མཚོ་སྔོན་གྲོ་ཚང་གི་ཏུན་450ཟིན་པའི་གད་སྙིགས་ཆུ་ཚོད་24རིང་མེར་བསྲེགས་ནས་གློག་གཏོང་བའི་ངོ་མཚར་གྱི་ལམ་བུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཐོ་རེངས་ཆུ་ཚོད་དྲུག་པར་གྲོང་ཁྱེར་འདི་ཉིད་ད་དུང་མཛེས་སྡུག་ལྡན་པའི་རྨི་ལམ་གྱི་ཞིང་ཁམས་སུ་གནས་པ་དང་།མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཡུས་རུན་གྲོང་རྡལ་ཧན་ཀྲོང་གྲོང་ཚོར་གནས་པའི་མཚོ་ཤར་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་གཏོང་རྣམ་གྲངས་ནང་གི་རྒྱུ་ཆ་འདོན་ཁུལ་དང་པོ་དེ་གློག་འོད་རབ་ཏུ་འཕྲོ་བའི་སྐར་མ་ལྟར་གྱི་ཆུ་བོ་དང་འདྲ་བར་ལྡིར་གྱི་སྒྲ་ཐག་རིང་ནས་ཉེ་བ་དང་འཚོ་བའི་གད་སྙིགས་བླུགས་པའི་རླངས་འཁོར་ཞིག་མཚན་གུང་དུ་སྐྱོད་མཁན་དཔའ་བོ་ཞིག་དང་འདྲ་བར་གྲལ་སྟར་འགྲིག་པོའི་ངང་གྲལ་འགྲིག་པའི་ཉ་རུ་བསྐྱོད་ཡོད།

མི་རྣམས་ལ་གཡོལ་ཐབས་མེད་པའི་བེད་མེད་དངོས་པོ་དེ་དག་དེ་གར་མི་སེམས་འགུལ་བའི་རྣམ་པ་ཞིག་འཁྲབ་ནས་གད་སྙིགས་ནས་ལྗང་མདོག་གློག་ནུས་བར་གྱི་སླར་གསོ་མངོན་འགྱུར་བྱ་རྒྱུ་ཡིན་པ་སུས་བསམ་ཡུལ་ལས་འདས།

མཚོ་ཤར་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་གཏོང་བའི་རྣམ་གྲངས་དེར་ས་ཁྱོན་སྤྱི་ཆིང་6ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.72བཏང་བའི་དེང་རབས་ཅན་གྱི་བཟོ་གྲྭ་དེས་ངལ་དུབ་མི་ཤེས་པའི“གྲོང་ཁྱེར་གྱི་ལམ་གཙང”ཞིག་དང་འདྲ་བར་ཉིན་ལྟར་ཁ་ཆེན་པོ་ཕྱེ་ནས་གྲོ་ཚང་ཆུས་དང་།ཕིང་ཨན་ཆུས།རྨ་ཆུ་དང་ཙོང་ཆུའི་ཁུལ་གསར་བཅས་དང་དེ་བཞིན་རྫོང་གཞན་གྱི་ཤང་གྲོང་ཁག་གཅིག་གི་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

ཞིང་ཆེན་དང་གྲོང་ཁྱེར་གྱི་གཙོ་གནད་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་མཚོ་ཤར་རྒྱ་མཚོའི་ཁོར་ཡུག་གསར་གཏོད་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་རྣམ་གྲངས་འཛུགས་སྐྲུན་གཉེར་སྐྱོང་བྱེད་འགན་འཁུར་རྒྱུ་རེད།2024ལོའི་ཟླ་5ཚེས་28ཉིན་གད་སྙིགས་བཟོ་གྲྭར་ཐོག་མར་འཛུལ་བ་ནས་བཟུང་།2024ལོའི་ཟླ་8ཚེས་8ཉིན་དངོས་སུ་གློག་གཏོང་འགོ་ཚུགས་པ་ནས་བཟུང་བཟོ་གྲྭ་དེས་གད་སྙིགས་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་ལས་འགན་སྒྲུབ་འགོ་ཚུགས་པ་རེད།

ཟླ་5ཚེས་8ཉིན་གསར་འགོད་པས་སེམས་ཀྱི་ངོ་མཚར་དང་རེ་སྒུག་བཅངས་ནས་ཚན་རྩལ་གྱི་ཚོར་སྣང་གིས་ཁེངས་པའི“གད་སྙིགས་རྫུ་འཕྲུལ་བཟོ་གྲྭ”དེར་བསྐྱོད་དེ་འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་གཏོང་བའི་ལྗང་མདོག་གི་ངོ་མཚར་གཏོད་རྩིས་བྱས་པ་རེད།

མཚོ་ཤར་རྒྱ་མཚོའི་ཁོར་ཡུག་གསར་གཏོད་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཀྲུང་དབྱང་ཚོད་འཛིན་ཁང་དུ་བསྐྱོད་སྐབས་འབྱུང་འགྱུར་གྱི་ཚོར་སྣང་ཟབ་མོ་ལྡན་པའི་རིག་ནུས་མཁར་རྫོང་ཞིག་ཏུ་སླེབས་པ་དང་མཚུངས།རིག་ནུས་ཅན་གྱི་ཚོད་འཛིན་མ་ལག་ནི་ཚོར་བ་སྐྱེན་པའི་དབང་རྩ་དང་འདྲ་བར་དུས་དང་རྣམ་པ་ཀུན་ཏུ་གད་སྙིགས་མེར་བསྲེགས་ཀྱི་རྣམ་པ་དང་།ཐབ་ཀའི་དྲོད་ཚད།དེ་བཞིན་སྒྲིག་ཆས་ཀྱི་འཁོར་སྐྱོད་དཔྱད་གྲངས་ཁག་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད་པ་རེད།

ཐབ་ཀའི་དྲོད་ཚད་1025℃དང་རླངས་སྒུལ་གཙོ་བོའི་གནོན་ཤུགས་6.177Mpaསོགས་རྒྱུན་ཆད་མེད་པར་འཕར་བའི་གྲངས་ཀ་དེ་དག་ཚན་རྩལ་དང་ཁོར་ཡུག་སྲུང་སྐྱོང་ལག་གདང་སྦྲེལ་ནས་མཉམ་དུ་ཞབས་བྲོའི་ཉམས་འགྱུར་དང་འདྲ་བར་དེ་གཉིས་མཉམ་འདྲེས་གཏིང་ཟབ་བྱེད་པའི་དཔང་པོ་བྱེད་ཀྱི་ཡོད།གྲངས་གཞི་དེ་དག་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཆབས་ཅིག་ད་དུང་གཟུགས་མེད་ཀྱི“གྲངས་གཞིའི་འབྲེལ་ཟམ”བརྒྱུད་ཞིང་ཆེན་དང་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་སྟེགས་སུ་དུས་གཅིག་ཏུ་བརྒྱུད་སྤྲོད་བྱས་ཏེ་ཕྱོགས་ཡོངས་ཀྱི་གཟིགས་ཞིབ་དང་ལེན་བྱེད་ཀྱི་ཡོད།

ཀྲུང་དབྱང་ཚོད་འཛིན་ཁང་དེ་རྣམ་གྲངས་ཧྲིལ་པོའི་“དབང་རྩའི་ལྟེ་གནས”ཞེས་བརྗོད་ཆོག་པ་དང་ལས་དོན་མི་སྣས་སྔོན་ཐོན་གྱི་གཅིག་སྡུད་ཁ་ཐོར་ཚོད་འཛིན་མ་ལག་ལ་བརྟེན་ནས་སྤྱི་ཡོངས་ཚོད་འཛིན་བྱེད་པའི་བཀོད་འདོམས་དཔོན་དང་འདྲ་བར་ཐོན་སྐྱེད་ལྷུ་ཚིགས་ཚང་མར་ལྟ་སྐུལ་ཚོད་འཛིན་ཞིབ་ཚགས་བྱེད་ཀྱི་ཡོད་པ་རེད།མིག་མདུན་གྱི་གློག་རྡུལ་བརྙན་ཤེལ་དེ་སྐར་ཁུང་ཆུང་ཆུང་རེ་རེ་བཞིན་དབྱེ་བ་དང་།རྒྱུ་ཆ་འདོན་སའི་ཚོམས་ཆེན་དང་།གད་སྙིགས་རྫིང་བུ།སྲེག་ཐབ་སོགས་ས་ཁོངས་ཀྱི་རི་མོ་གསལ་པོར་མངོན་པ་དེ་འགུལ་རྣམ་གྱི་བཟོ་གྲྭའི་མཛེས་ལྗོངས་རི་མོ་ཞིག་དང་མཚུངས།

ཀྲུང་དབྱང་གི་ཚོད་འཛིན་ཁང་པའི་ནང་ལངས་ནས་བརྙན་ཤེལ་ཆེན་པོའི་ཐོག་འཚོ་བའི་གད་སྙིགས་བཟོ་གྲྭར་འཛུལ་བ་ནས་མེར་བསྲེགས་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་གསལ་པོར་མངོན་པ་སྟེ།གད་སྙིགས་བརྒྱུད་འདྲེན་རླངས་འཁོར་ཞིག་བཟོ་གྲྭའི་ཁུལ་དུ་བསྐྱོད་སྐབས“རིག་ནུས་རྒྱལ་ཁབ”ཞིག་ཏུ་སླེབས་པ་དང་མཚུངས།འཁོར་རྟགས་དབྱེ་འབྱེད་མ་ལག་ནི་སྐྱེན་མྱུར་གྱི“གློག་རྡུལ་མིག”དང་འདྲ་བར་དུས་ཐུང་སྐར་ཆ་ཁ་ཤས་ནང་ཆ་འཕྲིན་འཛིན་རྒྱུ་མགྱོགས་མྱུར་ལེགས་གྲུབ་བྱུང་ཡོད།གློག་རྡུལ་ས་པང་ནི་གནད་ལ་འཁེལ་བའི་“རྒྱ་མ་རྡོ་”དང་འདྲ་བར་རང་འགུལ་ངང་ལྗིད་ཚད་འཇལ་བ་མ་ཟད་གཞི་གྲངས་དེ་ཀྲུང་དབྱང་ཚོད་འཛིན་མ་ལག་ཏུ་དུས་མཉམ་དུ་སྤེལ་བ་དང་བརྒྱུད་རིམ་ཧྲིལ་པོར་དབུགས་ཐེངས་གཅིག་གིས་གྲུབ་པ་རེད།

གོམ་སྟབས་སྤོས་ནས་གད་སྙིགས་དཔྱང་འདེགས་ཚོད་འཛིན་ཁང་དུ་བསྐྱོད་དེ་བཀོལ་སྤྱོད་པ་བཀོལ་སྤྱོད་རྐུབ་སྟེགས་ཐོག་བསྡད་དེ་ཤེལ་སྒོ་བཅད་ནས་སྤྲུལ་པའི་གད་སྙིགས་དབོར་འདྲེན་མཁས་ཅན་གྱིས་རྒྱང་རིང་ནས་འཐབ་རྩོད་ཚོད་འཛིན་བྱེད་ཀྱི་ཡོད།ཁོང་གིས་གནད་སྨིན་བཀོལ་སྤྱོད་བྱས་པ་དང་བསྟུན་ནས་རྒྱུ་ཆ་འདོན་ཁུལ་བར་སྣང་དུ་གནས་པའི་ལྕགས་སྡེར་ཆེན་པོ་ཞིག་གིས་འཚོ་བའི་གད་སྙིགས་མེར་སྲེག་ཐབ་ནང་གནད་སྨིན་དམ་འཛིན་བྱས་ཡོད།

མི་རྣམས་དགའ་འོས་པ་ཞིག་ལ་གད་སྙིགས་དང་འབྲེལ་འདྲིས་ཟབ་མོ་བྱེད་པའི་ས་ཆ་དེར་མི་རྣམས་ལ་མི་བདེ་བའི་དྲི་མ་སྤུ་ཙམ་ཡང་ཐོས་མི་ཐུབ་པ་དང་ཚན་རྩལ་གྱི་སྟོབས་ཤུགས་དེ་གར་མངོན་གསལ་དོད་པོ་ཡོད་པ་རེད།

དོན་དངོས་ཐོག་གད་སྙིགས་རྫིང་བུའི་ནང་གི་“མ་བོས་མགྲོན་པོ”དེ་དག་དུས་ཡུན་གཟའ་འཁོར་གཅིག་ཡས་མས་ཀྱི་སྦྱོང་བརྡར་ཞིག་བརྒྱུད་དགོས་པ་རེད།དུས་ཚོད་འདིའི་ནང་དུ་དེ་དག་རིམ་བཞིན་བསྙལ་ནས་ཆུ་ལྷག་མ་བཙགས་ནས་རང་ཉིད་ཀྱི་ཚ་བའི་ཚད་ཇེ་མཐོར་གཏོང་བ་ཡིན།དེ་རྗེས་རིམ་པ་མང་བའི་བསྐྱར་ཟློས་རྣམ་པའི་འདེད་འབུད་ཐབ་ཀྱི་གོ་རིམ་ལྡན་པའི་ལུས་རྩལ་ལ་བརྟེན་ནས་དེ་དག་མེར་སྲེག་ཐབ་ནང་དལ་བུར་འཛུལ་ཏེ་ཐབ་ཀའི་ནང་རིམ་བཞིན་སྐམ་པ་དང་།འབར་བའི་དུམ་བུ།འབར་རྫས་དུམ་བུ་བཅས་ཀྱི་ཉམས་སད་ཐེག་པ་བརྒྱུད་དགོས་ཀྱི་ཡོད།

གློག་གཏོང་འཁོར་ཁང་དུ་དེ་སྔའི་འཚོ་བའི་གད་སྙིགས་དེ་དག་གིས་རང་ཉིད་ལ་དབང་བའི་“འོད་ཟེར་མཐོ་བའི་དུས་སྐབས”བསུས་པ་རེད།གད་སྙིགས་དེ་ཐབ་ཀའི་ཐོག་སྐམ་པ་དང་།འབར་བ།འབར་བ་བཅས་ས་ཁོངས་གསུམ་བརྒྱུད་གད་སྙིགས་ནང་གི་འབར་ཐུབ་པའི་དངོས་པོ་ཡོངས་སུ་འབར་བ་དང་།ཐལ་རྡུལ་སྙིགས་རོ་སྙིགས་རོ་ཕྱིར་འབུད་འཕྲུལ་འཁོར་ནང་བླུགས་ནས་རླངས་འཁོར་ནང་བླུགས་ནས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཀྱི་ཡོད།གད་སྙིགས་འབར་བ་ལས་ཐོན་པའི་དྲོད་ཚད་མཐོ་བའི་དུ་རླངས་དེ་ཚ་ནུས་ལྷག་མའི་ཁྲོ་ཐབ་བརྒྱུད་གྲང་བཟོ་བྱས་རྗེས་དུ་རླངས་གཙང་བཟོ་མ་ལག་ནང་ཞུགས་ནས་བེད་མེད་དངོས་པོ་ནས་ནུས་རྒྱུའི་བར་གྱི་མཛེས་སྡུག་ལྡན་པའི་ངང་ཕྱིར་འཁོར་ཐུབ་པ་བྱུང་ཡོད།

མཚོ་ཤར་རྒྱ་མཚོའི་ཁོར་ཡུག་གསར་གཏོད་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་གཞུང་དོན་ཁང་གི་འགན་འཁུར་བ་ཁྲང་པི་ཝུའུ་ཡིས་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་དུས་ཚོད་ལྟར་རྒྱུན་མཐུད་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུའི་འགན་ལེན་བྱ་ཆེད།ཀུང་སིས་ཆེད་ལས་ཀྱི་ལག་རྩལ་ཚོགས་པ་ཞིག་བཙུགས་པ་མ་ཟད།“འཛིན་གྲྭ་བཞི་དང་ཐེངས་གསུམ་”གྱི་ལས་ཀའི་རྣམ་པ་སྤྱད་དེ་འཛིན་གྲྭ་རེར་ཆུ་ཚོད་བརྒྱད་དང་ལས་དོན་མི་སྣ་མཐུད་ཀྱིས་ཆུ་ཚོད་24རིང་གི་ཐོན་སྐྱེད་གོ་རིམ་ལྟ་ཞིབ་མངོན་འགྱུར་བྱས།

ཉི་མ་ནུབ་རྗེས།ཉི་འོད་ཀྱིས་ས་གཞི་ཆེ་མོར་གསེར་མདོག་གི་སེང་རས་རིམ་པ་ཞིག་གྱོན་པ་དང་།ཆུ་ཚོད་24རིང་མཚམས་མི་ཆད་པའི་བཟོ་གྲྭ་དེར་སྔར་བཞིན་བྲེལ་བ་ཆེན་པོ་ཡོད།ཉིན་ལྟར་གད་སྙིགས་ཏུན་400ལྷག་ཙམ་དེ་གར་བསམ་ཡུལ་ལས་འདས་པའི་ངོ་བོ་འགྱུར་ནས་གློག་ནུས་གཙང་མ་བཟོས་ཏེ་གྲོང་ཁྱེར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་སྒུལ་ཤུགས་བསྣན་ནས་དུད་ཚང་ཁྲི་སྟོང་མང་པོའི་དྲོ་སྐྱིད་ལྡན་པའི་གློག་སྒྲོན་སྦྱིན་གྱི་ཡོད།

ཁྲང་པི་ཝུའུ་ཡིས་ད་དུང་མིག་སྔར་ཉིན་ལྟར་བཟོ་གྲྭར་གད་སྙིགས་ཏུན་450ཙམ་དང་ཉིན་རེར་གཙང་བཟོ་བྱེད་ཚད་ཏུན་400ཙམ་ཟིན་གྱི་ཡོད་ཅེས་བཤད་པ་རེད།2024ལོའི་ཟླ་8པར་དྲ་སྦྲེལ་གློག་གཏོང་བྱས་ཚུན་བཟོ་གྲྭའི་ཐོན་སྐྱེད་འཁོར་སྐྱོད་བརྟན་པོ་དང་གོ་རིམ་ལྡན་པ་ཞིག་ཡོད།འཚོ་བའི་གད་སྙིགས་རིམ་རྩིས་བྱས་ན་བཟོ་གྲྭ་ནང་འདྲེན་བྱེད་ཚད་ཏུན་ཁྲི་10.15དང་།མེར་སྲེག་གཏོང་ཚད་ཏུན་ཁྲི་8.5གློག་གཏོང་ཚད་ཏུའུ་ཁྲི་2840.51དྲ་ཞུགས་གློག་ཚད་ཏུའུ་ཁྲི་2313བཅས་ཟིན་ཡོད་པ་རེད།2025ལོའི་དུས་ཚིགས་དང་པོར་འཚོ་བའི་གད་སྙིགས་རིམ་རྩིས་བྱས་ན་བཟོ་གྲྭར་ནང་འདྲེན་བྱེད་ཚད་ཏུན་ཁྲི་3.36དང་།མེར་བསྲེགས་ཚད་ཏུན་ཁྲི་3.15གློག་གཏོང་ཚད་ཏུའུ་ཁྲི་1104.56དྲ་ཞུགས་གློག་ཚད་ཏུའུ་ཁྲི་898.36བཅས་ཟིན་ཡོད་པ་རེད།གློག་ནུས་དེ་དག་ཉུང་ཤས་བཟོ་གྲྭ་རང་ངོས་ཀྱི་འཁོར་སྐྱོད་ལ་སྤྱོད་པ་ཕུད།དེ་བྱིངས་ཚང་མ་གློག་དྲ་བརྒྱུད་དེ་རྒྱལ་ཁབ་ཀྱི་གློག་དྲ་རྒྱུན་ཆད་མེད་པར་ནང་འདྲེན་བྱས་ཏེ་གྲོང་ཁྱེར་གྱི་ཕྱོགས་གང་སར་རྒྱུག་བཞིན་ཡོད།

“ཟོས་ཟིན་པའི”གད་སྙིགས་དང་།ཕྱིར“སྐྱུགས་པ”ནི་གློག་ནུས་ཡིན།གད་སྙིགས་མེར་སྲེག་གཏོང་བའི་གློག་འདོན་བཟོ་གྲྭ་དེས་གད་སྙིགས་གཙང་སེལ་གྱི་ལག་རྩལ་གསར་བརྗེ་ཞིག་འཕྱུར་བ་མ་ཟད།མཚོ་ཤར་གྲོང་ཁྱེར་གྱིས་ཐོན་ལས་སྣོད་བཅུད་ཅན་དང་སྣོད་བཅུད་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བའི་མཚོན་ཚུལ་གསོན་ཉམས་ལྡན་པ་ཞིག་ཀྱང་རེད།དེ་གར་ཚན་རྩལ་གསར་གཏོད་ཀྱི་བློ་གྲོས་ལྷུ་ཚིགས་ཚང་མར་གཅིག་ཏུ་སྒྲིལ་བ་དང་གད་སྙིགས་ཏུན་རེ་རེའི་ཉམས་འགྱུར་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཕུགས་འདུན་བཟང་པོ་གསལ་བཤད་བྱེད་བཞིན་ཡོད་པ་དང་རང་ཉིད་ལ་དབང་བའི་ལྗང་མདོག་གི་ངོ་མཚར་ཞིག་བརྩམས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།