དཔྱིད་དུས་ཀྱི་ཚྭ་འདམ་གཤོང་སའི་དྲོད་ཚད་སྔར་བཞིན་ཀླད་ཀོར་འོག་ཏུ་འཁྱམས་ཡོད་མོད། འོན་ཀྱང་གཤོང་སའི་བྱང་མཐའ་རུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནི་ཚ་རླངས་འཕྱུར་བའི་བྲེལ་འཚུབ་ཆེ་བའི་སྣང་ཚུལ་ཞིག་ཡིན་པ་སྟེ། གཞི་ཁྱོན་ཆེ་ཤོས་ཀྱི་མཆོད་རྟེན་རྣམ་པའི་འོད་ཚ་གློག་འདོན་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ལྗང་གློག་ཆིང་བཟོ་བའི་རྣམ་གྲངས་དང་པོ་དེ་སྒུག་བཞིན་ཡོད། ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་གི་འཕྲུལ་འཁོར་འུར་སྒྲོག་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ཏེ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་རང་བྱུང་ཐོན་ཁུངས་བེད་སྤྱོད་བྱས་ནས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ཡོད།
ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་”དང་“ཧྲ་ཀོ་ཧོང་”ནུས་ཁུངས་གསར་པའི་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་”ཞེས་བཏོན་ཡོད།
ཀོ་པི་གྲོང་རྡལ་ཆུང་ཆུང་གི“གསོན་ཤུགས་གསང་གྲངས་”ནི་ཅི་ཞིག་ཡིན། ཇི་ལྟར་བྱས་ནས་ཕན་འབྲས་དམའ་བའི་“ས་འོག་གི་”ཐོན་ཁུངས་གསར་སྤེལ་བྱེད་པ་ནས་“གནམ་གྱི་”ཐོན་ཁུངས་ནུས་ཆེའི་སྒོ་ནས་བེད་སྤྱོད་པའི་བར་དུ་ལྗང་མདོག་ཕྱོགས་སྒྱུར་མངོན་འགྱུར་བྱེད་དགོས། ཉེ་ཆར་གསར་འགོད་པས་གཏེར་ལེན་ཁའི་ནུས་རྒྱུ་གསར་པ་དང་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་འཐབ་ཕྱོགས་དང་པོའི་ཐད་འཚམས་འདྲི་གནང་བ་རེད།
ལྗང་མདོག་ཕྱོགས་སུ་སྔོག་འདོན་དང་ཐོན་ཁུངས་ཀྱི་དགེ་མཚན་འདོན་པ།
གཏེར་ལེན་ཁ་ནིསོག་པོའི་སྐད་དུ་གསེར་གྱི་འཇིག་རྟེན་ཞེས་པ་ལ་ཟེར། ད་ལྟ“གསེར་མདོག་གི་འཇིག་རྟེན་འདུའི”ནང་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་ནི་སྔོན་པོ་གི“རྒྱ་མཚོ་”དང་ལྗང་མདོག་གི་འགུལ་ནུས་དེ་རེད།
ཐག་རིང་དུ་དངུལ་མདོག་གི་འོད་འོད་འཚེར་ནས་དེ་བས་འོད་འཚེར་བའི་དངུལ་མདོག་གི་སྒོར་སྙིང་ཞིག་ཏུ་འདུས་ཡོད། "འདི་ནི་ཉི་ནུས་མཆོད་རྟེན་རྣམ་པའི་འོད་ཚ་གློག་འདོན་གློག་ཁང་རེད། ཁྱོད་ཀྱིས་ལྟོས། ཉི་གཏན་འཁེལ་མེ་ལོང་ཁྲི་ཕྲག་ཁ་ཤས་ཀྱིས་ཉི་འོད་དཀྱིལ་གྱི་ཚ་འཇིབ་མཆོད་རྟེན་དུ་ལྡོག་འཕྲོ་བྱས་ཏེ། བརྒྱུད་འདྲེན་བར་རྫས་ལ་ཚ་སྣོན་བྱས་ནས་རླངས་པ་ཐོན་པས། རླངས་སྒུལ་འཕྲུལ་འཁོར་གློག་འདོན་འཕྲུལ་ཚན་གྱིས་ཆུ་ཚོད་24རིང་རྒྱུན་ཆད་མེད་པར་གློག་འདོན་ཐུབ། "མཚོ་སྔོན་ཀྲུང་ཁུང་ཏེ་ལིན་ཧའི་ཀྲའོ་ཝ་50འོད་ཚ་གློག་འདོན་གློག་ཁང་གི་སྤྱི་ཁྱབ་བཟོ་སྐྲུན་པ་ཧྥན་ཡུས་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འོད་ཤུགས་གློག་འདོན་དང་བསྡུར་ན་འོད་ཚ་གློག་འདོན་ལ་སྭེལ་ཤེལ་འོད་གློག་བརྗེ་སྤོར་མི་དགོས་པས་གློག་འདོན་མ་གནས་དེ་བས་དམའ་བ་རེད།
དེ་སྔའི་གཏེར་ལེན་ཁ་སྐྱ་མདོག་རེད། རྡོ་སོལ་དང་རྡོ་ཐལ་རྡོ་སོགས་གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱས་པ་དང་བུལ་གཙང་མ་གཙོ་བོར་འཛིན་པའི་ཚྭ་རྫས་འགྱུར་བཟོ་ལས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། གཏེར་ལེན་ཁ་སྐབས་ཤིག་རིང་བཟོ་ལས་འཕེལ་རྒྱས་ཀྱི་“མྱུར་ལམ་”དུ་བསྐྱོད་པས་བུལ་གཙང་མའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་10%ཙམ་ཟིན་ཡོད། འོན་ཀྱང་ཕན་འབྲས་དམའ་བའི་སྲོལ་རྒྱུན་ཐོན་ལས་འཕེལ་རྒྱས་རིམ་བཞིན་ངལ་དུབ་ཀྱི་རྣམ་པ་མངོན་པ་སྟེ། “བུལ་གཅིག་ཁེར་རྐྱང་ཆེ་བ”དེ། “མྱུར་ལམ་”མཐའ་མཇུག་ཏུ་སླེབས་ཡོད་པ་མཐོང་ཐུབ། གཏེར་ལེན་ཁ་གྲོང་ཁྱེར་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཧྲའོ་ཁྲུན་གིས“ཐོན་ལས་རིགས་སྒྱུར་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་སྒུལ་ཤུགས་ཡིན་པས། ཇི་ལྟར་བྱས་ནས་“སྣ་”འདི་དམ་འཛིན་བྱ་རྒྱུ་ནི་ངེས་པར་དུ་ལན་འདེབས་དགོས་པའི་དྲི་བ་ཞིག་ཡིན”ཞེས་བཤད།
ཀོ་ཐང་ཡུན་རིང་ལ་བལྟས་ན། ཉི་འོད་ཀྱིས་མིག་ཕྱེ་མི་ཐུབ་པར་གྱུར། ཧྥན་ཡུས་ཧྭ་གིས“འོད་དྲོད་ཐོན་ལས་འཕེལ་རྒྱས་གཏོང་བར་ཉི་འོད་དང་ས་ཆ་གཅིག་ཀྱང་ཉུང་མི་རུང་། རྒྱ་ཆེ་བའི་ས་ཆའི་ཐོན་ཁུངས་དང་ལོ་རེར་ཉི་འོད་ཆུ་ཚོད་3500ཡན་ཟིན་པ། བྱེ་རླུང་ཡང་ཉུང་བས། ཏེ་ལིན་ཧ་དེ་འོད་དྲོད་གློག་ཁང་འཛུགས་སྐྲུན་བྱེད་པའི་ཕུགས་བསམ་གྱི་གནས་ཤིག་ཏུ་གྱུར་ཡོད”ཅེས་བཤད།
ཐོན་ལས་འབྲེལ་ཐག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས།
སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འབྲེལ་ཐག་ཞིག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བཞིན་ཡོད།
གྱེས་རྡུལ་གྱེས་པའི་གཅོད་འབྲེག་འཕྲུལ་འཁོར་གྱིས་སྒྲ་འཕྱུར་ནས་མེ་སྟག་གང་སར་འཕྱུར་བའི་རྗེས་ཤུལ་མཛེས་སྡུག་ལྡན་པས། གཏེར་ལེན་ཁའི་ལྷོ་འདབས་ཀྱི་མཚོ་སྔོན་ཧྭ་ཧུའེ་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་རླུང་འཕྲུལ་འཁོར་གྱི་མཆོད་རྟེན་དང་འོད་ཤུགས་པང་ལེབ་ཀྱི་སྒྲོམ་སྐྱོར་རེ་རེ་བཞིན་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་དེ་རྗེས་མཚོ་སྔོན་ཀྲུང་ཁུང་གཏེར་ལེན་ཁའི་ཀྲའོ་ཝ་50འོད་ཚ་གློག་ཁང་སོགས་འོད་ཚ་རྟེན་གཞི་དང་རླུང་ཤུགས་རྟེན་གཞི་རུ་དབོར་ཡོད།
ཧྭ་ཧུའེ་ནུས་རྒྱུ་གསར་པ་ཀུང་སི་གཏེར་ལེན་ཁ་རུ་ལོ་མང་རིང་གཞི་ཚུགས་ནས་སྲོལ་རྒྱུན་གྱི་ངར་ལྕགས་གྲུབ་ཆའི་ཐོན་རྫས་ཐོག་མར་ཐོན་སྐྱེད་བྱེད་ཀྱི་ཡོད་མོད། འོན་ཀྱང་ལྟེ་བའི་འགྲན་རྩོད་ནུས་པ་མེད་པ་དང་། ལས་སྒོ་ཁེར་རྐྱང་ཡིན་པས། ཀུང་སིའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད། ཧྭ་ཧུའེ་ཡིས་ནུས་ཁུངས་གཙང་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ཁྲོམ་རའི་གོ་སྐབས་ལ་བལྟས་ནས་ནུས་ཁུངས་གསར་པའི་ལེ་ལག་ཚང་བའི་ཐོན་ལས་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་ཚོད་ལྟ་བྱས་ཏེ། སྔ་རྗེས་སུ་ལོ་རེར་ཐོན་ནུས་ཆེ་ཆུང་1000རེར་རླུང་ཤུགས་མཆོད་རྟེན་སྒྲོམ་གྱི་ཐོན་སྐྱེད་ཐིག་9དང་ལོ་རེར་ནུས་ཁུངས་གསར་པའི་རིག་ནུས་མེ་ལོང་སྒྲོམ་སྟེགས་ཆ་ཚང་ཁྲི་15ཐོན་སྐྱེད་བྱེད་པའི་ཐོན་སྐྱེད་ཐིག་4བསྐྲུན་པ་རེད།
ཧྭ་ཧུའེ་ཡི་འགན་འཁུར་བ་ཅིན་ཧུང་ཞང་གིས་ཕྱོགས་སྒྱུར་གྱི་དཀའ་ངལ་ཐག་གཅོད་བྱ་ཆེད། ཀུང་སིས་སྡེ་ཚན་བཙུགས་ནས་ལག་རྩལ་བཟོ་རྩལ་དང་ཐོན་རྫས་ཀྱི་སྤུས་ཚད་ལ་འགན་འཁུར་རྒྱུ་དང་འབྲེལ་མཐོ་སློབ་དང་ཐོན་སློབ་ཞིབ་སྤྱོད་མཉམ་ལས་བྱས་ནས་དཀའ་གནད་མང་པོ་རིམ་བཞིན་ཐག་གཅོད་བྱེད་ཀྱི་ཡོད། ཅིན་ཧུང་ཞང་གིས“མིས་བཟོས་ཚ་ལ་རྒྱག་པ་ནས་འཕྲུལ་ཆས་ཀྱི་མི་ཡང་གྲས་ནང་འདྲེན་བྱེད་པ་དང་། དེ་ནས་རང་འགུལ་ཅན་རིག་ནུས་ཅན་གྱི་སྒྲིག་ཆས་སུ་བསྒྱུར་བཀོད་བྱས་ནས་མཐོར་འདེགས་གཏོང་བར་ང་ཚོས་གོང་རྒྱུད་དང་སྨད་རྒྱུད་ཁེ་ལས་དང་མཉམ་ལས་དམ་ཟབ་བྱས་ཏེ་ས་བབ་མཐོ་བའི་ས་ཁུལ་གྱི་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་གྱི་ལག་རྩལ་གྱི་ལེགས་ཆ་གསོག་འཇོག་བྱས་ཏེ། རང་བདག་གི་སྤུས་རྟགས་བསྐྲུན་ནས་ཁྲོམ་རའི་ཐོབ་སྐལ་རིམ་བཞིན་ཇེ་མཐོར་སོང་ཡོད”ཅེས་བཤད།
ནུས་ཁུངས་གསར་པའི་ཐོན་ལས་སྦྲེལ་ཐག་རིང་པོ་ཡོད་པ་དེ་སྟོད་རྒྱུད་ཀྱི་དམིགས་བསལ་ཤེལ་དང་། ཀུལ། ངར་ལྕགས་སོགས་སྲོལ་རྒྱུན་ལས་རིགས་དང་འབྲེལ་བ་ཡོད་པ་མ་ཟད། རྒྱུ་ཆ་གསར་པ་དང་། ཞིབ་ཚགས་སྒྲིག་ཆས། རིག་ནུས་ཚོད་འཛིན་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཐུབ། “འོད་ཤུགས་ཐོན་ལས་དཔེར་བཞག་ན། ང་ཚོས་སྟོད་རྒྱུད་ཐོན་རྫས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། དཀྱིལ་སྣེའི་ལྷུ་ཚིགས་ཁག་གི་ཐོན་རྫས་ཀྱི་ནུས་པ་མཐོར་འདེགས་གཏོང་བ། སྨད་རྒྱུད་ཀྱི་བཀོལ་སྤྱོད་རྣམ་པ་རྒྱ་སྐྱེད་བཅས་བྱས་ཏེ། འོད་ཤུགས་ཤེལ་དང་། འོད་ཤུགས་ལྷུ་ལགསྒྲོམ་སྒྲོམ་སོགས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། འོད་ཤུགས་གློག་ཁང་དང་དེ་བཞིན་ལེ་ལག་ཚང་བའི་ཐོན་རྫས་ཁྱབ་ཁོངས་སུ་རྒྱ་བསྐྱེད་མགྱོགས་སུ་བཏང་སྟེ། ལེ་ལག་ཚང་བའི་ཁེ་ལས་ཆེ་རུ་དང་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཆ་ཚང་ཞིང་འགྲན་རྩོད་ནུས་པ་ལྡན་པའི་ཐོན་ལས་སྣོད་བཅུད་འཛུགས་དགོས། ཝང་ཧྲའོ་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྦྲེལ་ཐག་སྟོབས་ཆེར་གཏོང་བརྒྱུད། སྦྲེལ་ཐག་ཁ་གསབ་དང་སྦྲེལ་ཐག་སྣུར་སྲིང་བྱས་པ་བརྒྱུད་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཁག་གཅིག་བསྟུད་མར་གཏེར་ལེན་ཁ་རུ་གཞི་ཚུགས་པ་དང་ཐོན་ལས་ཁྱུ་ཚོགས་ཀྱི་གཞི་ཁྱོན་ཐོག་མར་ཆགས་པ་དང་རིམ་བཞིན་སྟོབས་ཆེ་རུ་ཕྱིན་ཡོད།
གསར་པའི་ཕྱོགས་སུ་འཛེག་པ།
འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་མཐུད་ངང་སྐུལ་སྤེལ་གཏོང་དགོས།
མཚོ་སྔོན་མིང་དབྱང་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སིའི་བཟོ་སྐྲུན་འཁོར་ཁང་ནང་ཆ་སྙོམས་དང་ནུས་ལྡན་གྱི“ཁ་ཁ”སྒྲ་དང་ཆབས་ཅིག་རླུང་འཕྲུལ་འཁོར་གྱི་འཁོར་མདོང་སྐུད་པའི་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
ཁེ་ལས་ཀྱི་འགན་འཁུར་མཁན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རླུང་ཤུགས་མཐོ་བའི་འཕྲུལ་འཁོར་འཕྲུལ་འཁོར་དང་འཚམ་པའི་རང་བདག་ཞིབ་འཇུག་གསར་སྤེལ་བྱས་ཏེ། ཡིད་རྟོན་རང་བཞིན་མཐོ་བ་དང་། གློག་འདོན་ཚད་མཐོ་བ། རིག་ནུས་ཚོད་འཛིན་བཅས་གསར་གཏོད་ཀྱི་འགག་རྩར་བརྩིས་ཏེ། རླུང་ཤུགས་དམའ་བ་དང་། སྟུག་ཚད་དམའ་བ། རྒྱ་མཚོའི་ས་བབ་མཐོ་བ། གློག་ཚད་མཐོ་བ་སོགས་མཚོ་སྔོན་ས་གནས་དེ་གའི་ས་མཐོའི་ཁོར་ཡུག་གི་ཁྱད་ཆོས་དང་འཚམ་པའི་རླུང་འཕྲུལ་འཁོར་ཆེ་གྲས་ཀྲའོ་ཝ་5ནས་ཀྲའོ་ཝ་10བར་གཏན་འཁེལ་བྱས་ནས་རླུང་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པའི་ཆ་རྐྱེན་དེ་སྐར་ཆ་རེར་ཆེས་དམའ་བའི་རླུང་ཤུགས་སྨི་6.5ནས་སྐར་ཆ་རེར་སྨི་4.5མན་དུ་ཇེ་དམའ་རུ་གཏོང་ཐུབ། མིག་སྔར་མིང་དབྱང་ནུས་རྒྱུ་གསར་པས་ཧའེ་ཤིས་སུ་ས་མཐོའི་རླུང་འགྲོས་དམའ་བའི་ཚོད་ལྟའི་དོན་དངོས་ར་སྤྲོད་རྟེན་གཞི་བསྐྲུན་ཡོད།
ཐོན་ལས་གསར་གཏོད་ཀྱི་དགོས་མཁོར་དམིགས་ཏེ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཚན་རྩལ་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ་དང་ས་གནས་དེ་གའི་སྣེ་ཁྲིད་ཁེ་ལས་ཀྱི་ལག་རྩལ་ལེགས་ཆ་དང་གསར་གཏོད་གཙོ་གཟུགས་ཀྱི་ནུས་པར་བརྟེན་ནས་སྭེལ་རྨང་རྒྱུ་ཆ་གསར་གཏོད་ལྟེ་གནས་དང་ལིས་རྒྱུ་ཆ་གསར་གཏོད་ལྟེ་གནས་སོགས་བཙུགས་ནས་ཐོན་ལས་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཞབས་ཞུའི་རྣམ་པ་ལེགས་སུ་གཏོང་བ་དང་། ཚན་རྩལ་མཚམས་སྦྱོར་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཁེ་བེད་བདག་ཐོབ་ལས་ཚབ་དང་། ལག་རྩལ་ཉོ་ཚོང་། ཚན་རྩལ་དཔྱད་དཔོག་སོགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ལ་ལག་རྩལ་དང་། ཁེ་བེད་བདག་ཐོབ་འཚོལ་བ། ཤེས་ལྡན་མི་སྣ་འཚོལ་བ། གཉེར་སྐྱོང་གཙོ་གཟུགས་ལ་ཞབས་འདེགས་ཞུ་བ་བཅས་བྱ་དགོས།
གསར་པ་ནི་གཏེར་ལེན་ཁ་ཡིས་ཕྱོགས་སྒྱུར་དོན་གཉེར་བྱེད་པའི་ཤུགས་རྒྱག་ས་ཡིན།
འོད་ཧྥུ་དང་། རླུང་ཆས། ནུས་གསོག་། ཆིང་ནུས་སོགས་ཐོན་ལས་འབྲེལ་ཐག་གི་གཙོ་གནད་བཀོད་སྒྲིག་ལ་དམིགས་ནས། གསར་དར་ཐོན་ལས་གཅིག་སྡུད་ཀྱི་ཕན་ནུས་མུ་མཐུད་དུ་ཆེ་རུ་ཕྱིན་པ་སྟེ། ཀྲུང་གོ་རླངས་འཁོར་གཏེར་ལེན་ཁ་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་གླིང་གི་དུས་དང་པོ་དང་། ནན་པའོ་ཡི་སྨར་ཚད་མཐོ་བའི་ཤེལ་སྭེལ་རྣམ་གྲངས་ཏུན་ཁྲི་5ལའེ་ཏེ་པའོ་ཡི་ལོ་རེར་ཅི་ཝ་20ཐོན་པའི་ཤེལ་རྐྱང་འཐེན་དབྱུག་རྣམ་གྲངས་…རྣམ་གྲངས་གསར་པ་དང་ཐོན་ལས་གསར་པ་བསྟུད་མར་ལག་བསྟར་བྱས་པ་རེད།
གཏེར་ལེན་ཁ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་སུའེ་ཞའོ་པོས་ངོ་སྤྲོད་བྱས་པར་གཞིགས་ན། གཏེར་ལེན་ཁ་ཡིས་ད་ཡོད་ཀྱི་འོད་ཧྥུ་ཐོན་ལས་བརྟེན་ནས“སྭེལ་རྒྱུ་ཆ་དང་། སྭེལ་ལེབ་མོ། འོད་ཧྥུ་གློག་སྨན་ལེབ་མོ། འོད་ཧྥུ་ལྷུ་ལག+ལེ་ལག་ཐོན་ལས”འཕེལ་རྒྱས་གཏོང་རྒྱུ་དང་། རླུང་ཤུགས་ཐོན་ལས་འབྲེལ་ཐག་གི་སྣེ་ཁྲིད་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། རླུང་ཤུགས་གློག་འདོན་འཕྲུལ་ཚན་དང་། རླུང་འཁོར་གྱི་ལོ་མ་། མྱུར་ཚད་སྒྱུར་ཆས་སོགས་ཁྱབ་ཁོངས་སུ་རྩེར་སོན་དང་སྤུས་ལེགས་རྣམ་གྲངས་ཁག་གཅིག་ནང་འདྲེན་བྱས་པ། ནུས་གསོག་ཐོན་ལས་སྦྲེལ་ཐག་ལ་དམིགས་ནས་ནཱ་གྱེས་རྡུལ་གློག་སྨན་དང་ལིན་སྐྱུར་ལྕགས་ལིས་གློག་སྨན་སོགས་སྒྲིག་ཆས་བཟོ་སྐྲུན་བྱ་རྒྱུ་དེ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་སུ་བྱེད་པ། ནུས་ཁུངས་གཙང་མའི་ལྗང་མདོག་གློག་གིས་ཆིང་བཟོ་བར་སྐུལ་འདེད་གཏོང་བ་དང་ཆིང་ནུས་པའི་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས། “ང་ཚོས་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་རིམ་སྤོར་ལ་སྐུལ་འདེད་བཏང་ནས་གཏེར་ལེན་ཁའི་སྤུས་རྟགས་དེ་བས་མང་བ་དར་རྒྱས་ཡོང་བ་བྱ་རྒྱུ་ཡིན། ”ཞེས་སུའེ་ཞའོ་པོ་ཡིས་བཤད།