ་དང་ཆབས་ཅིག
གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ནི་ཏང་ལ་ཐུག་ཡོད།ཁྲི་ཀ་རྫོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་བླང་བྱར་གནད་སྨིན་དམིགས་པ།དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ།ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་།ཡུལ་སྐོར་ཐོན་ལས་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཆག་པ་ཏང་གི་རྩ་འཛུགས་ཀྱི་ལེགས་ཆ་དར་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུ་དང་། ཆག་པ་ཀྱི་ཏང་འཛུགས་སྐྱོང་གི་གསོན་ཤུགས་དར་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་རྒྱུ་ཏན་ཏིག་བྱ་དགོས།