མཚོ་སྔོན་ཁྲི་ཀ་རྫོང་གིས་གཙང་པོ་ཚང་མ་བདེ་སྐྱིད་ལྡན་པའི་ཆུ་བོར་འགྱུར་བར་མཛད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྨ་ཆུའི་འགྲམ་དུ་རི་བོ་སྔོ་ཐིང་གིས་བརྩེགས་ཡོད།ཆུ་མོ་ལྷུང་ལྷུང་དུ་འབབ།བྱ་རྣམས་ལང་ལོང་དུ་འཕྱུར།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྨ་ཆུའི་དཔྱང་ཟམ་གྱི་ལྷོ་ངོགས་སུ་ལངས་ནས་བལྟས་ཚེ།རི་བོ་རེ་རེ་བཞིན་དུ་ཏན་ཞའི་ས་དབྱིབས་འཕྲེད་གཞུང་དུ་འདྲེས་ནས་རྨ་ཆུའི་ཆུ་བོ་རེ་རེ་བཞིན་སྔོ་ཐིང་ངེར་གྱུར་ཡོད།གནམ་འོག་གི་རྨ་ཆུའི་ཁྲི་ཀ་ཆིང་།ཉེ་བའི་ལོ་ཤས་རིང་ཁྲི་ཀ་རྫོང་གིས་ཆུ་དཔོན་ལམ་ལུགས་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱས་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་།རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཙང་པོ་དང་མཚེའུ་ཡི་དཔོན་ལམ་ལུགས་ཀྱི་ལས་ཀའི་གཟེངས་བསྟོད་ཐེངས་གསུམ་ཐོབ་པ།ཏེ་ལ་གཙང་པོ་དང་ཤིས་ཧོ་སོགས་ཆུ་བོའི་དུམ་བུ་ཞིང་ཆེན་ཡོངས་ཀྱི་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་ཡི་དཔེ་མཚོན་དུ་གྱུར་ཡོད།

སྨྱུ་གུས་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་ཡི་སྒྲོམ་གཞིའི་ཐིག་རིས་བཀོད་པ།

ཁྲི་ཀ་རྫོང་འདི་ཉིད་རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་ཁུལ་གལ་ཆེན་དུ་གནས་པ་དང་ས་ཁོངས་ནང་ཆུ་བོ་མང་པོ་ཡོད་པས་སྣོད་བཅུད་ཀྱི་གནས་བབ་གལ་ཆེན་ཞིག་རེད།

“མ་ཡུམ་གཙང་པོའི”རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱ་ཆེད།ཁྲི་ཀ་རྫོང་གིས་ཆུ་དཔོན་ལམ་ལུགས་རྨང་གཞིར་བྱས་ནས“གཙང་པོ་བཅུ་དགུ་དང་ཆུ་ཁོངས་གཅིག”གི་ཆུ་དཔོན་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་རྫོང་ཡོངས་ཀྱི་ཆུ་བོ་45དང་ཆུ་མཛོད་6གཙང་པོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་ནང་བཅུག་ནས་རྫོང་དང་།གྲོང་རྡལ།(ཤང)གྲོང་ཚོ་བཅས་རིམ་པ་གསུམ་གྱི་གཙང་པོ་དང་མཚེའུ་ཡི་འགོ་འཛིན་232།ཁྱབ་ཁོངས་དོ་དམ་སྲུང་སྐྱོང་དང་འགན་འཁྲི་དོ་དམ་སྲུང་སྐྱོང་ཁ་གསལ་བྱས་ཏེ་ཆུ་བོ་རེ་རེ་བཞིན་གནད་དོན་གྱི་ཞིབ་ཐོ་དང་།    དམིགས་འབེན་གྱི་ཞིབ་ཐོ་ལས་འགན་ཞིབ་ཐོ་བཅས་འཛུགས་པ།    “ཆུ་བོ་གཅིག(མཚེའུ)ཐབས་ཇུས་གཅིག་དང་།    ཆུ་བོ་གཅིག(མཚེའུ)རིམ་པ་གཅིག”དོ་དམ་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱས་ཏེ།    “གཞུང་ཕྱོགས་མཐའ་བར་དང་།    འཕྲེད་ཕྱོགས་མཐའ་བར་”འགྱུར་བའི་འགན་འཁྲི་དྲ་རྒྱ་འཛུགས་དགོས།    

ཁྲི་ཀ་རྫོང་དུ་སྐྱོད་སྐབས་ཆུ་བོ་ཆེ་ཆུང་གང་རུང་དང་ཉེ་བར་བར་ཐག་དུམ་བུ་རེ་བཞག་ཚེ་ཆུ་དཔོན་ལམ་ལུགས་ཀྱི་ཡོངས་བསྒྲགས་བྱང་བུ་སྔོན་པོ་རེ་མཐོང་རྒྱུ་ཡོད་པ་དང་།དེའི་ཐོག་རིམ་ཁག་ཆུ་དཔོན་གྱི་མིང་དང་འབྲེལ་གཏུག་བྱེད་སྟངས་གསལ་པོར་བྲིས་ཡོད་པ་དང་།ཆུ་དཔོན་གྱི་འགན་འཁྲི་དང་ལྟ་སྐུལ་ཐེར་འདོན་ཁ་པར་གསལ་པོར་བཀོད་ཡོད་པ་རེད།

གྲངས་གཞི་ལས་མངོན་པར།ཉེ་བའི་ལོ་ལྔའི་རིང་ཁྲི་ཀ་རྫོང་གི་རིམ་ཁག་ཆུ་དཔོན་གྱིས་རིམ་རྩིས་བྱས་ན་ཆུ་སྐོར་ཐེངས་ཁྲི་2.9ལྷག་ཙམ་བྱས་པ་དང་ཆུ་བརྒལ་གནད་དོན་ཁག་60ལྷག་ཙམ་ཐག་གཅོད་བྱས་པས་ཆུ་སྐོར་བྱེད་ཚད་དང་གནད་དོན་དག་ཐེར་བྱེད་ཚད་ཚང་མ་100%ཟིན་ཡོད།“རྫོང་དང་།ཤང་།གྲོང་ཚོ་བཅས་རིམ་པ་གསུམ་མཉམ་འགུལ་བྱས་ཏེ་ཆུ་བོ་ཚང་མར‘ཕྱག་མཛོད་པ’ཡོད་པ་བྱས་ནས་གནད་དོན་འཐབ་ས་དང་པོར་ཤེས་རྟོགས་ཐུབ་པ་དང་འཐབ་ས་དང་པོར་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས”ཅེས་ཁྲི་ཀ་རྫོང་ཨུད་ཀྱི་ཧྲུའུ་ཅི་རྨ་ཆུའི་རྫོང་རིམ་པའི་གཙང་པོ་དང་མཚེའུ་ཡི་འགོ་འཛིན་སར་ན་ཡིས་བཤད།

“གཙང་པོ་དང་མཚེའུའི་དཔོན”ཞེས་པ་གང་ཡིན་ནམ།ཁྲི་ཀ་རྫོང་དུ་ཆུ་དཔོན་ལམ་ལུགས་ཀྱི་སྲོག་ཤིང་ནི་ཆུ་དཔོན་དེ་ཆུ་འགོ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྟེན་ས་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཡིན་པ་དཔེར་ན།སར་ནཱ་ཡིས་བཤད་པ་ལྟར་ན“གཙང་པོ་དང་མཚེའུ་ཡི་འགོ་འཛིན་ནི་མིག་ནང་དུ་ཆུ་བོ་ཡོད་པ་མ་ཟད།དེ་བས་སེམས་ལ་ཆུ་བོ་ཡོད་པ་བྱེད་དགོས་པ་དང་།གཙང་པོ་དང་མཚེའུ་གཅིག་གི་ཁྱིམ་བདག་བྱེད་དགོས་པ”ལྟ་བུ་རེད།

ལམ་ལུགས་གསར་གཏོད་བྱ་རྒྱུ་ནི་ཕུགས་ཕན་ཅན་དུ་འགྱུར་བར་དོ་དམ་སྲུང་སྐྱོང་བྱེད་པའི་འགག་རྩ་ཡིན།དེར་བརྟེན་ཁྲི་ཀ་རྫོང་གིས་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་བཙུགས་ནས“བཀའ་རྒྱ་གཉིས་དང་སྙན་ཞུ་གཅིག”གི་ལས་དོན་བྱེད་ཐབས་འཚོལ་ཞིབ་བྱས་པ་སྟེ།རྩིས་སྤྲོད་ཡི་གེ་དང་ལྟ་སྐུལ་སྒྲུབ་གཉེར་ཡི་གེ་བརྒྱུད་འགན་འཁྲི་ནན་དུ་བཏང་བ་དང་།ཆུ་དཔོན་གྱི་བཀའ་རྒྱར་བརྟེན་ནས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཆེད་དོན་སྙན་ཞུའི་ཐོག་ནས་རྗེས་འདེད་ཕན་འབྲས་འདྲི་རྩད་བྱས་ཏེ་གནད་དོན་ཤེས་རྟོགས་དང་།བསྒྲུབ་རྒྱུར་སྤྲད་པ།དག་ཐེར།ཚུར་ལན་བཅས་ཀྱི་སྒོ་རྒྱག་དོ་དམ་ཞིག་ཆགས་པ་བྱས་པ་དང་ཆབས་ཅིག་ཆུ་བོ་མང་པོར་བདེ་ཐང་བརྟག་དཔྱད་ཚོད་སྐོར་དང་ཡིག་ཚགས་བཟོས་ནས་ཚན་རིག་དང་མཐུན་པའི་དོ་དམ་སྲུང་སྐྱོང་བྱེད་དགོས།

བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་ཡི་ཞིབ་བྲིས་འབྲི་བ།

གཙང་པོ་དབྱིན་གྲོང་རྡལ་ལུའུ་ཧྭ་མཚོ་ཁུག་གི་ཆུ་བོའི་དུམ་བུར་དྭངས་ཤིང་གཙང་བའི་ཆུ་བོ་ཀྱག་ཀྱོག་གིས་བརྒྱུད་པ་དང་ངོགས་གཉིས་ཀྱི་འདམ་རའི་རྩྭ་ཤིང་སྔོ་ཐིང་ངེར་གྱུར་ནས་གྲོང་མིའི་ཡུལ་སྐོར་བའི་“འགག་སྒོ་རྒྱག་ས”ཞིག་ཏུ་གྱུར་ཡོད།དེ་ནི་དེ་སྔ་བཙོག་ཆུ་གཙང་སེལ་བྱེད་པའི་མཇུག་ཆུ་ཐད་ཀར་འབུད་པའི་སྣོད་བཅུད་ཀྱི་ན་ཟུག་ཅིག་ཡིན་པ་སུས་བསམ་ཡུལ་ལས་འདས།

“ཆུ་རྙོག”དེ་“དྭངས་གཙང”དུ་འགྱུར་ཆེད།ཁྲི་ཀ་རྫོང་གིས་འདྲེན་རྒྱུག་རྫོང་གྲོང་གི་བཙོག་ཆུ་གཙང་སེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་།མཉམ་འདྲེས་རྒྱུག་འདམ་ར་དང་ཕྱི་ངོས་རྒྱུག་སྣོད་བཅུད་འདམ་ར་བསྐྲུན་ནས་ཆུ་སྤུས་གཙང་བཟོ་བྱེད་པའི“རང་བྱུང་སྲུང་ཡོལ”བསྐྲུན་པ་དང་།ད་ཆ་རྨ་ཆུའི་ཁྲི་ཀ་བཅད་ཁའི་ཆུ་སྤུས་དེ་ས་ངོས་ཀྱི་ཆུ་དྲེག་རིགས་ལས་བརྟན་པོ་ཡོད།

ཁོར་ཡུག་བློས་གཏོང་རིན་དོད་དུ་བྱས་ནས་དུས་ཐུང་གི་ཕན་འབྲས་གཏན་ནས་མི་ལེན་པ་དང་།ཁྲི་ཀ་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོར་སྐུལ་འདེད་བཏང་སྟེ།བློ་བརྟན་འགྱུར་མེད་དང་གསོན་ཉམས་ལྡན་པའི་སྒྱུར་བཅོས་ལག་ལེན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་གཉིས་ཕན་གྱི་ལམ་བུ་འཚོལ་ཞིབ་བྱེད་དགོས།

ཤིས་ཆུ་བོའི་རྒྱུག་ཁུལ་གྱི་སྨད་རྒྱུད་དང་ཏེ་ལ་གཙང་པོའི་རྒྱུག་ཁུལ་གྱི་ངོགས་སུ་ལྷག་པའི་ཆུའི་ཁོར་ཡུག་སྦགས་བཙོག་གི་ཉེན་ཁ་དང་།ཆུའི་སྣོད་བཅུད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་མི་འཚོ་སྡོད་ཁོར་ཡུག་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆུ་འགྲམ་གྱི་སྣོད་བཅུད་སླར་གསོ་དང་།ངོགས་ཀྱི་ཆུ་ཁོངས་སྣོད་བཅུད་སྲུང་སྐྱོང་ཉམས་གསོ།རྨ་ཆུའི་རྒྱུག་ཁུལ་གྱི་ཆུའི་སྣོད་བཅུད་འགན་ལེན་ནུས་པ་ཆེ་རུ་གཏང་དགོས།

ཤིས་ཧོ་དང་ཏེ་ལ་གཙང་པོ་སོགས་ཆུ་བོའི་སྔར་ཡོད་ལས་གྲྭའི་འགོག་སྲུང་ཚད་གཞི་དམའ་བ་དང་ངོགས་གཉིས་ཀྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་བའི་དོན་དངོས་ལ་དམིགས་ནས་སྔ་རྗེས་སུ་ཆུ་རྒྱུད་སྦྲེལ་མཐུད་དང་དེ་བཞིན་ཆུ་མཛེས་པའི་གྲོང་གསེབ་ཀྱི་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་དང་ཤར་ཆུའི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་ལས་གྲྭ་སོགས་རྣམ་གྲངས་ལག་བསྟར་བྱས་པས་གཙོ་གནད་ཆུ་བོའི་དུམ་བུའི་ཆུ་ལོག་སྔོན་འགོག་དང་ཉུང་གཏོང་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད།གྲངས་གཞི་ལས་མངོན་པར།འབྲེལ་ཡོད་ལས་གྲྭ་ལག་བསྟར་བྱས་རྗེས་ས་ཁོངས་ནང་གི་སྔོ་ཁེབས་ཁྱབ་ཚད་15%མཐོ་རུ་ཕྱིན་པ་དང་།ས་རྒྱུར་བསླད་སྐྱོན་ཐེབས་པའི་དཔེ་དབྱིབས་ཀྱི་གྲངས་འབོར་20%ཆག་པ།སྣོད་བཅུད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་ཡི་རི་ཆུའི་མཛེས་ལྗོངས་མངོན་པ།

ཁྲི་ཀ་རྫོང་གི་གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང་ལྟེ་གནས་སུ་གློག་རྡུལ་བརྙན་ཤེལ་ཆེན་པོ་ཞིག་གིས་ཆུ་ལམ་གྱི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་གྱི་པར་རིས་ཁག་134མངོན་ཡོད་པ་དང་།“མི་འགོག་+ལག་རྩལ་འགོག་སྲུང”གི་བྱེད་སྟངས་བརྒྱུད་ཁྲི་ཀ་རྫོང་གིས་གཙོ་གནད་ཆུ་བོའི་དུམ་བུར་ཆུ་ཚོད་24རིང་འགུལ་རྣམ་ལྟ་སྐུལ་དོ་དམ་བྱས་ནས་གཙང་པོ་དང་མཚེའུ་བཅོས་སྐྱོང་དེ“གཞན་དབང་ཁ་གཏད་གཅོག་པ”ནས“རང་འགུལ་སྔོན་འགོག་ཚོད་འཛིན”བྱེད་པའི་ཕྱོགས་སུ་བསྒྱུར་ཡོད།

ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་ནི་གཙང་པོ་དང་མཚེའུ་བཅོས་སྐྱོང་བྱེད་པའི་དཀའ་གནད་ཅིག་ཡིན་ཞིང་།ཁྲི་ཀ་རྫོང་གིས་རང་འགུལ་ངང་མཐའ་འཁོར་གྱི་རྫོང་6དང་མཉམ་འགོག་མཉམ་བཅོས་ཀྱི་གྲོས་མཐུན་བཞག་སྟེ་ཆུ་བེད་དང་།སྣོད་བཅུད་ཁོར་ཡུགསྤྱི་བདེ་སོགས་སྡེ་ཚན་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་མཉམ་འབྲེལ་ཁྲིམས་འཛིན་དང་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

ཉེ་བའི་ལོ་གསུམ་གྱི་གྲངས་གཞི་ལས་མངོན་པར།རྫོང་དེས་རིམ་རྩིས་བྱས་ན་ཆུ་ཡུར་སྤྱི་ལེ་300ལྷག་ཙམ་གཙང་སེལ་བྱས་པ་དང་།ཁྲིམས་འགལ་བཟོ་སྐྲུན་སྨི་ངོས་གྲུ་ཁྲི་5.42བཤིག་པ།གཙང་པོའི་རྒྱུད་ཀྱི་གད་སྙིགས་ཏུན་1400ལྷག་ཙམ་གཙང་སེལ་བྱས་པ།ཆུ་ཤུགས་གློག་ཁང་ཆུང་གྲས་19གཙང་སེལ་བཅོས་སྒྲིག་བྱས་པ་དང་འབྲེལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

ཞོགས་པའི་རྨ་ཆུའི་འགྲམ་ངོགས་སུ་ཞོགས་པ་རྒྱུག་མཁན་གྲོང་མི་རྒྱུན་ཆད་རྒྱུ་མེད།དབྱར་དུས་ཀྱི་ཏེ་ལ་གཙང་པོའི་འགྲམ་དུ་ཡུལ་སྐོར་བས་གྲུ་གཟིངས་ཆེན་པོས་མཛེས་ལྗོངས་ལ་ལྟ་བཞིན་ཡོད་པ་དང་།“མིས་རི་མོའི་བར་རྒྱུད་དུ་ཡོད”ཅེས་པའི་སྣང་བ་སྐྱིད་པོ་ཞིག་མྱོང་རོལ་བྱེད་ཀྱི་ཡོད།ཤེས་རྟོགས་བྱུང་བར་གཞིགས་ན།ཁྲི་ཀ་ཆུའི་ནུས་པའི་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ་དང་།གཞུང་ཆུའི་ནང་གི་ཆུའི་སྤུས་ཚད་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་པ།རྫོང་གྲོང་གི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞི་ལོན་ཚད་100%ཟིན་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་96%ཡན་ཟིན་པ་བཅས་རེད།གཙང་པོ་དང་མཚེའུ་བཅོས་སྐྱོང་གི་ཕན་འབྲས་དེ་མཐར་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐོག་ནས་མངོན་ཡོད།

ཁྲི་ཀར་“རི་བོ་གཉིས”གཞན་སྒྱུར་གྱི་ལྟེ་བ་ནི“སྣོད་བཅུད་ཐོན་ལས་ཅན”དང“ཐོན་ལས་སྣོད་བཅུད་ཅན”གྱི་རྩོམ་ཡིག་གཉིས་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྣོད་བཅུད་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་།འཕེལ་རྒྱས་ཀྱི་ལེགས་ཆ།འགྲན་རྩོད་ཀྱི་ལེགས་ཆ་བཅས་སུ་བསྒྱུར་རྒྱུ་དེ་རེད།ད་ཆ་ས་གནས་དེ་གས་སྣོད་བཅུད་བཅོས་སྐྱོང་དེ་གྲོང་གསེབ་དར་རྒྱས་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་ཟུང་འབྲེལ་བྱས་ཏེ་གཙང་པོ་དང་མཚེའུའི་སྣོད་བཅུད་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་བྱེད་པ་དང་།དྭངས་གཙང་གི་ཆུ་ཁོངས་དང་མཛེས་སྡུག་ལྡན་པའི་མཚོ་རྒྱུད་ལ་བརྟེན་ནས་འདམ་རའི་ལྟ་སྐོར་དང་སྣོད་བཅུད་འཐུ་བ་སོགས་རིག་གནས་ཡུལ་སྐོར་རྣམ་གྲངས་བཏོད་དེ་ལམ་རྒྱུད་གྲོང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ནས་ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་20དང་ཡུལ་མི་གྱི་མི་རེའི་ཆ་སྙོམས་ཡོང་འབབ་12%འཕར་ཡོད།    

“སྦགས་བཙོག་བཅོས་པ”ནས“དམངས་ཕན”དང་།“ཆུ་བཅོས”ནས“ཆུ་དར་རྒྱས་གཏོང་བའི་”ཕྱོགས་སུ་བསྒྱུར་བ།ལམ་ལུགས་གསར་གཏོད་ནས་ཚན་རྩལ་གྱི་ནུས་པ་ལྡན་པའི་བར།སྣོད་བཅུད་སླར་གསོ་ནས་རིན་ཐང་གཞན་སྒྱུར་བཅས་ཀྱི་བར་ཀུའེ་ཏེས་ཆུ་བོ་ཚང་མ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ལྡན་པའི་ཆུ་བོ་ཞིག་ཏུ་འགྱུར་བ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།