ཟླ11པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་བརྙན་རིས་ཀྱི་ལམ་ནས་གཅིག་བསྡུས་སློབ་སྦྱོང་དང《མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”》ཆེད་དོན་འཆད་ཁྲིད་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། 《འཆར་འགོད》ཀྱི་ལས་འགན་དང་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་མཚོ་སྔོན་གྱི་རྒྱུགས་ལན་བརྟན་བརླིང་ཞིག་ཕུལ་དགོས། ཚོགས་འདུའི་ཐོག་སྐྱེ་ཁམས་ཁོར་ཡུག་པུའུ་ཁོར་ཡུག་འཆར་འགོད་ཁང་གི་ཡོན་ཀྲང་གཞོན་པ་ཝན་ཅོན་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱས།
ཀྲུའུ་ཀི་ཡུས་ཅེ་ཡིས་འཆད་ཁྲིད་ལ་ཉན་རྗེས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། མཚོ་སྔོན་གྱིས་ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་སྐྱེ་ཁམས་བྱེད་ནུས་ཆེ་ཤོས་མངོན་འགྱུར་བྱེད་པའི་འགག་སྒྲོལ་གྱི་དུས་རིམ་ཞིག་ཀྱང་རེད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ཤུགས་ཆེན་པོ་བསྣན་ནས། སྐོར་ཐེངས་གསར་པའི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་ཀྱི་འགུལ་སྐྱོད་སྤེལ་བ་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། སྲ་གཟུགས་སྙིགས་རོ་དང་གསར་དུ་སྦགས་བཙོག་ཐེབས་པ་བཅོས་སྐྱོང་གི་འགུལ་སྐྱོད་ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་ནམ་མཁའ་སྔར་ལས་སྔོ་བ་དང་། རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་པ་བཅས་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ལ་ཤུགས་ཆེན་པོ་རྒྱག་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་དགོས་ལ། མདོ་དབུས་མཐོ་སྒང་གི་གནམ་གཤིས་དྲོན་པོ་དང་བརླན་གཤེར་ཅན་གྱི་འཕེལ་ཕྱོགས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་བསྣན་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཧུར་ཐག་གིས་མཐོ་རུ་གཏོང་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ཐད་སྔར་ལས་འབད་བརྩོན་ཆེན་པོ་བྱ་དགོས་ལ། ཐཱན་རྩེར་སོན་སྣེ་ཁྲིད་དུ་བྱེད་པ་དང་། ཐཱན་འབུད་ཚད་བསྡོམས་འབོར་དང་དྲག་ཚད་གཉིས་ཀར་ཚོད་འཛིན་ཚད་དོན་འཁྱོལ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་སྲིད་ཇུས་ཀྱི་སྐུལ་ལྕག་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་སྔར་བས་སྤྱི་འདོམས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ལ་ཤུགས་ཆེན་པོ་རྒྱག་དགོས་ལ། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “མཁའ་དབྱིངས་དང་ས་གཞི་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་ཚང་དུ་བཏང་སྟེ། ལྟ་ཞིབ་ཚད་ལེན་བྱེད་ཤུགས་དང་། ཤུགས་ཚད། འདུས་ཚད་བཅས་ཆེ་རུ་གཏོང་དགོས། སྲིད་འཛིན་དང་ཁྲིམས་འཛིན། སྒྲིག་བཤེར་བཅས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། སྐྱེ་ཁམས་བདེ་འཇགས་ཀྱི་ཚད་ཐིག་དང་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།