2025ལོའི་ལོ་འགོ་བརྩམས་པའི་སྐབས་སུ“ཀྲུང་གོའི་སྦྲེལ་འཕྲིན །ཨ་ལི་ཡུན་ཝན་ཁ་ལྗང་མདོག་རྩིས་ནུས་རྣམ་གྲངས”མཚོ་སྔོན་ཞིང་ཆེན་ཤིས་ཉིང་གྲོང་ཁྱེར་དུ་བཀར་སྐབས། རྒྱལ་ཡོངས་རྩིས་ནུས་ལས་རིགས་ཀྱི་མིག་མདངས་སླར་ཡང་ས་མཐོ་དེར་ཕྱོགས་ཡོད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་20ལྷག་ཙམ་བཏང་བའི་རྩིས་ནུས་ལྟེ་གནས་ཆེ་ཤོས་འདིས་རྩིས་ནུས་ལས་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲུ་ལམ་གསར་པ་ཞིག་ཐེག་ཡོད་པ་མ་ཟད། དེ་བས་མཚོ་སྔོན་གྱི་ཡུན་རིང་གི་“ནུས་རྒྱུ་དང་གྲངས་ཀའི”ཐོན་ལས་ཀྱི་བཀོད་པ་ལས་བརྒལ་ཡོད་པ་རེད།
2015ལོར་ཕྱིར་མིག་བལྟས་ན། སྐབས་དེར་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་གཞི་ཁྱོན་དང་ཇུས་འགོད་ནུས་པ་ཨང་དང་པོ་ཡིན་པའི་མཚོ་བོད་ས་མཐོའི་སྤྲིན་རྩིས་གཞི་གྲངས་ཆེན་པོའི་ལྟེ་གནས་མཚོ་སྔོན་དུ་གནས་ཤིང་། ནུབ་རྒྱུད་དང་། རྒྱལ་ཡོངས་དང་ཐ་ན་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་ལ་གྲངས་གཞི་གསོག་འཇོག་དང་གྲངས་གཞི་ཆེན་པོའི་དབྱེ་ཞིབ་རྩིས་རྒྱག་སོགས“གཅིག་འཐུས་པའི”ཞབས་ཞུ་མཁོ་འདོན་བྱས་ཡོད། 2017ལོའི་ཟླ་6ཚེས་17ཉིན་གྱི་ཆུ་ཚོད་0:00ནས་ཚེས་23ཉིན་གྱི་ཆུ་ཚོད་24:00བར་མཚོ་སྔོན་ལ་ཉིན་7བསྟུད་མར་ནུས་རྒྱུ་གཙང་མ་ཚང་མར་གློག་མཁོ་འདོན་བྱས་ནས་གློག་དྲ་བདེ་འཇགས་དང་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པ་རེད། བྱེད་སྟངས་དེ་རྒྱལ་ནང་དུ་ཐེངས་དང་པོ་ཡིན་པ་མ་ཟད། འཛམ་གླིང་གི་གློག་དྲ་བའི་ནུས་རྒྱུ་གཙང་མ་ཡོངས་རྫོགས་འཁོར་སྐྱོད་བྱེད་པའི་ཟིན་ཐོ་གསར་པ་ཞིག་ཏུ་གྱུར་ཡོད།
སྐབས་དེར་“ཤར་གྲངས་དང་ནུབ་རྩིས་”ཀྱི་ལས་གྲྭ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་མེད་མོད། འོན་ཀྱང་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མ་དང་རྩིས་ནུས་ཐོན་ལས་དབར་འབྲེལ་བ་ངེས་ཅན་ཞིག་བཟོས་ཡོད།
སྐབས་དེར། རང་རྒྱལ་གྱི་དྲ་སྦྲེལ་སྣེ་གྲས་ཁེ་ལས་མཚོ་སྔོན་དུ་བབས་པ་དང་རྒྱལ་ནང་གི་སྤྲིན་རྩིས་བཀོད་གཏོང་ལ་གཞིགས་པའི་གཞི་ཁྱོན་ཆེ་བའི་རིག་ནུས་རྩིས་རྒྱག་ཁྱུ་ཚོགས་ཐོག་མ་དེ་ཐོག་ནས་སྤེལ་བ་རེད། མཚོ་སྔོན་གྱིས་ཀྱང་ལྗང་མདོག་རྩིས་གློག་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འགྲན་ལམ་གསར་པ་གསར་གཏོད་བྱས་ཡོད།
ལོ་རྒྱུས་ཀྱི་མཚམས་ཚིགས་ཐོག་ལངས་ནས། མཚོ་སྔོན་གྱིས་བྱ་སྤྱོད་ལ་བརྟེན་ནས་འཛམ་གླིང་གི་མི་རྣམས་ལ་“ང་ཚོས་རྨོངས་ཚོད་ཀྱིས་རླབས་རྒྱུན་གྱི་རྗེས་སུ་འབྲངས་པ་མིན་པར། མཚོ་སྔོན་གྱི་ཁྱིམ་ཚང་གི་རྒྱུ་ནོར་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བརྗེ་བ་ཡིན། ”ཞེས་བཤད་པ་རེད།
འཛམ་གླིང་གི་ཁང་ཀླད་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་། དེ་ནས་རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་ནུས་འདུ་འཛོམས་བྱ་ཡུལ་བར་ལོ་ངོ་བཅུ་ཕྲག་ཁ་ཤས་ལས་བརྒལ་བའི་ས་མཐོའི་གསར་བརྗེ་ཞིག་དུས་སྐབས་འདིར་དོན་དངོས་སུ་མངོན་ཡོད།
ཀྲུང་གོ་སྦྲེལ་འཕྲིན་གཙང་གསུམ་འགོ་ཁུངས་ལྗང་མདོག་གློག་གི་རིག་ནུས་རྩིས་རྒྱག་མཉམ་འདྲེས་དཔེ་སྟོན་གླིང་གི་གཞི་གྲངས་བཟོ་སྐྲུན་པའི་ལས་དོན་ཁྲོད།
ཅིའི་ཕྱིར་མཚོ་སྔོན་ཡིན་ནམ།
ལོ་10ལྷག་ཙམ་གོང་མཚོ་སྔོན་གྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་བསམ་བཀོད་འདོན་སྐབས། མི་མང་པོ་ཞིག་གིས་དེ་ནི་སྣང་མེད་ཀྱི་བསམ་ཚུལ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་མཚོ་སྔོན་དུ་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་དེ་2012ལོའི་9.11%ནས་2024ལོའི་94.23%བར་གྱི་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་བ་དང་བཞིན“ཆུ་གློག་དང་འོད་ཝུན། རླུང་རྒྱུན། ནུས་གསོག་བཅས་ཀྱི་ནུས་ཁུངས་ལིང་ཚེ་ཆགས་པ་རེད།
དེ་རིང་བཟོ་ལས་གསར་བརྗེ་ཐེངས་བཞི་པ་ཁུ་སིམ་མེར་འགོ་ཚུགས་པ་དང་། མིས་བཟོས་རིག་ནུས་དང་། གཞི་གྲངས་ཆེན་པོ། སྤྲིན་རྩིས་རྩིས། དངོས་པོའི་དྲ་སྦྲེལ་བཅས་ཀྱིས་མཚོན་པའི་གྲངས་འཛིན་ལག་རྩལ་གྱིས་སྐུལ་འདེད་གཏོང་བའི་ཐོན་སྐྱེད་བྱེད་སྟངས་ལ་འཕོ་འགྱུར་འབྱུང་བཞིན་ཡོད། གོ་སྐབས་དམ་འཛིན་བྱ་དགོས་ན། འཕོ་འགྱུར་ཁྲོད་ཚད་བརྒལ་གསར་པ་འཚོལ་དགོས། དེར་བརྟེན། མཚོ་སྔོན་གྱིས“ཁྱིམ་ཚང་དང་འཕེལ་ཕྱོགས”ཀྱི་གནད་ལ་འཁེལ་བའི་རྩིས་རྒྱག་ཅིག་སྤེལ་བ་སྟེ།
ནུས་ཁུངས་ལྡན་པ། མཚོ་སྔོན་ལ་“ཆུ་ཕུན་སུམ་ཚོགས་པ་དང་། འོད་ཕུན་སུམ་ཚོགས་པ། རླུང་བཟང་བ། ས་ཆ་རྒྱ་ཆེ་བ་བཅས་ཡིན། ཞིང་ཆེན་ཡོངས་ཀྱི་ཉི་ནུས་གསར་སྤེལ་བྱེད་ཚད་ཆན་ཝ་དུང་ཕྱུར་30ལས་བརྒལ་བ་དེ་འགག་གསུམ་གློག་ཁང་134དང་མཚུངས། རང་རྒྱལ་གྱི་རླུང་ཆེ་བའི་ར་བ་བཞི་པ་དེ་ཡིན་པ་དང་ནུས་ཁུངས་གསར་པ་གསར་སྤེལ་བྱེད་པར་སྤྱོད་ཆོག་པའི་ཐང་རྒོད་ཅན་གྱི་ས་ཆ་སྤྱི་ལེ་གྲུ་བཞི་ཁྲི་10ལས་བརྒལ་ཡོད། དེ་དང་ཆབས་ཅིག་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་དང་། ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་བཅས་དམིགས་ཚད་གསུམ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
གནམ་གཤིས་ཀྱི་ཁེ་ཕན་-མཚོ་སྔོན་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་ཤིང་། གནམ་གཤིས་གྲང་ཞིང་སྐམ་པོ་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་3.4ཡས་མས་ལས་མེད། གཞི་གྲངས་ལྟེ་གནས་ཆེན་པོའི་གྲང་བཟོ་གློག་སྤྱོད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་40%དམའ་བ་དང་། བཀོལ་སྤྱོད་བྱེད་བཞིན་པའི་གཞི་གྲངས་ལྟེ་གནས་ཆེ་གྲས་ཀྱི་ཆ་སྙོམས་ནུས་འབྲས་དམིགས་ཚད་PUEགྲངས་ཐང་1.2མན་རྒྱུན་འཁྱོངས་བྱས་ནས་ལག་རྩལ་ཆ་རྐྱེན་གཅིག་མཚུངས་འོག་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་གནས་ཡོད།
གནས་ཡུལ་གྱི་ལེགས་ཆ-ཞིན་ཅང་དང་བོད་འབྲེལ་དང་། ཤར་འབྲེལ་ནུབ་སྐྱེལ། ལྷོ་རྒྱུད་དང་བྱང་རྒྱུད་བཅས་ཀྱི་འཐབ་ཇུས་ཀྱི་གོ་གནས་དམིགས་བསལ་ཡིན་པས། བོད་དུ་བསྐྱོད་པའི་འཐབ་ཇུས་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་གཙོ་བོ་དང་། བོད་དང་ཞིན་ཅང་ས་ཁུལ་གཉིས་འབྲེལ་མཐུད་བྱེད་པའི་དཔལ་འབྱོར་རིག་གནས་བར་ཁྱམས་དང་ལྟེ་གནས་གལ་ཆེན། “རྒྱུད་གཅིག་ལམ་གཅིག”གྱི་རྟེན་གནས་གལ་ཆེན་ཞིག་ཡིན་པས། ཞིན་ཅང་བརྟན་པོ་དང་བོད་བརྟན་པོ་ཡོང་བའི་འཐབ་ཇུས་ཀྱི་ས་ཆ་གལ་ཆེན་ཞིག་ཡིན་པས། གཞི་གྲངས་ཐོན་ཁུངས་གསོག་འཇོག་རྟེན་གཞི་འཛུགས་སྐྲུན་བྱེད་པར་འཚམ་པ་རེད།
འཐབ་ཇུས་སྒེའུ་ཁུང་--རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་དུ་རྩིས་ནུས་ནི་གྲངས་འཛིན་དཔལ་འབྱོར་གྱི“ཁྲག་རྒྱུ”དང་། ཚན་རྩལ་བདག་དབང་གི“གྲ་རྒྱུ”ཐོན་ལས་རིམ་སྤོར་གྱི་“འདེགས་ཤིང་”བཅས་ཡིན་པ་གདོན་མི་ཟེར། མཚོ་སྔོན་གྱིས་སྐབས་དེར་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི“ཐཱན་གཉིས”འཐབ་ཇུས་ལག་བསྟར་བྱེད་པ་དང“ཤར་གྲངས་དང་ནུབ་རྩིས་པའི”ལས་གྲྭ་ལག་བསྟར་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱ་རྒྱུ་དེ་རེད།
AIཡི་མཐའ་ནི་རྩིས་ནུས་དང་། རྩིས་ནུས་ཀྱི་མཐའ་ནི་གློག་ཤུགས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱིས་མཚོ་སྔོན་ལ་བྲིས་པའི“རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་”སྐྲུན་རྒྱུའི་འཆར་གཞི་ཡང་ཡང་ཀློག་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་རྒྱང་ལྟ་བྱས་རྗེས། མཚོ་སྔོན་གྱིས་ནུས་རྒྱུ་གཙང་མའི་ཐོག་ནས་ཀྲུང་གོའི་རྩིས་ནུས་ས་ཁོངས་བསྐྱར་དུ་འབྲི་དགོས་པ་མ་ཟད། སྣོད་བཅུད་ཉམས་ཞན་ས་ཁུལ་གྱིས་ཀྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཐུབ་པ་ར་སྤྲོད་བྱེད་དགོས་པའི་སེམས་ཐག་བཅད་པ་རེད།
མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་དེ་ཞིང་ཆེན་ཡོངས་ཀྱིས་གཙོ་གནད་དུ་འཕེལ་རྒྱས་གཏོང་བའི་ཐོན་ལས་ཆེན་པོ་ལྔའི་གྲས་ཤིག་ཏུ་བརྩིས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་གསོ་སྐྱོང་དང་བསྐྲུན་ཡོད། མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་དེ་བས་ཀྱང་རྩེ་རིམ་ཇུས་འགོད་དང་འཁྱགས་གཏོར་གྱི་འགོ་ཚུགས་པ་རེད།
དུས་ཡུན་ངེས་ཅན་ཞིག་ལ། མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུས་ཀྱི་གཞུང་ལས་ཁང་དུ“གློག་འོད་ཡུན་རིང་འཕྲོ”དང་ཚོགས་འདུའི་ཁང་དུ“རྩོད་གླེང་ཛ་དྲག་པའི”ནང་སྡེ་ཚན་20ལྷག་ཙམ་གྱི་ལས་དོན་མི་སྣས་མུ་མཐུད་དུ་འཐབ་རྩོད་དྲག་པོ་བྱས་ཏེ། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་ཆེད་སྲིད་ཇུས་ཀྱི་འབྲེལ་ཐག་གསར་གཏོད་ཡག་པོ་བྱེད་དགོས་པ་རེད།
ཧུར་བརྩོན་གྱིས་སེམས་པ་སྐྱེད་པ་དང་། མཚོ་སྔོན་གྱིས་རྒྱལ་ཡོངས་དུ《ལྗང་མདོག་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་པ་དཔྱད་བསྡུར་གཏན་འབེབས་ཚད་གཞི》སོགས་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཚད་གཞི་ཁག་ལྔ་སྔོན་ལ་ཁྱབ་བསྒྲགས་བྱས། སྔ་རྗེས་སུ་《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྲུན་ཇུས་གཞི》《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཤས་》《ཚན་རྩལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་བྱ་སྤྱོད་ཇུས་གཞི(2024ལོ་ནས་2028ལོ་བར)》སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་བཙུགས་ཡོད།
དེ་དང་ཆབས་ཅིག་ཆེད་མངགས་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་ནུས་ཤུགས་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་ནུས་རྒྱུ་གཙང་མའི་འདེགས་སྐྱོར་དང་། ཐོན་ལས་གསོ་སྐྱོད། དངུལ་རྩའི་རྒྱབ་སྐྱོད། ཚན་རྩལ་གསར་གཏོད། ཤེས་ལྡན་མི་སྣ་འདྲེན་སྐྱོད། ཚོང་གཉེར་ཁོར་ཡུག་སོགས་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
རྩིས་ནུས་འཕེལ་རྒྱས་མགྱོགས་ལམ་དུ་བསྐྱོད་ཆེད། ན་ནིང་ཟླ་3ཚེས་29ཉིན་མཚོ་སྔོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཨང་དང་པོ་དངོས་སུ་འགོ་ཁྲིད་བྱས་ཏེ་པེ་ཅིང་དུ“ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་ལྗང་མདོག་འབྱུང་འགྱུར་འཕེལ་རྒྱས”བརྗོད་བྱ་གཙོ་བོར་བྱས་པའི་མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ངོ་སྤྲོད་ཚོགས་འདུ་འཚོགས་པ་དང་། ཟླ་4ཚེས་29ཉིན་དང་ཟླ་5ཚེས་17ཉིན་ཧྲེན་ཀྲེན་དང་ནན་ཅིང་དུ་སོ་སོར་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཚོང་འགུགས་མ་དངུལ་འཇོག་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་སྤུས་རྟགས་བྱུགས་རྒྱུ་རེད།
“ཀྲུང་གོ་སྦྲེལ་འཕྲིན།ཨ་ལི་ཡུན་ཝན་ཁ་ལྗང་མདོག་རྩིས་རྒྱག་ནུས་པའི”རྣམ་གྲངས་མཚོ་སྔོན་དུ་ཐོན་པ་དང་ཆབས་ཅིག་མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་སྟོབས་ཤུགས་ལ་རང་རྒྱལ་གྱི་དྲ་སྦྲེལ་ཁེ་ལས་ཀྱི་མགོ་བརྩམས་པའི་ཁས་ལེན་ཐོབ་པ་དང་མཚོ་སྔོན་གྱི་རྩིས་རྒྱག་ནུས་པའང་གཞི་ཁྱོན་ཆེན་པོ་བྱུང་ཡོད་པ་ར་སྤྲོད་བྱུང་ཡོད།
མཚོ་སྔོན་ཞིང་ཆེན་གྲངས་གཞི་ཆེན་པོའི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར“1+2+N”ཁྱོན་ཡོངས་ཀྱི་བཀོད་སྒྲིག་གཞི་རྩའི་ཆ་ནས་གྲུབ་པ་དང་ཤོང་ཚད་མུ་མཐུད་ཆེ་རུ་ཕྱིན་ཡོད། 2024ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་སུ་བསྐྲུན་པ་དང་འཛུགས་སྐྲུན་བྱེད་བཞིན་པའི་ཚད་ལྡན་འཕྲུལ་འཁོར་སྒྲོམ་གྱི་གཞི་ཁྱོན་ཁྲི་9.3ཟིན་པ་དེ་ལོ་འགོ་ལས་ལྡབ་2ལྷག་ཙམ་ཡིན་པ་དང་རྩིས་ནུས་གཞི་ཁྱོན་8400PFLOPSཟིན་ནས་ལོ་འགོ་ལས་8000PFLOPSའཕར་ཡོད་པ་རེད།
“ལྗང་མདོག་གློག་དམིགས་བསལ་ཁུལ་”གྱི་བསམ་བཀོད་ནས“ཁྲན་ཁ་རྩིས་ནུས་”ལག་ལེན་དུ་བསྟར་བའི་བར། མཚོ་སྔོན་གྱིས་ལག་ལེན་ཐོག་ནས་འཐབ་ཇུས་གཏན་འཁེལ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་སྤྱད་དེ་ས་མཐོའི་“རླུང་དང་། འོད་ཆོགཆུ་བཅས་ཀྱི་“ཝ་ཐེ”དེ་གྲངས་འཛིན་དུས་རབས་ཀྱི་“པེ་ཐེ”དུ་བསྒྱུར་ཐུབ་པ་ར་སྤྲོད་བྱུང་ཡོད།
དགེ་མཚན་ལག་ཏུ་བཟུང་སྟེ་འཆར་འགོད་བྱས་ཏེ། མཚོ་སྔོན་གྱིས་གསེར་རི་སྲུང་ནས་ཟ་མ་རོལ་མ་མ་ཡིན་པར། ནུས་རྒྱུ་གཙང་མའི་ཐོན་ལས་དེ་འགྲན་རྩོད་ནུས་ཤུགས་སུ་འགྱུར་ངེས་ཡིན།