ཉེ་སྔོན། ཚྭ་འདམ་བྱེ་ཐང་རྟེན་གཞིའི་ཀོང་ཞིའི་གློག་སྐྱེལ་ལས་གྲྭའི་རྡོ་སོལ་གློག་ཤུགས་ཝ་ཁྲི་4×66རྣམ་གྲངས་ལ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཞིབ་མཆན་ཐོབ་པ་དེ་ཐོག་ནས་ཚྭ་འདམ་ན་གོར་མོ་ཤར་རྒྱུད་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཀྱི་སྔོན་གྱི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་ཐོབ་པ་དང་གོམ་སྟབས་རྗེས་མའི་རྟེན་གཞི་ཆེན་པོ་ཁྱོན་ཡོངས་ནས་ལས་འགོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་མཚོན་ཡོད།
ཚྭ་འདམ་ན་གོར་མོ་ཤར་གྱི་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ལས་བརྒལ་བའི་གཉེར་སྐྱོང་ཁུལ་ལས་བརྒལ་བའི་ཕྱི་སྐྱེལ་རྟེན་གཞི་དང་པོ་ཡིན་ལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཡི་ནུས་རྒྱུ་གཙང་མ་ཕྱི་སྐྱེལ་རྟེན་གཞི་དང་པོ་ཡང་ཡིན་ལ། རྒྱལ་ཡོངས་ཀྱི་ནུས་རྒྱུ་གསར་པ་སྒྲིག་སྦྱོར་གཞི་ཁྱོན་ཆེ་ཤོས་ཀྱི་ནུས་རྒྱུ་གསར་པ་ཕྱི་སྐྱེལ་རྟེན་གཞི་ཡང་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ནུས་ཁུངས་བྱ་གཞག་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། “མཚོ་སྔོན་རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་ལས་གསར་བའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་བ་”ཞེས་པའི་མཛུབ་སྟོན་གལ་ཆེན་བཏོན་ཏེ། མཚོ་སྔོན་ལ་“དེ་བས་གལ་ཆེ་བ་གསུམ་”གྱི་འཐབ་ཇུས་ཀྱི་གོ་གནས་སྤྲད་ནས་མཚོ་སྔོན་གྱི་ནུས་ཁུངས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ངེས་དང་ལམ་སྟོན་དང་སྣེ་ཁྲིད་བྱས་ཡོད།
རླུང་ཤུགས་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་བྱ་རྒྱུ་ནི་རང་རྒྱལ་གྱི“ཐཱན་གཉིས”དམིགས་ཚད་མངོན་འགྱུར་བྱེད་པ་དང་ནུས་རྒྱུ་གཙང་སྦྲ་དང་ཐཱན་དམའ་བའི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་ཧྭ་ཏེན་ཚོགས་པ་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སི(གཤམ་དུ་བསྡུས་མིང་ལ“ཧྭ་ཏེན་མཚོ་སྔོན་ཀུང་སི”ཞེས་བརྗོད་རྒྱུ)ཡིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་བླང་བྱ་གལ་ཆེན་དེ་ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་རྒྱུ་ཞིག་ཀྱང་ཡིན།
“ལྗང་མདོག་ནུས་པའི་འཕྱུར་བའི”ནུས་རྒྱུ་གསར་པའི་ལས་གྲྭ་ཞིག་དར་རྒྱས་འགྲོ་བཞིན་ཡོད།
“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ནས་བཟུང་རྒྱལ་ཁབ་ཀྱིས་བྱེ་ཐང་དང་། མྱ་ངམ་ཐང། བྱེ་ཐང་བཅས་ས་ཁུལ་གྱི་རླུང་ཤུགས་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་གྲོས་འགོ་ཐེངས་མང་བཏོན་ཡོད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་དམིགས་འབེན་དམ་པོར་དམ་འཛིན་བྱས་ཏེ། ཕྱི་སྐྱེལ་བགྲོད་ལམ་རྒྱ་བསྐྱེད་པ་དང་ས་གནས་དེ་གའི་འཛད་སྤྱོད་དང་བསྡུ་ལེན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བྱེ་ཐང་དང་། མྱ་ངམ་ཐང། བྱེ་ཐང་བཅས་གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་རླུང་ཤུགས་འོད་ཤུགས་རྟེན་གཞིའི་རྣམ་གྲངས་ཆེ་གྲས་ཁག་གཅིག་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཡང་ཐོབ་པ་རེད།
2022ལོར་རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་དང་རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་རྒྱལ་ཁབ་ཀྱི“ཐཱན་གཉིས”འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། གཞི་ཁྱོན་ཅན་བཅས་ཀྱི་ཧྲ་མྱ་ངམ་ཐང་ྱེ་ཐང་ས་ཁུལ་གྱི་རླུང་ཤུགས་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཚྭ་འདམ་བྱེ་ཐང་རྟེན་གཞི་དང་མཚོ་ལྷོ་ཁུལ་མྱ་ངམ་ཐངརྟེན་གཞི་ཝ་ཁྲི་9250འཆར་འགོད་བཀོད་སྒྲིག་བྱས་ཡོད།
2023ལོ་ནས་བཟུང་ཀྲུང་གོ་ཧྭ་གློག་ཁང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་གྲོས་མཐུན་བཞག་སྟེ་ཚྭ་འདམ་ན་གོར་མོ་ཤར་རྒྱུད་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཀྱི་སྔོན་གྱི་ལས་དོན་ཁག་ཐུན་མོང་ཐོག་སྐུལ་འདེད་བཏང་བ་དང་ལག་རྩལ་འདེགས་སྐྱོར་ཚན་པ་སྒྲིག་འཛུགས་བྱས་ནས་རྟེན་གཞི་ཆེན་པོའི་འཆར་འགོད་ཇུས་གཞིར་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་པ་དང་མཐར་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དཔྱད་དཔོག་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་རྒྱལ་ཁབ་ནུས་ཁུངས་ཅུས་ཀྱི་ལག་བསྟར་ཇུས་གཞིའི་ཆོག་མཆན་དང་གློག་ཁུངས་ཇུས་གཞིའི་ཆོག་མཆན་སྐོར་གྱི་ཆ་རྐྱེན་གཉིས་བདེ་བླག་ངང་ཐོབ་པ་རེད།
“ཚྭ་འདམ་ན་གོར་མོ་ཤར་རྒྱུད་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ལ་ཉིན་20ཙམ་ནང་རྒྱལ་ཁབ་ཀྱི་ཆོག་མཆན་ཡི་གེ་ཐོབ་པས་མྱུར་ཚད་ནི་རྒྱལ་ཡོངས་ཀྱི་ཆོག་མཆན་གཅིག་མཚུངས་ཀྱི་སྒྲིག་གཞིའི་རྟེན་གཞིའི་རྣམ་གྲངས་མགྱོགས་ཤོས་ཡིན་པ་རེད། ” ཧྭ་ཏེན་མཚོ་སྔོན་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་ལག་བསྟར་ལས་འཛིན་པ་ཝང་ཐའོ་གིས“མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་ནུས་ཁུངས་ཅུས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་འོགང་ཚོས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ལག་རྩལ་འདེགས་སྐྱོར་ཚན་པ་སྒྲིག་འཛུགས་བྱས་ནས་རྟེན་གཞི་ཆེན་པོའི་འཆར་འགོད་ཇུས་གཞིར་རིགས་པས་བསྐྱར་ཟློས་བྱས་པ་དང་དུས་མཚུངས་ནང་ཁུལ་གྱི་ཇུས་གཞིའི‘ལྗང་མདོག་བགྲོད་ལམ”བཏོད་ནས་ལས་འགོ་མ་འགོ་ཚུགས་གོང་གི་འགྲོ་ལུགས་མགྱོགས་མྱུར་སྒྲུབ་པ་དང་། རྣམ་གྲངས་ལག་བསྟར་བྱེད་པའི་གོམ་སྟབས་ལ་སྐུལ་འདེད་བཏང་ནས་རྣམ་གྲངས་དུས་བཀག་ལྟར་འགོ་འཛུགས་རྒྱུ་འགན་ལེན་བྱ་དགོས། ”
ཚྭ་འདམ་ན་གོར་མོ་ཤར་རྒྱུད་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ནི་མཚོ་ནུབ་ཁུལ་གྱི་ཚྭ་འདམ་བྱེ་ཐང་དང་། མྱ་ངམ་ཐང། བྱེ་ཐང་ས་ཁུལ་གྱི་འོད་ཤུགས་དང་རླུང་ཤུགས་རྨང་གཞིར་བྱེད་པ་དང་། རྡོ་སོལ་གློག་དང་གློག་རྫས་འགྱུར་ནུས་གསོག་འདེགས་སྐྱོར་བྱས་ཡོད། སྤྱིའི་གཞི་ཁྱོན་ཝ་ཁྲི་1924དང་། གློག་ཁུངས་ཕྱོགས་ལ་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་800ཙམ་ཡོད། རླུང་ཤུགས་འོད་ཤུགས་རྟེན་གཞིའི་ཁྲོད་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་14ལས་བརྒལ་བ་དང་། ཚྭ་བུལ་དང་བྲག་རྡོ་གཅེར་བུ་དང་བྱེ་རྡོག་ས་ཞིང་སྤྱི་ཆིང་ཁྲི་16ལས་བརྒལ་བ་རེད། རྣམ་གྲངས་ལེགས་གྲུབ་བྱས་ནས་བཀོལ་སྤྱོད་བྱེད་འགོ་ཚུགས་རྗེས། ལོ་རེར་ཀོང་ཞིར་གློག་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར་364.6ཙམ་སྐྱེལ་རྒྱུ་དང་། བགྲོད་ལམ་གྱི་ལོ་རེར་སྤྱོད་པའི་ཆུ་ཚོད་4558ཙམ་ཡོད་པ་དང་། ནུས་རྒྱུ་གསར་པའི་གློག་ཚད་ཀྱིས་བཟུང་བའི་བསྡུར་ཚད་67%ཟིན་པས། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་ཐུབ་རྒྱུ་རེད།
“སྒུལ་ཤུགས་ཀྱིས་ཁེངས་པའི”ལྗང་མདོག་སྒུལ་བྱེད་འཕྲུལ་འཁོར་གསར་པ་ཞིག་སྤེལ་གྲ་སྒྲིག་བྱེད་བཞིན་ཡོད།
ཚྭ་འདམ་ན་གོར་མོ་ཤར་རྒྱུད་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཀྱི་རྨང་གཞིའི་སྙོམ་སྒྲིག་གློག་ཁུངས་ཡིན་པའི་ཆ་ནས། ཚྭ་འདམ་བྱེ་ཐང་རྟེན་གཞིའི་ཀོང་ཞིའི་གློག་སྐྱེལ་ལས་གྲྭའི་རྡོ་སོལ་གློག་ཤུགས་ཝ་ཁྲི་4×66རྣམ་གྲངས་ཀྱིས་རྟེན་གཞིར་མཐོ་རླབས་དང་ཟློས་ཕྱོད་སྙོམ་སྒྲིག་གི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་དང་། ནུས་ཆེའི་ཚད་བརྒལ་འགྱུར་མཚམས་ཚད་བརྒལ་གཞན་བརྒྱུད་མཁའ་རླུང་གྲང་རྡོ་སོལ་འཕྲུལ་འཁོར་ཚན་པ་4འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་དང་། བརླན་ཐབས་མུ་ཟི་འདོར་དང་ཟེ་ཟི་འདོར་སྒྲིག་བཀོད། ལྕགས་ལམ་ཆེད་སྤྱོད་ལམ་ཐིག་ལེ་ལག་ཏུ་བསྐྲུན་པ། གློག་སྒྱུར་གློག་སྡེབ་སྒྲིག་ཆས་སྟོང་ཝུའུ་750ལེ་ལག་ཏུ་བསྐྲུན་པ། སྒུལ་རྣམ་མ་དངུལ་སྒོར་དུང་ཕྱུར་115བཏང་བ་རེད།
“རྣམ་གྲངས་དེས་མཚོ་སྔོན་ཞིང་ཆེན་གྱི་སྤུས་ལེགས་ལྗང་མདོག་གློག་ཤུགས་ཕྱི་སྐྱེལ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་བསྡུར་ཚད་མཐོ་བའི་ནུས་ཁུངས་གཙང་མ་གསར་སྤེལ་ཕྱི་སྐྱེལ་མངོན་འགྱུར་ཐུབ་པས། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་མཁོ་སྤྲོད་འགལ་བ་ལེགས་བཅོས་ནུས་ལྡན་བྱེད་པ་དང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་རྒྱུར་རོགས་རམ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཝང་ཐའོ་ཡིས་བཤད།
རྟེན་གཞིའི་རྣམ་གྲངས་ཀྱིས་སྣེ་ཁྲིད་བྱས་ཏེ་བྱེད་སྟངས་བསྒྱུར་ནས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཁྲོད་མི་སྣ་གཙོ་བོའི་འཁྲབ་སྟོན་བྱེད་ཀྱི་ཡོད། ཧྭ་ཏེན་མཚོ་སྔོན་ཀུང་སིས་ནུས་ཁུངས་གསར་པ་གསར་སྤེལ་གྱི་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ཡུལ་ལྗོངས་ཆུ་མེ་ཆིང་གསོག་འཇོག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བྱེ་ཐང་དང་། མྱ་ངམ་ཐང་། བྱེ་ཐང་བཅས་ཀྱི་ཡུལ་ལྗོངས་གློག་འདོན་རྟེན་གཞི་ཆེ་གྲས་གསར་སྤེལ་བྱས་པ་བརྒྱུད་ཡུལ་ལྗོངས་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་བྱས་ནས་ནུས་ཁུངས་གསར་པ་ལེགས་ལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན། ཚན་རྩལ་གསར་གཏོད་ནི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྲོག་ཤིང་གི་རྒྱུ་རྐྱེན་གཙོ་བོ་ཡིན། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཇི་ལྟར་བྱས་ནས་གསོ་སྐྱོང་བྱས་ཏེ་ནུས་རྒྱུ་གཙང་མ་གཞི་ཁྱོན་ཅན་དང་རྨང་གཞི་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ནི་མགྱོགས་མྱུར་འཁོར་སྐྱོད་མངོན་འགྱུར་བྱེད་པའི་འགག་རྩ་ཞིག་རེད།
མཚོ་སྔོན་དུ་ཞིང་ཆེན་ནང་ཁུལ་གྱི་ཆིང་ནུས་ལག་རྩལ་གསར་གཏོད་ལྟེ་གནས་དང་པོ་དང་མཚོ་སྔོན་ཞིང་ཆེན་ཆིང་ནུས་ཐོན་ལས་འཕེལ་རྒྱས་སྐུལ་འདེད་ཚོགས་འདུ་འཛུགས་པ། རྒྱལ་ཁབ་ཀྱིས་ཀྲའོ་ཝ་3ཡོད་པའི་འོད་ཤུགས་ཆིང་བཟོ་བའི་རྣམ་གྲངས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་ཆིང་དང་པོ་དེ་གྲུབ་འབྲས་ཐོབ་པའི་ངང་བཟོས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ས་མཐོའི་ཀྲའོ་ཝ་རིམ་པའི་ཀལ་ཐེ་གཏེར་ཁའི་ཁྱབ་ཚུལ་འོད་ཧྥུ་རྣམ་གྲངས་དང་པོ་མཚོ་སྔོན་སློབ་ཆེན་དུ་གྲུབ་འབྲས་ཐོབ་པའི་ངང་སྤྱོད་འགོ་ཚུགས་པ། ཡོངས་སུ་རྒྱལ་ཐོན་ཅན་དང་རྒྱལ་ཡོངས་ཀྱི་སྤུས་རྡུལ་བརྗེ་རེས་སྐྱི་མོའི་ཆིང་བཟོ་བའི་སྒྲིག་ཆས་ཐོག་མ་དེ་ཐོག་མར་སྐྱེལ་འདྲེན་བྱས་ཏེ། སྤུས་རྡུལ་བརྗེ་རེས་སྐྱི་མོ་དང་རླུང་གཟུགས་ཁྱབ་མཆེད་རིམ་པ་སོགས་འགག་རྩའི་སྲོག་ཤིང་རྒྱུ་ཆ་དང་སྒྲིག་ཆས་རྒྱལ་ཐོན་ཅན་གྱི་“སྐེ་འགག་པའི”གནད་དོན་ཐག་གཅོད་བྱས་ཏེ། ཕྱི་རྒྱལ་གྱི་ཤོང་ཚད་མཐོ་བ་དང་ཞུགས་གྲངས་ཆེ་བའི་PEMགློག་འབྱེད་ཆུའི་ཆིང་བཟོ་བའི་ལས་རིགས་སྒེར་སྡེམ་གཏོར་བ་རེད།
ཉེ་བའི་ལོ་ཤས་རིང་ཧྭ་ཏེན་མཚོ་སྔོན་ཀུང་སིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་PEMགློག་འབྱེད་ཆུའི་ཆིང་བཟོ་བའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཞིབ་འཇུག་བྱ་གཞི་གསར་གཏོད་ཀྱི་སྐུལ་སྒུལ་གྱི་གཞི་འཛིན་སར་བྱས་ཏེ། ཆིང་ནུས་པའི་ནུས་གསོག་དང་། ནུས་མང་གསབ་རེས་མ་ལག་འདུས་སྒྲིག“བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས+དེང་རབས་ཞིང་ལས་”སོགས་ཁྱབ་ཁོངས་སུ་ཚན་རྩལ་གསར་གཏོད་ཞིབ་འཇུག་བྱ་གཞིའི་ཞིབ་འཇུག་ལ་སྐུལ་འདེད་བཏང་སྟེ། གསར་གཏོད་ལ་བརྟེན་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་དབྱར་མཚོ་རྒྱས་པ་ལྟར་དར་བ་རེད།
ནུས་གསོག་ནི“མཛེས་ལྗོངས་ཚད་མེད་པའི”སྤུས་ཚད་མཐོ་བའི་རི་མོ་ཞིག་རིམ་བཞིན་སྤེལ་བཞིན་ཡོད།
མཚོ་སྔོན་གྱི་ས་གཞི་ཆེན་པོར་བལྟས་ཚེ། སྔོ་ནག་གི་གློག་པང་ལེབ་དེ་འོད་ཤུགས་ཀྱི་“རྒྱ་མཚོ་སྔོན་པོ་”དུ་འདུས་པ་དང་། རླུང་འཕྲུལ་འཁོར་ཆེན་པོ་དེ་འདྲ་འཕེལ་རྒྱས་ཀྱི་“འགྲོས་ཚད་”དུ་འགྱུར་བ། འོད་དྲོད་ཤེལ་ངོས་ཀྱིས་འོད་བསྡུ་ལེན་བྱས་ནས་གསེར་ཐོན་པ། འོད་ཤུགས་དང་རླུང་ཤུགས་སོགས་ཀྱིས་མཚོན་པའི་ནུས་རྒྱུ་གཙང་མའི་ཐོན་ལས་མེད་པ་ནས་ཡོད་པར་འགྱུར་བ་དང་རྒྱུན་ཆད་མེད་པར་སྟོབས་ཆེ་རུ་ཕྱིན་པ་དང་། མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པས། སྤུས་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་འཕེལ་ཕྱོགས་སྟོབས་ཆེ་རུ་འགྲོ་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཐཱན་རྩེ་དང་ཐཱན་བར་གནས་ཀྱི་དམིགས་ཚད་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་གི་ལས་འགན་དུ་བརྩིས་ཏེ། ནུས་ཁུངས་གཙང་མའི་གསར་སྤེལ་དང་། གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན། ནུས་ཁུངས་གཙང་མའི་ཚབ་བྱེད་པ། ནུས་གསོག་སྣ་མང་གསར་སྐྲུན། ཐོན་ལས་རིམ་སྤོར་སྐུལ་འདེད། འཕེལ་རྒྱས་ལམ་སྲོལ་འཛུགས་སྐྲུན“བྱ་སྤྱོད་ཆེན་པོ་དྲུག་པར”སྐུལ་འདེད་ཏན་ཏིག་བཏང་སྟེ། ནུས་ཁུངས་གཙང་མའི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་རྒྱུར་འབད་བརྩོན་བྱས་ཏེ། ལྗང་མདོག་དང་ཐཱན་དམའ་བའི་ཁྱད་ཆོས་ལྡན་པའི་ནུས་ཁུངས་གཙང་མའི་མཐོ་ས་འཛུགས་སྐྲུན་གྱིས་འབྱུང་འགྱུར་འབྲི་བཞིན་ཡོད་པ་དང་། མཛེས་ལྗོངས་ཚད་མེད་ཡིན་པ། མདུན་གྲལ་དུ་བསྐྱོད་བཞིན་ཡོད།
“མྱ་ངམ་ཐང་”གི་ནུས་རྒྱུ་གསར་པ་ཕྱི་སྐྱེལ་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་ནི་ནུས་རྒྱུ་གསར་པ་གཙོ་གཟུགས་སུ་བྱས་པའི་གློག་ཤུགས་མ་ལག་གསར་པ་འཛུགས་པའི“གཙོ་གནད་”ཞིག་རེད།
མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་གཙོ་ཤུགས་དམག་དཔུང་ཡིན་པའི་ཧྭ་ཏེན་མཚོ་སྔོན་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འགན་འཁུར་རྒྱུར་ཤུགས་སྣོན་རྒྱག་པ་དང་། གོ་སྐབས་དམ་འཛིན་བྱས། འཆར་འགོད་གཏིང་ཟབ་བཅས་བྱས་ཏེ་ནུས་རྒྱུ་གསར་པ་གཞི་ཁྱོན་ཅན་དང་རྟེན་གཞི་རྣམ་པའི་འཕེལ་རྒྱས་གཏོང་བའི་སྤྱོད་འཐུས་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱས་པ་རེད།
“ང་ཚོས་འཐབ་ཇུས་ཀྱི་གནས་གཏན་འཁེལ་ལ་གཞི་ཚུགས་པ་དང་ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་ཟུང་འབྲེལ་བྱས་ཏེ། ‘ནུས་མང་གསབ་རེས་’ཀྱི་ཁྱད་ཆོས་ལྡན་པའི་མཉམ་འདྲེས་འཕེལ་རྒྱས་བྱེད་སྟངས་གསར་གཏོད་བྱས་ཏེ། རླུང་དང་། འོད་། མེ་རྒྱུ། གསོག་འཇོག་བཅས་ཀྱི་གློག་ཁུངས་སྣ་ཚོགས་གསབ་རེས་ཕན་ཚུན་རོགས་རམ་བྱེད་པའི་ཁྱད་ཆོས་བེད་སྤྱོད་གང་ལེགས་བྱས་ཏེ་གློག་འདོན་བྱེད་སྟངས་སྣ་ཚོགས་སྙོམས་སྒྲིག་བྱས་ཏེ་གློག་ཁུངས་སྣ་ཚོགས་ཀྱི་གཞི་ཁྱོན་སྡེབ་སྡུར་ལེགས་སུ་བཏང་ནས་གློག་ནུས་སྤུས་ཚད་མཐོ་རུ་གཏོང་དགོས། ཆིག་སྟོང་ཝུའུ་±800དང་ཤོང་ཚད་ཝ་ཁྲི་800ཡི་མཐོ་གནོན་ཧ་ཅང་ཆེ་བའི་ཐད་རྒྱུག་གློག་གཏོང་སྐུད་ལམ་བརྒྱུད་ཀོང་ཞིར་གློག་སྐྱེལ་བས། མཚོ་སྔོན་གྱི་ལྗང་མདོག་གློག་དེ་ལེ་དབར་སྟོང་བརྒལ་ནས་ཀུའེ་ཀྲི་བརྒྱད་ཀྱི་ཁྱིམ་ཚང་ཁྲི་སྟོང་གི་གློག་སྒྲོན་འབར་རྒྱུ་རེད། ཝང་ཐའོ་ཡིས་བཤད།
ཚྭ་འདམ་ན་གོར་མོ་ཤར་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ནི་རྒྱལ་ཡོངས་ཀྱི་གློག་ཁུངས་གཞི་ཁྱོན་ཆེ་ཤོས་དང་། མ་དངུལ་བསྡོམས་འབོར་ཆེ་ཤོས་དང་། ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད་མཐོ་ཤོས་བཅས་ཀྱི་ཕྱི་སྐྱེལ་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཤིག་རེད། ཆིང་ཀུའེ་ཐད་རྒྱུག་བགྲོད་ལམ་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་གློག་དྲ་དང་ལྷོ་ཕྱོགས་གློག་དྲ་གཉེར་སྐྱོང་ཁུལ་ལས་བརྒལ་བའི་ཆེས་མཐོ་གནོན་ཕྱི་སྐྱེལ་བགྲོད་ལམ་དང་པོ་དེ་ཡིན་པས། རྗེས་མཐུད་ནུབ་བྱང་ས་ཁུལ་དུ་ཞིང་ཆེན་དང་ས་ཁོངས་ལས་བརྒལ་བའི་གློག་ཤུགས་ཕྱི་སྐྱེལ་བྱེད་པར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།
ཐོན་ཁུངས་ཀྱི་རང་བཞིན་ལྡན་པའི་ཆ་རྐྱེན་ལ་གཞི་ཚུགས་ནས་ས་གནས་ཀྱི་གནས་ཚུལ་དང་ཐོན་ཁུངས་ཀྱི་གནས་ཚུལ་དང་བསྟུན་ནས་རང་བྱུང་ཁམས་ཀྱི་ཐུན་མོང་མ་ཡིན་པའི་ནུས་ཁུངས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་ལེགས་ཆ། འཕེལ་རྒྱས་ཀྱི་ལེགས་ཆ་བཅས་སུ་བསྒྱུར་དགོས། ལས་གྲྭ་རིམ་འདས་དེའི་རྒྱབ་ཏུ་མཚོ་སྔོན་ཞིང་ཆེན་དང་ཀྲུང་གོའི་ཧྭ་ཏེན་གློག་ཁང་གཉིས་ཀྱིས་ལག་གདང་སྦྲེལ་ནས་འཚོལ་ཞིབ་ལྷོད་མེད་བྱེད་པའི་བསྡུས་རིས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི“ཐཱན་གཉིས”འཐབ་ཇུས་དོན་འཁྱོལ་བྱེད་པའི་མཚོ་སྔོན་གྱི་ལག་ལེན་ཞིག་ཀྱང་ཡིན་ལ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་འབྲི་མཁན་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བ་ཞིག་ཀྱང་ཡིན།
2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་འཆར་འགོད་བཀོད་སྒྲིག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱོན་ཡོངས་ནས་འཕར་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཚྭ་འདམ་ན་གོར་མོ་ཤར་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་བདེ་བླག་ངང་འགོ་ཚུགས་པ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་“གདོང་མཆོང་རྟགས་འདེབ”གྲགས་པར་མ་ཟད། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྡ་རྟགས་དྲག་པོ་ཡང་བསྒྲུབ།