【དུས་རབས་གསར་པ། ལམ་བུ་གསར་པ། བྱ་བཞག་གསར་པ། སྤུས་ལེགས་འཕེལ་རྒྱས་ཀྱི་རྟོག་ཞིབ།】 མཚོ་སྔོན་གྱིས་ཐོན་ལས་ཀྱི་ལྗང་མདོག་སྒུལ་ནུས་བསྐྱར་དུ་བཏོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དུས་རབས་ཀྱི་རླབས་རྒྱུན་དེ་བས་འགྱུར་ལྡོག་བྱུང་བའི་སྐབས་སུ་དེ་སྔའི་ཐོན་ལས་ཀྱི་ལེགས་ཆ་རིམ་བཞིན་ཕྱོགས་སྒྱུར་གྱི་འཆིང་རྒྱ་ཞིག་ཏུ་གྱུར་པ་སྟེ།ཁ་ཐོར་གྱི་བཟོ་ཁང་གི་བཀོད་པ་དང་ཕན་ནུས་ཆུང་བའི་ཐོན་ནུས་ལས་གྲུབ་པའི་འཕེལ་རྒྱས་ཀྱི་བཀག་རྒྱ་དེས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐོར་བ་ལས་ཐར་བའི་གོམ་སྟབས་ལ་ཚོད་འཛིན་ཚབས་ཆེན་བཟོས་ཡོད།

དེ་ནི་ཐོན་ལས་མི་རབས་ནས་མི་རབས་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་ལ་སྣོད་བཅུད་སྲུང་སྐྱོང་གི་འགྱུར་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་པར་བརྟེན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་གྲི་ཁ་ནང་ལ་ཕྱོགས་པའི་“སྲིན་གོང་གཏོར་བའི་གསར་བརྗེ”ཞིག་བྱེད་འགོ་ཚུགས་པ་རེད།

དཔའ་བོས་རང་ལག་གི་བློ་སྟོབས་ལ་བརྟེན་ནས་ཐོན་ལས་འཐབ་ཇུས་བསྐྱར་སྒྲིག་ལ་སྐུལ་འདེད་བཏང་ནས་ཐོན་ནུས་རྗེས་ལུས་འདོར་བ་དང་འབུད་སྐྱུར་ཆེས་ཉུང་བའི་སྒྱུར་བཀོད་ལག་བསྟར་བྱས་ཏེ་ཁེ་ལས་དེང་རབས་ཅན་གྱི་བཟོ་ལས་གླིང་དུ་བཅའ་སྡོད་བྱེད་པ་སོགས་ཐོན་ལས་གཉིས་པ་དེ“ལྗང་མདོག་བཟོ་སྐྲུན”ཕྱོགས་སུ་འགྱུར་ལྡོག་བྱུང་བ་དང་ཙོང་ཆུའི་འགྲམ་དུ་རླབས་སྔོ་ཞིང་དྭངས་པའི་སྣོད་བཅུད་ཀྱི་རི་མོ་བསྐྱར་དུ་མངོན་ཡོད།

2024ལོར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་141.65ཟིན་ནས་འཕར་ཚད་5.2%ཀྱི་ཐོག་ནས་མཚོ་ཤར་གྲོང་ཁྱེར་གྱི་རྫོང་ཁོངས་དཔལ་འབྱོར་གྱི་སྔོན་དུ་སླེབས་ཡོད་པ་རེད།

གྲངས་གཞི་དེ་དག་གི་རྒྱབ་ཀྱི་ཐོན་ལས་བཀོད་སྒྲིག་ལ་རྩད་ཞིབ་ཞིབ་ཕྲ་བྱས་ན།དེའི་འཕེལ་རྒྱས་ཀྱི་གཏན་ཚིགས་གསལ་པོར་མཚོན་ཐུབ་པ་སྟེ།ཚན་རྩལ་གྱིས་སྲོལ་རྒྱུན་གྱི་ཐོན་ལས་གསར་པ་རྒྱས་ཐུབ་པ་དང་།སྣོད་བཅུད་སྔོན་ལ་བཟོ་ལས་ཀྱི་རྣམ་པ་བསྐྱར་དུ་འཛུགས་ཐུབ་པ་རེད།

ད་ཆ་གཞོང་ཐང་དུ་ལྗང་མདོག་ཐཱན་ཉུང་གི་དེང་རབས་ཅན་གྱི་ཐོན་ལས་མ་ལག་དར་རྒྱས་འགྲོ་བཞིན་ཡོད་པ་དང་སྣོད་བཅུད་ཀྱི་རྨང་གཞིའི་ཐོག་བཀོད་པའི་བཟོ་ལས་ཅན་གྱི་འཆར་གཞི་གསར་པ་ཞིག་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

“སེམས་སྦྲེལ་ལམ”ཞིག་གིས་ཞབས་ཞུ་ཐེངས་མང་བྱས་ནས་འཕར་བའི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱས་པ།

ཉེ་སྔོན། གསར་འགོད་པ་གཞོང་ཐང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་བཟོ་ལས་གླིང་དུ་བསྐྱོད་དེ་འཕྲེད་གཞུང་སྣོལ་འདྲེས་ཀྱི་གླིང་ཁུལ་གྱི་འགྲོ་ལམ་དུ་བསྐྱོད་སྐབས་མཚོ་སྔོན་ནུབ་རྒྱུད་ཆུ་གློག་ཚད་ཡོད་ཀུང་སིའི(གཤམ་དུ“མཚོ་སྔོན་ནུབ་རྒྱུད་ཆུ་གློག”ཞེས་བསྡུ་རྒྱུ)བཟོ་གྲྭའི་ཕྱི་རོལ་དུ་གསར་དུ་བཏིང་བའི་ཧ་ཡང་སྐྱེལ་འདྲེན་གྱི་ཆེད་སྤྱོད་བགྲོད་ལམ་རྒྱང་རིང་ནས་མཐོང་བྱུང་།

“ལམ་ཐག་སྤྱི་ལེ་ཁ་ཤས་ལས་མེད་ཀྱང་ཆེད་མངགས་བསྐྲུན་པ་ཞིག་རེད།ལམ་རེད་ཅེས་བརྗོད་པ་ལས‘སྦྲེལ་ཐག’རེད་ཅེས་བརྗོད་ན་དགའ།འབྲེལ་མཐུད་བྱེད་པ་ནི་སྟོད་སྨད་ཁེ་ལས་གཉིས་རེད”ཅེས་བཟོ་ལས་གླིང་འཆར་འགོད་འཛུགས་སྐྲུན་པུའི་ལས་དོན་པ་མཱ་ཀྲུང་པེའོ་ཡིས་བཤད།

མ་དངུལ་སྒོར་ཁྲི་85བཏང་བའི“སེམས་སྦྲེལ་ལམ”ཞིག་ལས་རྫོང་དང་ཆུས་ཤིག་གིས་ཚོང་གཉེར་ཁོར་ཡུག་གཏོད་པའི་བློ་གྲོས་མངོན་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་རྟེན་གཞི་གལ་ཆེན་15ཡི་གྲས་ཤིག་ཡིན་པའི་གཞོང་ཐང་བཟོ་ལས་གླིང་གིས་གཙོ་བོ་ཧ་ཡང་དང་།ལྕགས་རིགས་བསྲེས་མ།དབྱང་འགྱུར་མཱེ་མེ་ཐུབ་རྒྱུ་ཆ།ལིས་གློག་རྫས་ཀྱི་ལྡོག་སྣེ་རྒྱུ་ཆ་སོགས་ཐོན་ལས་འཕེལ་རྒྱས་གཏོང་གི་ཡོད་པ་དང་།རམ་འདེགས་ཐོན་ལས་ནི་ཞིང་ཞོར་ཐོན་རྫས་ལས་སྣོན་ཡིན་པ་དང་མིག་སྔར་ཁེ་ལས་65ཡོད་པ་དེ་དག་གིས་56ཐོན་སྐྱེད་བྱེད་འགོ་ཚུགས་ཡོད་པ་རེད།

ས་སྐྱེས་རྡོ་སྐྱེས་ཀྱི་མི་སེར་དང་ཁེ་ལས་ཤིག་ཡིན་པའི་གཞོང་ཐང་ཞང་ཅུན་ལྕགས་རིགས་སྒོ་དང་སྒེའུ་ཁུང་ཚད་ཡོད་འགན་འཁྲི་ཀུང་སི་དེ་སྔའི“བཟོ་ཁང་ཆུང་ཆུང”ནས་ཐོན་ལས་གླིང་དུ་བཅའ་སྡོད་བྱས་ཏེ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།“2021ལོར་བཟོ་གྲྭ་བསྐྲུན་པ་དང་2023ལོར་དཔྱིད་ཀ་དངོས་སུ་ཚོད་ལྟའི་གཉེར་སྐྱོང་བྱས་ནས་མི་80ལྷག་ཙམ་ལས་ཞུགས་ཐག་གཅོད་བྱས་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་2000ཡན་ཟིན་ཡོད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲུང་ཅི་ཏེས་བཤད།

ཐོན་ལས་གླིང་བཙུགས་མ་ཐག་པའི་དུས་སུ་དམངས་དང་མ་དངུལ་སྒོར་ཁྲི་3000བཏང་ནས་སྤྱིའི་རིང་ཚད་སྤྱི་ལེ་2.6ཟིན་པའི་གཞུང་ལམ་དྲ་བ་དང་དེ་བཞིན་ཆུ་དང་།ཆར་ཆུ་དང་སྦགས་བཙོག་ཆུ་དྲ།གློག་ཤུགས་སྒྲིག་བཀོད།རིམ་སྤོར་ཆུ་འཐེན་ས་ཚིགས་སོགས་ཞོར་གཏོགས་སྒྲིག་བཀོད་བསྐྲུན་ཡོད།དེ་སྔའི་ཁེ་ལས་དོན་འཁྱོལ་བྱེད་པ་དེ“མེད་པའི་”རྨང་གཞིའི་ལས་འགོ་ཚུགས་པ་དང་བསྡུར་ན།དགོས་ངེས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་གྱིས་བཅའ་སྡོད་ཁེ་ལས་ལ་སེམས་ཁྲལ་མེད་པ་བྱས་ཡོད།

མ་དངུལ་སྒོར་དུང་ཕྱུར་4.5བཏང་བའི་མཚོ་སྔོན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཡང་བའི་ལྕགས་རིགས་ཀྱི་ཚན་རྩལ་ཚད་ཡོད་ཀུང་སིའི(གཤམ་དུ“མཚོ་སྔོན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཡང་བའི་ལྕགས་རིགས་བསྲེས་མ”ཞེས་བསྡུ་རྒྱུ)ལོར་ཏུན་ཁྲི་10ཟིན་པའི་ལྗང་མདོག་གི་རྩེར་སོན་ཧ་ཡང་རྒྱུ་ཆའི་རྣམ་གྲངས་ལས་ཡུལ་དུ་སྐྱོད་སྐབས།ལས་གྲྭའི་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པའི་རྣམ་པ་ཞིག་མངོན་ཡོད།

རྣམ་གྲངས་ཀྱི་ཨར་ལས་འཕེལ་རིམ་རི་མོའི་ཐོག་གི་དུས་ཚོད་འཁོར་ལོའི་གསང་བ་གསལ་སྟོན་བྱས་པ་སྟེ།2023ལོའི་ཟླ་6པར་གན་རྒྱ་བཞག་པ་དང་ཟླ་བརྒྱད་པར་ས་ཆ་བླངས་པ་དང་།2024ལོའི་ཟླ་5པར་ལས་འགོ་ཚུགས་པ་སྟེ།འཛུགས་སྐྲུན་འབྱོར་བ་ནས་དེ་སྔ་དང་བསྡུར་ན་དུས་ཚོད་མི་ཉུང་བ་ཞིག་ཐུང་དུ་ཕྱིན་ཡོད་པ་རེད།

མཚོ་སྔོན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཡང་བའི་ལྕགས་རིགས་ཀྱི་ཨར་ལས་འཛུགས་སྐྲུན་ལས་གྲྭའི་འགན་འཁུར་བ་ཆི་ལིན་དབྱིང་གིས་གྱང་ངོས་སུ་བཀལ་བའི་གཙོ་གནད་རྣམ་གྲངས་ཞབས་ཞུའི་བྱང་བུ་ཞིག་ལ་མཛུབ་མོ་བཙུགས་ནས“ང་ཚོའི་རྣམ་གྲངས་ཀྱི་འབྲེལ་གཏུག་འགོ་ཁྲིད་ནི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པ་དང་ཞབས་ཞུའི་ཀྲོན་ཡོན་ནི་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན།ས་ཞིང་གི་སྒོ་བྱང་ལེན་པ་ནས་ཨར་ལས་ཆོག་འཐུས་བར་གྱི་ཞིབ་མཆན་ལྷུ་ཚིགས་ཚང་མར་ཆེད་མངགས་པའི་ཚབ་བྱེད་ཀྱི་ཡོད།ཞབས་ཞུ་དེ་རིགས་ཀྱིས་ང་ཚོར་བློ་བདེ་པོ་ཡོང་བ་མ་ཟད།རྣམ་གྲངས་ལ་སྐུལ་འདེད་ཀྱང་མགྱོགས་པོ་བྱས།

ཁེ་ལས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གླིང་ཁུལ་འཕེལ་རྒྱས་ཀྱི་ནང་དོན་གཏིང་ཟབ་ཏུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་བཟོ་ལས་གླིང་གི་གོང་འོག་ཚང་མས་བློ་གཅིག་སེམས་གཅིག་གིས་སྔོན་ལ་ཞབས་འདེགས་ཞུ་བ་དང་རྗེས་སུ་དོ་དམ་སླར་ཡང་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པས་ཁེ་ལས་དང་གླིང་ཁུལ་ཕྱོགས་གཉིས་སུ་བསྐྱོད་ཐུབ་པ་བྱུང་ཡོད།

དམངས་དང་བཟོ་ལས་གླིང་དུ་སྐྱོད་སྐབས་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་ཁྲོད་ཀྱི་རིམ་པ་དེ་བས་ཟབ་པའི་འཕོ་འགྱུར་ཚོར་ཟབ་མོ་བྱུང་བ་སྟེ།སྲོལ་རྒྱུན་གྱི་ཚོང་འགུགས་འགྲན་བསྡུར་དེ་སྣོད་བཅུད་འགྲན་བསྡུར་ལ་ཞབས་འདེགས་ཞུ་བའི་ཕྱོགས་སུ་བསྒྱུར་ནས་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས“ཁུལ་གཅིག་དང་གླིང་གསུམ་གྱི་Nརྟེན་གཞི”ཐོན་ལས་གསབ་རེས་མཉམ་འདྲེས་འཕེལ་རྒྱས་ཀྱི་བཀོད་པར་དམ་པོར་དམིགས་ནས་ཁེ་ལས་འཕེལ་རྒྱས་ཀྱི་ཆ་རྐྱེན་བཟང་པོར་གྱུར།

ཧ་ཡང་གི་གཤེར་ཁུ་གཅིག་གི་རིང་ལ་མཐུད་སྦྲེལ་གྱི་འབྲེལ་ཐག་དྲག་པོ་ལས་དུང་ཕྱུར་བརྒྱའི་ཐོན་ལས་འཁོར་འབྲེལ་བྱུང་བ།

ཉེ་སྔོན། མཚོ་སྔོན་ནུབ་རྒྱུད་ཀྱི་ཆུ་གློག་240KAརིམ་པའི་གློག་འབྱེད་འཁོར་ཁང་ནང་གློག་འབྱེད་གཞོང་པ་236གིས་དབྱང་འགྱུར་ཧ་ཡང་དང་དེ་བཞིན་མ་བཅོས་རྒྱུ་ཆ་གཞན་དག་བཞུས་ནས་དྲོད་ཚད་ཧྲེ་ཧྲི་ཏུའུ་900ལས་བརྒལ་བའི་ཧ་ཡང་གཤེར་གཟུགས་སུ་བཟོས་པ་དང་འབྲེལ་སྟོང་སངས་ཐུམ་སྒྲིལ་བརྒྱུད་དེ་ལུགས་རྒྱག་འཁོར་ཁང་དུ་བསྐྱལ་བ་དང་།ཡང་ན་ཐད་ཀར་ཁྱིམ་མཚེས་ཁེ་ལས་སུ་སྐྱེལ་འདྲེན་བྱས་པ་སྟེ།དེ་ནི་དམངས་དང་ཧ་ཡང་ཐོན་ལས་དེ“དམག་རྐྱང་ནས་གློ་བུར་དུ་འཛུལ་བ”ནས“སྦྲེལ་ཐག་རྣམ་པའི་མཉམ་འཚོ”བར་གྱི་གསོན་ཉམས་ལྡན་པའི་ལེབ་མོ་ཞིག་རེད།

2015ལོར་མཚོ་སྔོན་ནུབ་རྒྱུད་ཀྱི་ཆུ་གློག་གིས་ལོ་རེར་ཧ་ཡང་གི་རྨང་གཞིའི་ལྕགས་རིགས་མཉམ་བསྲེས་ཀྱི་སྐུད་འཕང་ཆེ་བའི་རྣམ་གྲངས་ཚང་མ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་བསྟུན་ནས་དམངས་ཧོ་ཡིས་དེང་རབས་ཧ་ཡང་བཟོ་ལས་འཕེལ་རྒྱས་གཏོང་བའི་སྒོ་མོ་དངོས་སུ་ཕྱེ་ཡོད།

“ཐོག་མར་ང་ཚོའི་ཧ་ཡང་གཤེར་ཁུ་ལ་ལུགས་བརྒྱབ་རྗེས་ཕྱིར་གཏོང་འབོར་ཆེན་བྱེད་དགོས་ཀྱི་ཡོད།ཉིན་ལྟར་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་ཆེན་པོ་གཟུགས་མེད་ངང་ཐོན་ལས་སྦྲེལ་ཐག་རྐྱང་པ་དེར་འཕྲོ་བཞིན་ཡོད”ཅེས་ཀུང་སི་དེའི་ཐོན་སྐྱེད་གཙོ་གཉེར་བྱེད་མཁན་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧྲེན་པིང་གིས་བཤད།

འོན་ཀྱང་ཀུང་སི་དེ་ཧ་ཡང་ཐོན་ལས་ཀྱི་འབྱུང་རྩར་བཙུགས་པའི་ཝུའུ་ཐུང་སྡོང་བོ་དང་འདྲ་བར་ཁྱུང་ཆེན་ཡོང་རྒྱུའི་སེམས་ཁྲལ་མེད།ཆིང་ཧྥུང་ཧ་ཡང་ལས་རིགས་དང་དབང་མིང་ཧ་ཡང་ལས་རིགས་ཀྱི་ཁེ་ལས་གཉིས་ཀྱིས་ལོ་རེར་ཧ་ཡང་ཐོན་རྫས་ཏུན་ཁྲི་50ཐོན་སྐྱེད་བྱེད་པའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་འཁོར་རྒྱུག་བྱས་པ་དང་བསྟུན་ནས་མཚོ་སྔོན་ནུབ་རྒྱུད་ཆུ་གློག་གི་ལུགས་མའི་ཐོན་སྐྱེད་སྒྲུབ་རིམ་གཉིས་རིམ་བཞིན་བེད་མེད་དུ་བཞག་ཡོད།གང་ལགས་ཤེ་ན།ཧ་ཡང་གི་གཤེར་ཁུ་བསྐྱར་དུ་བཞུ་མི་དགོས་པར་སྨད་རྒྱུད་ཀྱི་ཐོན་སྐྱེད་སྒྲུབ་རིམ་དུ་སླེབས་ཀྱི་ཡོད།

“ང་ཚོས་སྟོད་རྒྱུད་ཁེ་ལས་ཀྱིས་སྐྱེལ་འདྲེན་བྱས་པའི་ཧ་ཡང་གཤེར་ཁུ་ཐད་ཀར་སྤྱོད་ཀྱི་ཡོད་པས་ལྗིད་ཚད་མེད་པར་བཟོས་རྗེས་མ་གནས་ཆག་པ་མ་ཟད་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་ཆིང་ཧྥུང་ཧ་ཡང་ལས་རིགས་ཀྱི་སྤྱི་ཁྱབ་ཅིང་ལི་ལིན་ཝུའེ་ཁུན་གྱིས་ངོ་སྤྲོད་བྱས།

སྦྲེལ་མཐུད་རྣམ་པའི་ཚུར་སྣང་གི་ཕན་འབྲས་རྒྱུན་མཐུད་ངང་སྐྱུར་བསྙལ་བྱས་པ་སྟེ།མཚོ་སྔོན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཡང་བའི་ལྕགས་རིགས་བསྲེས་མའི་ཚན་རྩལ་གྱིས་ལོ་རེར་ཏུན་ཁྲི་10ཐོན་སྐྱེད་བྱས་པའི་ལྗང་མདོག་གི་རྨང་གཞིའི་རྒྱུ་ཆའི་རྣམ་གྲངས་དེ་སྒྲིག་ཆས་སྒྲིག་སྦྱོར་གྱི་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་ཡོད་པ་རེད།ཀུང་སི་དེའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་གསར་འགོད་པས་མིག་སྔར་ཐོན་སྐྱེད་བཟོ་ཁང་གི་བྱེད་པོ་ལེགས་གྲུབ་ཟིན་པ་དང་།བཞུ་ཐབ་དང་དྲོད་སྲུང་ཐབ་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་མཐོང་བྱུང་།

མཚོ་སྔོན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཡང་བའི་ལྕགས་རིགས་ཀྱི་ཚན་རྩལ་བཅའ་སྡོད་བྱས་པ་དེ་ནི་མི་དམངས་དང་ཧ་ཡང་ཐོན་ལས་ཀྱི་སྦྲེལ་ཐག་སྟོབས་ཆེན་གྱི་དཔེ་མཚོན་ཞིག་ཡིན་པ་དང་།ཀུང་སི་དེའི་ཐོན་སྐྱེད་ཐོན་རྫས་གཙོ་བོ་ནི་ཧ་ཡང་རྒྱུ་ཆ་འབྲིང་གྲས་ཀྱི་ཁོངས་སུ་གཏོགས་པ་དང་རྣམ་གྲངས་དེ་ཐོན་རྗེས་ཀྱི་ལོར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་20གསར་འཕར་ཐུབ་ཀྱི་ཡོད་པ་རེད།

འོན་ཀྱང་མིག་སྔར་མཚོ་སྔོན་ནུབ་རྒྱུད་ཀྱི་ཆུ་གློག་ཏུན་ཁྲི་45ཡི་གློག་བརྟེན་ཧ་ཡང་དབྱེ་འབྱེད་ཀྱི་ཐོན་ནུས་ཆིང་ཧྥུང་དང་དབང་མིང་སོགས་ཁེ་ལས་ཀྱིས་85%ཉུང་དུ་བཏང་བ་དང་མཚོ་སྔོན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཡང་བའི་ལྕགས་རིགས་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་མིང་རུའེ་ཧ་ཡང་ལས་རིགས་ཀྱིས་ལོ་རེར་ཧ་ཡང་ཐོན་རྫས་ཏུན་ཁྲི་10ཐོན་སྐྱེད་བྱེད་པའི་རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་གླིང་ཁུལ་གྱི་གློག་འབྱེད་ཧ་ཡང་ཐོན་ནུས་མི་འདང་བའི་གནས་ཚུལ་ཐོན་ངེས་ཡིན་པས་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

མཚོ་སྔོན་ནུབ་རྒྱུད་ཀྱི་ཆུ་གློག་ཐོན་སྐྱེད་འཁོར་ཁང་དུ་གློག་འབྱེད་གཞོང་པ་ཁག་གཅིག་ལག་རྩལ་བསྒྱུར་བཀོད་བྱེད་བཞིན་ཡོད།གསར་འགོད་པས་ཤེས་རྟོགས་བྱུང་བར།2023ལོ་ནས་བཟུང་ཀུང་སི་དེས་མིག་སྔར་རྒྱལ་ནང་གི་སྔོན་ཐོན་གྱི“རྡོ་སྣག་ཅན་གྱི་སྨུག་སྣེ་སོལ་རྡོག་+གློག་འདྲེན་ཚད་མཐོ་བའི་ངར་ལྕགས་དབྱུག་པ་དང་ཧ་ཡང་ངར་ལྕགས་ཐད་ཀར་ཚ་ལ་རྒྱག་པའི”མོ་སྣེའི་ནང་བཅུག་རྒྱུ་ཆ་སྤྱད་དེ་ད་ཡོད་ཀྱི་གློག་འབྱེད་གཞོང་པ་508རིམ་སྤོར་སྒྱུར་བཀོད་བྱས་ཡོད།

“འདི་ལོ་ང་ཚོས་ཉམས་གསོ་ཆེན་པོ་བྱེད་མགྱོགས་སུ་བཏང་ནས་ལྷག་མའི་རྡོ་སྣག་འགྱུར་གཞོང་གི་འཆར་གཞི་139ལེགས་སྒྲུབ་བྱས་པ་དང་གོམ་སྟབས་རྗེས་མར་ད་དུང་གློག་འབྱེད་གཞོང་གི་ཐོན་ནུས་རིམ་སྤོར་བྱས་ཏེ་ཐོན་ནུས་མཐོ་རུ་གཏོང་བའི་དམིགས་ཡུལ་འགྲུབ་རྒྱུ་ཡིན”ཅེས་ཧྲེན་པིང་གིས་བཤད།

ཉིང་རྡུལ་ལག་རྩལ་བསྒྱུར་བཀོད་ཀྱི་རྒྱབ་ཏུ་དམངས་དང་ཧ་ཡང་ཐོན་ལས་རིན་ཐང་སྦྲེལ་ཐག་གི་སྟོད་རྒྱུད་དུ་འཕར་བའི་བསྡུས་རིས་ཤིག་ཡིན་ལ།སྦྲེལ་ཐག་རྣམ་པའི་རྒྱ་སྐྱེད་ཀྱིས་འབྱུང་རྩའི་ཁེ་ལས་ལ་ཐོན་ནུས་རིམ་སྤོར་བྱེད་དུ་བཅུག་པའི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཀྱང་ཡིན།

ཧྲན་ཏུང་དང་ཧོ་ནན་སོགས་ཧ་ཡང་ལས་རིགས་ཀྱི་ཞིང་ཆེན་ཆེན་པོ་དང་བསྡུར་ན།མཚོ་སྔོན་ལ་ཧ་ཡང་དང་གཏེར་ཁའི་ཐོན་ཁུངས་མེད་ལ་མཐའ་སྣེའི་ཁྲོམ་ར་དང་ཡང་ཐག་རིང་པོ་ཡོད་པ་མ་ཟད།ད་དུང་ཟོག་འགྲེམས་དང་ནུས་རྒྱུའི་མ་གནས་དེ་བས་མཐོ་བ་འཁུར་དགོས་ལ་ཇི་ལྟར་བྱས་ནས་མི་འདང་བའི་གནད་དོན་ཐག་གཅོད་བྱེད་དགོས་སམ།

ཡོངས་བསྒྲགས་གནས་ཚུལ་སྤེལ་བའི་ནང་ནས་ང་ཚོས་མཐོང་བར།2025ལོར་མཚོ་ཤར་གྲོང་ཁྱེར་བཟོ་ལས་དང་ཆ་འཕྲིན་མ་ལག་གིས་གློག་བརྟེན་ཧ་ཡང་དབྱེ་འབྱེད་ལྟེ་བར་བྱས་ཏེ་ཧ་ཡང་ལས་སྣོན་ཞིབ་ཚགས་གཙོ་བོར་བྱེད་པའི་རྒྱུ་ཆ་གསར་པའི་ཐོན་ལས་རྟེན་གཞི་གཏོད་རྒྱུ་དང་།ལྷག་པར་དུ་མི་རིགས་དང་བཟོ་ལས་གླིང་ཁུལ་གྱི་ད་ཡོད་ཧ་ཡང་ཐོན་ལས་དེ་ཧ་ཡང་གི་རྒྱུ་ཆ་དང་།ཧ་ཡང་བསྲེས་མ།ཧ་ཡང་རིགས་ཀྱི་འཚོ་བའི་ཐོན་རྫས་སོགས་རྩེར་སོན་ཕྱོགས་སུ་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་མཐར་ཧ་ཡང་ལས་སྣོན་ཐོན་ལས་ཁྱུ་ཚོགས་ཤིག་ཆགས་པ་བྱ་རྒྱུ་རེད།

གཅིག་བྱས་ན་གནད་དོན་སེལ་བའི་བསམ་ཕྱོགས་ད་དུང་རྒྱ་སྐྱེད་གཏོང་ཐུབ་པ་སྟེ།མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་“ལྗང་མདོག་གློག་ཧ་ཡང་”ཁས་ལེན་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས་རྩེར་སོན་བཟོ་སྐྲུན་ཁེ་ལས་དོན་འཁྱོལ་ཐུབ་རྒྱུའི་ཡིད་དབང་འགུག་ཆེད་ཡིན་པ་རེད།

ས་སྲོས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་གློག་དབྱེ་འབྱེད་ཧ་ཡང་འཁོར་ཁང་གི་གློག་འོད་སྔར་བཞིན་གསལ་པོ་ཡོད་པ་དང་།བཞུ་འདྲེས་ཧ་ཡང་གཤེར་ཁུ་དེ་ས་མཐོའི་གྲོང་ཁྱེར་ཆུང་ངུའི་ཐོན་ལས་མཆོང་སྐྱོད་བྱེད་པའི་ཁྲག་རྒྱུན་དང་འདྲ་བར།དེས་སྲོལ་རྒྱུན་གྱི་ལྕི་བའི་བཟོ་ལས་ཀྱི་ས་རྒྱུའི་ཁྲོད་ནས་ས་གཏོར་བ་དང་།སྦྲེལ་མཐུད་གསབ་སྦྲེལ་གྱི་ལམ་བུ་བརྒྱུད་ཚན་རྩལ་དང་ལྗང་མདོག་གི་སྐུལ་འདེད་འོག་ཐོན་ལས་ཀྱི་ཤ་གནད་གསར་རྐྱང་ཞིག་སྐྱེ་བཞིན་ཡོད།

“ཤར་གྱི་རྒྱལ་སྒོ་ཆེན་པོ”ཞིག་གིས་ཆུ་རྒྱུན་དང་རྒྱ་མཚོ་བཞིར་ཤར་གཏོང་ཐུབ་ནས་ཕྱི་ཕྱོགས་ཚོང་དོན་གསར་གཏོད་ཀྱི་མཐོ་ཚད་མངོན་འགྱུར་བྱུང་བ།

དམངས་མཐུན་ནི་མཚོ་སྔོན་གྱི་ཤར་སྒོ་ཆེན་པོ་ཡིན་པས་ཇི་ལྟར་བྱས་ནས་ཤར་སྒོ་ཇེ་ཆེར་ཕྱེ་ནས་ཕྱི་ཕྱོགས་སྒོ་དབྱེ་དེ་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་།རིམ་པ་དེ་བས་ཟབ་པ།ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་ཕྱི་ཕྱོགས་སུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་སམ།

ས་མཐོའི་གྲོང་ཁྱེར་ཆུང་ངུ་དེས“ཉིང་རྡུལ་མཁྲེགས་པོ”བཟོས་ནས་འཛམ་གླིང་ཁྲོམ་རའི་སྒོ་མོ་འབྱེད་བཞིན་ཡོད།

“མེ་ཟིང་།”ཞེས་དམངས་དང་ཀོང་ཏ་སོལ་རྒྱུ་ཚད་ཡོད་ཀུང་སིའི་(གཤམ་དུ་བསྡུས་མིང་ལ“རྡོ་སོལ་རྒྱུ་ཆེན་པོ”ཞེས་བསྡུ་རྒྱུ)ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་སྐབས་འཕྲུལ་འཁོར་གྱི་གོམ་སྟབས་ལྡན་པའི་ལས་སྒྲུབ་སྒྲ་རྣ་བར་ཁྱབ་པ་དང་།འཁོར་ཁང་ནང་གི་སྨུག་པ་དང་གྲངས་འཛིན་འཁོར་སྟེགས་ཀྱི་སྒྲ་མཉམ་དུ་འདྲེས་ནས་རྒྱུག་པའི་དྲ་ཐོག་ཏུ་གྲུབ་རྗེས་ཀྱི་རྡོ་སྣག་སྒམ་གྱི་བཀྲག་མདངས་འཚེར་བཞིན་ཡོད།

ཁེ་ལས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲུའུ་ཙུང་ཡུན་གྱིས་ངོ་སྤྲོད་བྱས་དོན།“ཁེ་ལས་ཀྱིས་རིག་ནུས་ཚོད་འཛིན་མ་ལག་གསར་དུ་ནང་འདྲེན་བྱས་པས་རྡོ་སྣག་སྒམ་གྱི་རྣམ་པ་ཆགས་པའི་དུས་ཚོད་དེ་སྐར་མ་120ནས་སྐར་མ་110བར་ཐུང་དུ་བཏང་བ་དང་ཐོན་རྫས་ཀྱི་འདུས་ཚད་དང་ཤུགས་ཚད་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད་པ་མ་ཟད།བཟོ་རྩལ་ལེགས་སུ་ཕྱིན་པ་བརྒྱུད་ཐོན་རྫས་ཀྱི་གནོན་ཤུགས་འགོག་ཚད་10%མཐོ་རུ་ཕྱིན་པ་དང་སྤྱོད་ཡུན་རིང་དུ་ཕྱིན་ནས་ཁྲོམ་རའི་ཐོག་དགའ་བསུ་དེ་བས་ཆེ་བ་ཐོབ་ཡོད”

ཐོན་སྐྱེད་འཁོར་ཁང་ཚ་ཚ་འུར་འུར་ངང་སྤེལ་ནས“ཚ་རླབས”འཕྱུར་མཁན་ནི་མིག་སྔའི་ཐོན་སྐྱེད་སྒྲུབ་རིམ་ཙམ་མ་ཟད།ད་དུང་མཐོང་རྒྱུ་མེད་པའི་ཕྱིར་གཏོང་གི་ཚ་རླབས་ཀྱི་གྲངས་གཞི་ཡང་ཡོད་པ་སྟེ།2023ལོར་མི་རིགས་དང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་བྱེད་ཚད་ཨ་སྒོར་ཁྲི་1048ཟིན་པ་དང་།2024ལོར་ཨ་སྒོར་ཁྲི་1647བར་འཕར་བ་དང་2025ལོའི་ཟླ་དང་པོ་ནས་བཞི་པའི་བར་ཨ་སྒོར་ཁྲི་1965ལས་བརྒལ་ཡོད།

གྲངས་གཞིའི་རྒྱབ་ཏུ་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་བཟོ་སྐྲུན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་གྱི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཅིག་རེད།

གླིང་ཁུལ་གྱི་ལམ་ཆེན་བརྒལ་རྗེས་མཚོ་སྔོན་གྱི་ཕུའུ་ནའེ་རྒྱུ་ཆ་གསར་པ་ཀུང་སིའི(གཤམ་དུ“མཚོ་སྔོན་གྱི་ཕུའུ་ནའེ”ཞེས་བསྡུ་རྒྱུ)རིག་ནུས་ཅན་གྱི་མཛོད་ཁང་གིས་ཨ་ཧྥེ་རི་ཁའི་དབྱང་འགྱུར་མཱེ་ཐོན་རྫས་འདོན་འཇུག་བྱེད་བཞིན་ཡོད་པ་དེ་ནི་དབྱང་འགྱུར་མཱེ་རིགས་ཀྱི་ཐོན་རྫས་གཙོ་བོར་བྱེད་པའི་ཀུང་སི་ཞིག་ཡིན་པ་དང་མིག་སྔར་ལེ་ལག་ཚང་བའི་སྒྲིག་བཀོད་ལྡན་པའི་ཐོན་རྫས་ཐོན་སྐྱེད་སྒྲུབ་རིམ་6བསྐྲུན་ཟིན་པ་དང་ཐོན་རྫས་དེ་ངར་ལྕགས་དང་མདོག་ལྡན་བཙོ་སྦྱངས་སོགས་ལས་རིགས་སུ་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད་པ་རེད།

མཚོ་སྔོན་གྱི་ཕུའུ་ནའེ་ནི་མིན་ཧོ་ཕྱིར་གཏོང་ཚོང་དོན་གྱི་གཙོ་ཤུགས་དམག་ཡིན་པ་དང་2024ལོར་ཀུང་སི་དེས་ཕུའུ་ནའེ་ཚོགས་པའི་ཕྱི་རྒྱལ་གྱི་གཉེར་ཚོང་དྲ་རྒྱར་བརྟེན་ནས་ཐོན་རྫས་ཏུན་16496.26ཧན་གོ་དང་།ལྷོ་ཨ་ཧྥེ་རི་ཁ།ཨུ་རུ་སུ་སོགས་རྒྱལ་ཁབ་ལ་ཕྱིར་གཏོང་བྱས་པ་དང་ཕྱིར་གཏོང་ཕྱི་དངུལ་མི་དམངས་ཤོག་སྒོར་ཁྲི་10652.69དང་།ཕྱི་དངུལ་ཨ་སྒོར་ཁྲི་870མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་9784.0553ཟིན་པ་དེས་མཚོ་སྔོན་གྱི་ཕྱིར་གཏོང་བསྡོམས་འབོར་(སྒོར་ཁྲི་435189.80)གྱི་2.45%བཟུང་ཡོད།

ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཅ་ཐིང་གིས་གསར་འགོད་པར་མཚོ་ཐོག་སྐྱེལ་འདྲེན་གྱི་ལམ་བར་དུ་བརླན་ཚད་འགྱུར་ལྡོག་བྱུང་བ་དེས་ཐོན་རྫས་ཐུམ་སྒྲིལ་གྱི་རེ་བ་ཧ་ཅང་མཐོ་པོ་ཡོད།ལྷོ་ཨ་ཧྥེ་རི་ཁའི་ཚོང་ཤག་གི་ཚུར་ལན་བརྒྱུད་ང་ཚོས་ཐུམ་སྒྲིལ་གྱི་སྐུད་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་ཐུམ་སྒྲིལ་གྱི་གྱོང་གུན་ཕོག་ཚད་ཟམ་མི་ཆད་པར་ཆག་ཡོད།གཞན་ཡང་།“ཐོན་རྫས་རྒྱ་མཚོར་བསྐྱོད་པ་དང་ཞབས་ཞུ་མཉམ་སྐྱོད”ཀྱི་རྣམ་པ་དེས་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་མངགས་ཐོ་མང་དུ་ཕྱིན་ཡོད་ཅེས་བཤད།

དམངས་དང་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་རའི་གསང་གྲངས་ཞིབ་ཚགས་ཀྱིས་གསེད་བཀྲོལ་བྱས་ཏེ་འགག་སྒྲོལ་དཀའ་སེལ་གྱི་སྐད་ཅིག་མ་རེ་རེར་བྲིས་ཡོད།ཀོང་ཏ་སོལ་རྒྱུ་དེ་ཧན་གོའི་ཁྲོམ་ར་ལས་བརྒལ་ཆེད་ལག་རྩལ་ཇུས་གཞི་དང་།ཐོན་རྫས་ཇུས་འགོད་ཇུས་གཞི།བཟོ་རྩལ་བརྒྱུད་རིམ་བཅས་རྒྱུན་ཆད་མེད་པར་འབྲེལ་གཏུག་བྱས་པ་བརྒྱུད་ཚོང་པ་ཀུང་སིར་རྟོག་ཞིབ་བྱེད་པར་གདན་འདྲེན་ཞུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་མཐར་སྤུས་ཚད་ཡག་པོ་དང“ཆེད་གཏོགས་གཏན་འབེབས”སྤྱད་དེ་མཉམ་ལས་བྱས་ཡོད།ཧན་གོའི་ཤིན་ཕེ་ཁེ་ཀུང་སིས་ཐོག་མར་དོས་སྒམ་ཚོད་ལྟའི་ཐོ་ཡིག་གསུམ་ལས་མངགས་མེད་པ་དང་ད་ཆ་ལོར་མངགས་ཐོ་ཏུན་2000བར་བརྟན་པོ་ཡོད་པ་རེད།

དེ་དང་འདྲ་བར་མཚོ་སྔོན་གྱི་ཕུའུ་ནའེ་རུ་བྲེལ་འཚུབ་ཆེ་བའི་དུས་སུ་ཁེ་ལས་ཀྱི་ཐོན་སྐྱེད་སྒྲུབ་རིམ་ལས་དུས་འཕར་མ་བྱས་ནས་ཟླ་རེའི་ཐོན་ནུས་ཏུན་6000བར་མཐོ་རུ་བཏང་ཡོད།

ས་སྲོས་ཁྲོད་ཀྱི་མི་དམངས་དང་བཟོ་ལས་གླིང་གི་གློག་སྒྲོན་གསལ་ཞིང་།དཔྱང་འདེགས་རླངས་འཁོར་གྱི་གཟུགས་བརྙན་དེ་དངོས་ཟོག་སྤུང་ས་བརྒྱུད་ཡོད།ལེ་དབར་སྟོང་གི་ཕྱི་རོལ་དུ་མིན་ཧོ་ཡི་གློག་གིས་ཧན་གོའི་ཁྲོམ་རར་བསྐྱོད་དེ་ཟོག་འདྲེན་གྲུ་གཟིངས་ཀྱི་དབྱང་འགྱུར་མཱེ་ཐོན་རྫས་བླུགས་ནས་ལྷོ་ཨ་ཧྥེ་རི་ཁར་བསྐྱོད་ཅིང་།

འབྱུང་འགྱུར་དམངས་དང་ཞི་མཐུན་གྱི་ཁེ་ལས་དེ་བས་མང་བ་ཞིག་གྲུ་གཡོར་རྒྱ་མཚོར་བསྐྱོད་དེ་དམངས་དང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་སྣོན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།