ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་བློ་སྟོབས་ཆེན་པོས་ཡར་རྒྱས་ཡོང་བའི་རྣམ་འགྱུར་ཐོག་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཐོན་ཁུངས་སྡེབ་སྒྲིག་དང་། དཔེ་རྣམ་གསར་གཏོད། སྤུས་རྟགས་གསར་གཏོད། དཔེ་མཚོན་སྣེ་ཁྲིད་བཅས་བརྒྱུད་ཤེས་རིག་ལག་ལེན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།
གཡུལ་ས་སྟོབས་ཆེར་བཏང་ནས་ཐོན་ཁུངས་བསྡུ་རུབ་བྱས་ཏེ་དཔལ་ཡོན་ལག་ལེན་གྱི་“ལྟེ་མཐུན་སྒོར་མོ་”འཛུགས་དགོས།
མདོ་ལ་རྫོང་གིས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་བྱེད་ནུས་བཀོད་སྒྲིག་བསྒྱུར་བཀོད་དང་མཐོ་རུ་བཏང་ནས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཁང་དང་། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཁང་། གཅེས་སེམས་དྲས་གཏུབ་ཁང་། དཔེ་དེབ་རི་མོ་ཁང་། ཚན་རིག་ཁྱབ་གདལ་བྱེད་སྒོ་ཁང་སོགས་བྱེད་ནུས་ཁང་བསྐྲུན་ནས་ལག་ལེན་ལྟེ་གནས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་ཟླ་རེར་བརྗོད་གཞི་དང་མཚམས་ཚིགས་ལ་བྱེད་སྒོ་ཡོད་པ་བྱེད་དགོས། དེ་སྔའི་སྡེ་ཚན་རྐྱང་བའི་བྱ་སྤྱོད་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་ཚོགས་པ་ཁག་དང་སྡེ་ཚན་དང་སྤྱི་ཚོགས་རྩ་འཛུགས་སོགས་ཐོན་ཁུངས་སྟེགས་བུ་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ། བྱེད་སྒོའི་ལས་འགན་ལུགས་མཐུན་ཇུས་འགོད་བགོ་བཤའ་དང་བྱེད་སྒོའི་གྲོན་དངུལ་འགན་བགོས་བྱས་ཏེ། “མི་གཅིག་གིས་གར་སྟེགས་བསྐྲུན་པ་དང་། མང་ཚོགས་ཀྱིས་ཟློས་གར་འཁྲབ་པའི”མཉམ་ལས་ཐུན་མོང་ཁེ་ཕན་ལམ་སྲོལ་གྱིས་ཤེས་རིག་ལག་ལེན་ལ་ཤུགས་རྐྱེན་དང་འབོད་སྐུལ་ནུས་པ་དེ་བས་ཆེ་བ་ཡོང་བ་དང་། མང་ཚོགས་ཤེས་རིག་ལག་ལེན་བྱེད་སྒོར་ཞུགས་པའི་མི་ཐེངས་རིམ་བཞིན་མང་དུ་ཕྱིན་ཡོད།
“ཤེས་དཔལ་ལག་ལེན་”གྱི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྡེ་ཚན་གྱི་བཀག་རྒྱ་གཏོར་བརླག་བྱས་ཏེ་ཚན་རྩལ་དང་། འཕྲོད་བསྟེན། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་མང་པོའི་ཐོན་ཁུངས་ཤེས་དཔལ་ལག་ལེན་གྱི་གཡུལ་སར་འདུ་འཛོམས་བྱས་ཏེ། ཕྱོགས་མང་ཞུགས་པ་དང་། ཐུན་མོང་འཛུགས་སྐྲུལ། མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད། ལྷག་པར་དུ“གནམ་ཡུལ་གཞོན་ནུའི་རིག་རྩལ་ཡང་བའི་རྟ་དམག་དང་བླངས་ཞབས་ཞུ་རུ་ཁག”“རྟ་རྒྱབ་དཔེ་མཛོད་ཁང་གི་དང་བླངས་ཞབས་ཞུ་རུ་ཁག”“སེ་འབྲུ་འབྲུ་སྒྲོག་སྦྱང་རུ་ཁག”སོགས་ཞབས་ཞུའི་རུ་ཁག་ནང་ཞུགས་པ་དེས་གཞི་རིམ་གྱི་ཤེས་རིག་ལག་ལེན་ལ་གསོན་ཤུགས་དང་གསར་གཏོད་གསར་པ་བསྣན་ཡོད།
རྣམ་པ་གསར་པ་དང་བྱེད་ཐབས་གསར་པ། དཔལ་ཡོན་ལག་ལེན་གྱི་“ཁྱབ་སྤེལ་ནུས་པ”རྒྱ་ཆེར་གཏོང་བ།
“དོན་དངོས་ལ་གཞི་ཚུགས་པ་དང་། ཁྱད་ཆོས་འབུར་དུ་ཐོན་པ། མང་ཚོགས་ཀྱི་ཁས་ལེན་བཅས་ཀྱི་རྩ་དོན་ལྟར། “བྱ་ཡུལ་མཁྲེགས་པོ་”ཡག་པོ་བསྐྲུན་དང་། “མཉེན་པའི་བྱེད་སྒོ་”ཡག་པོ་གཉེར་བ། དཔལ་ཡོན་ལག་ལེན་དཔུང་ཁག་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྔ་རྗེས་སུ་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་སྤེལ་དང་། སློབ་རོགས་དང་སློབ་གསོའི་རོགས་སྐྱོར། དབུལ་སྐྱོར་དང་དབུལ་སྐྱོར་དང་དཀའ་ངལ་རོགས་སྐྱོར། རིག་གནས་རིག་རྩལ་སོགས་དང་བླངས་ཞབས་ཞུའི་རུ་ཁག་བརྒྱད་བཙུགས་ནས་ཁྱད་ཆོས་ལྡན་པའི་དཔལ་ཡོན་ལག་ལེན་གྱི་སྤུས་རྟགས་བསྐྲུན་ཡོད། “ལེ་ཧྥུང་ལ་སློབ་སྦྱོང་བྱས་ནས་སྤྱོད་ཚུལ་གསར་པ་གཏོད་པ། ”“ང་ཚོའི་དུས་ཆེན། ”“ཕ་མ་ཕྲུ་གུ་དཔེ་ཀློག་”སོགས་མང་ཚོགས་ཀྱིས་སེམས་ཁུར་དང་དགའ་བའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱེད་སྒོ་ཐེངས་700ལྷག་ཙམ་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་། མང་ཚོགས་མི་ཐེངས་ཁྲི་26ལྷག་ཙམ་ལ་དྲིལ་བསྒྲགས་དང་ཞབས་འདེགས་ཞུ་བས། དཔལ་ཡོན་ལག་ལེན་དེ་མང་ཚོགས་ཀྱིས་དགའ་བ་མ་ཟད་ཞུགས་འདོད་ཡོད་པའི་ལག་ལེན་བྱེད་སྒོ་ཞིག་ཏུ་དངོས་སུ་འགྱུར་བ་དང་། མང་ཚོགས་དཔལ་ཡོན་ལག་ལེན་ནང་ཞུགས་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ནུས་ལྡན་ངང་སྐུལ་སློང་བྱས་པ་རེད།
མདོ་ལ་རྫོང་གིས་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་སྤུས་རྟགས་ཧུར་ཐག་བཏོད་ནས“གྲོང་གསེབ་ཀྱི་མཚན་མོའི་གཏམ་བཤད”“བོད་རྒྱ་སྐད་གཉིས”སོགས་གྲོང་གསེབ་ཅན་དང་ཁྱད་ཆོས་ཅན་གྱི་རྣམ་པ་བརྒྱུད་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དེ་མང་ཚོགས་ཀྱིས་མཐོང་ཐོས་དགའ་བའི་རྣམ་པའི་ཐོག་ནས་རྒྱུན་ལྡན་གྱི་འཚོ་བའི་ནང་འདྲེས་ཡོད། དྲིལ་བསྒྲགས་བྱེད་སྒོ་དེ་དག་གི་རྣམ་པ་གསར་པ་དང་སྣ་མང་ཡིན་པ་མ་ཟད། ནང་དོན་དོན་དངོས་དང་ཉེ་བ། འཚོ་བ་དང་ཉེ་བ། མང་ཚོགས་དང་ཉེ་བས། ཏང་གི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་གཞི་རིམ་དུ་རྩ་བ་ཚུགས་པ་དང་འབྲས་བུ་ཐོན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
སྤུས་ཚད་མཐོ་རུ་བཏང་ནས་སྤུས་རྟགས་གསར་གཏོད་བྱས་ཏེ་དཔལ་ཡོན་ལག་ལེན་གྱི་“གསོན་ཤུགས་”མངོན་པ།
མདོ་ལ་རྫོང་གིས་མང་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དོན་དངོས་ལ་གཞི་ཚུགས་ནས་རྒན་གསོ་དང་། ཕྲུ་གུ་གསོ་སྐྱོང་། དཀའ་ངལ་རོགས་སྐྱོད། དེ་བཞིན་ཉེན་སྐྱོབ་རོགས་སྐྱོབ་དང་། ཕན་ཚུན་རོགས་རམ་རོགས་སྐྱོད། ཁྱིམ་མཚེས་ལྟ་སྲུང་སོགས་ལ་དམིགས་ནས“ཟླ་གཅིག་གི་བརྗོད་བྱ་གཞིའི”དཔལ་ཡོན་ལག་ལེན་རྣམ་གྲངས་བཏོན་པ་སྟེ། གཙོ་བོ“གཏམ་བཤད་དང་། དཔྱད་བརྗོད། རོགས་སྐྱོད། སྤྲོ་སྐྱོད། རྟེན་འབྲེལ་བཅས་སོགས་བྱེད་སྒོའི་གཞི་རྟེན་ལ་དམིགས་ནས། སོ་སོར་ཁྱད་ཆོས་ལྡན་པའི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་སུའོ་(ས་ཚོགས)བསྐྲུན་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་དགོས། “ཤེས་དཔལ་གྱི་དཁུལ་རླངས་འཁོར་ཆེན་པོའི”ཤེས་དཔལ་ལག་ལེན་རྣམ་གྲངས་བཏོན་པ་དང་རིགས་པའི་གཞུང་ལུགས་སྒྲོག་སྤེལ་དང་། འཕྲོད་བསྟེན་བདེ་ཐང་། རིག་གནས་རིག་རྩལ། བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཤེས་དཔལ་ལག་ལེན་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། “དམར་པོའི་གཏམ་རྒྱུད་ཚོགས་འདུ”ཡི་དཔལ་ཡོན་ལག་ལེན་རྣམ་གྲངས་བཏོན་པ་དང“ལོ་རྒྱུས་བཞི”དང་། དམར་པོའི་ནུབ་ལམ་དམག་གིས་མདོ་ལ་ཧྲན་དུ་བཞག་པའི་བྱས་རྗེས་རླབས་ཆེན་དང་མི་ཉམས་པའི་སྙིང་སྟོབས་ལ་དམིགས་ནས“ནམ་ཡང་ཏང་དང་མཉམ་དུ་དམར་པོའི་གཏམ་རྒྱུད་བདག་གིས་བཤད་པའི”དཔལ་ཡོན་ལག་ལེན་བྱེད་སྒོ་སྤེལ་བ་རེད། དུས་རབས་གསར་པའི“རྒྱུད་དྲུག་དང་གསར་གཏོད་དྲུག་གི་དཔལ་ཡོན་ལག་ལེན་བྱ་སྤྱོད”ཀྱི་དཔལ་ཡོན་ལག་ལེན་རྣམ་གྲངས་སྤེལ་ནས་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་དང་བླངས་པའི་གྲོང་ཁྱེར་གསར་གཏོད་ལས་དོན་ཁྲོད་ཀྱི་དཔེ་སྟོན་དང་སྐུལ་ཁྲིད་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱས་ཏེ། དཔལ་ཡོན་ལག་ལེན་བྱེད་སྒོ་དེ་མང་ཚོགས་ཀྱི་སེམས་སུ་དངོས་གནས་འཛུལ་ནས་མང་ཚོགས་ཀྱི་ཀུན་སྤྱོད་བརྩི་བཀུར་དང་བཟང་ཕྱོགས་ཀྱི་སྣེ་ཁྲིད་བྱེད་པའི་བསམ་པ་དང་ཀུན་སྤྱོད་ཀྱི་སྟོབས་ཤུགས་སུ་དངོས་གནས་འགྱུར་དུ་འཇུག་དགོས།
མདོ་ལ་རྫོང་གིས་ད་དུང་མང་ཚོགས་ཀྱི་ཛ་དྲག་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱས་ཏེ“ཕུ་ཐུང་དམར་པའི་ཨ་མ་རྒན་མོའི”“སེ་འབྲུ་འབྲུ་དྲིལ་བསྒྲགས་རུ་ཁག་”སོགས་སྤུས་རྟགས་རྣམ་གྲངས་བཏོན་ནས་མང་ཚོགས་ལ་དངོས་གནས་རོགས་རམ་དང་ཐུགས་ཁུར་བྱས་པ་རེད། གཞན་ཡང་ས་གནས་དེ་གའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་བྱེད་སྒོའི་སྤུས་རྟགས་བཏོད་ཡོད་པ་དཔེར་ན། ཡུལ་ལྗོངས་ཟློས་གར《གནམ་མེ་ལོང་ཆི་ལེན》སོགས་ཡིན། བྱེད་སྒོ་དེ་དག་གིས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡང་བྱས་ཡོད།
དཔེ་མཚོན་གྱི་མིག་དཔེ་བཏང་ནས་ཤེས་རིག་ལག་ལེན་གྱི་“དར་སྲོལ་གསར་པའི”སྣེ་ཁྲིད་བྱེད་དགོས།
མདོ་ལ་རྫོང་གིས“ཆེས་མཛེས་སྡུག་ལྡན་པའི་མདོ་ལ་མི། ”“དུས་རབས་གསར་པའི་གཞོན་ནུ་བཟང་པ། ”“ཆེས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་”སོགས་དཔྱད་འདེམས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་སྔོན་ཐོན་གྱི་དཔེ་མཚོན་འཛུགས་པར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱེད་ཀྱི་ཡོད། དཔེ་མཚོན་མི་སྣ་དང་བྱས་རྗེས་དེ་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་པའི་མིག་དཔེ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་ནས་སྤྱི་ཚོགས་ཡོངས་ཡར་རྒྱས་དགེ་སྒྲུབ་ཀྱི་དྲང་ཕྱོགས་ཀྱི་ནུས་ཤུགས་སྐུལ་སྤེལ་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ཀུན་སྤྱོད་དཔེ་བཟང་2དང་ཞིང་ཆེན་དང་ཁུལ་རིམ་པའི་ཀུན་སྤྱོད་དཔེ་བཟང་7བདམས་ཡོད། རྒྱལ་ཁབ་རིམ་པའི་ཤེས་དཔལ་ཤང་གྲོང་1དང་། ཤེས་དཔལ་གྲོང་ཚོ་2ཤེས་དཔལ་སྡེ་ཚན་1དང་། ཞིང་ཆེན་རིམ་པའི་ཤེས་དཔལ་ཤང་གྲོང་2དང་། ཤེས་དཔལ་གྲོང་ཚོ་3ཤེས་དཔལ་སློབ་གྲྭ་1ཁུལ་རིམ་པའི་ཤེས་དཔལ་ཤང་གྲོང་4དང་། ཤེས་དཔལ་གྲོང་ཚོ་4ཤེས་དཔལ་སློབ་གྲྭ་2རྫོང་རིམ་པའི་ཤེས་དཔལ་ཤང་གྲོང་6དང་། ཤེས་དཔལ་གྲོང་ཚོ་38ཤེས་དཔལ་སྡེ་ཚན་46ཤེས་དཔལ་སློབ་གྲྭ་15བཅས་འཛུགས་པ། “སྐར་རིམ་ལྔ་ཅན་གྱི་ཤེས་དཔལ་དུད་ཚང་”8661འདེམས་སྒྲུག་བྱས་པ། རྫོང་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)ཁག་གིས“ཀུན་སྤྱོད་དམར་ནག་མིང་ཐོ”བཙུགས་པ་དང་། ཀུན་སྤྱོད་སྐར་མ་ལམ་ལུགས་ལག་བསྟར་བྱས་ཏེ། “གཉེན་རྟགས་ཕྱིར་སློག་དང་། གཉེན་རྟགས་མེད་པ། གཉེན་རྟགས་དམའ་བ་མིང་ཐོའི་ནང་ཞུགས་པ། སྐར་མ་ཐོབ་པ་”དང་། “རིན་གོང་མཐོ་བའི་གཉེན་རྟགས་མིང་ཐོའི་ནང་ཞུགས་པ། སྐྱོན་བརྗོད་ཐོབ་པ་”བཅས་ཀྱི་ཀུན་སྤྱོད་སྐུལ་ལྕག་དང་ཚོད་འཛིན་ལམ་སྲོལ་ཆགས་པ་བྱས་ཏེ། ཤེས་རིག་གི་རླུང་སྤྱོད་གྲོང་གསེབ་འབྲོག་ཁུལ་གང་སར་ཁྱབ་པ་དང་མང་ཚོགས་ཀྱི་འཚོ་བར་འདྲེས་པར་སྐུལ་འདེད་གཏོང་དགོས།