མཚོ་སྔོན་ཉིན་རེའི་ཚགས་པར་སྟེང་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚེས22ཉིན་པར་སྐྲུན་བྱས་པའི《མཚོ་སྔོན་ཉིན་རེའི་ཚགས་པར》སྟེང་དཔྱད་བརྗོད་པའི་རྩོམ་ཡིག་སྟེ《ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ》ཞེས་པ་སྤེལ། 

རྩོམ་ཡིག་ལས་བསྟན་དོན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱས་པ་དང་།  གཞི་རྩ་ནི་གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་རྒྱུ་དེ་ཡིན་ལ།  གལ་ཆེ་ཤོས་ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ།   དེའི་ཁྲོད་འདུས་པའི་ཚན་རིག་མ་ལག་དང་དོན་སྙིང་། ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་བཅས་རྒྱུན་འཁྱོངས་དང་གོ་བ་གནད་དུ་འཁེལ་བར་བྱས་ཏེ།   ཏང་རང་ངོས་གསར་བརྗེ་ལ་གཏོང་བ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། 

ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ནང་འདུས་པའི་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དད་སེམས་དང་ཚད་མཐོའི་ལོ་རྒྱུས་ཀྱི་རང་རྟོགས། མངོན་གསལ་དོད་པའི་གནད་དོན་གྱི་ཁྲིད་ཕྱོགས། འགན་འཁྲི་འཁུར་སེམས་ཆེན་པོ། དམངས་ལ་བཅངས་བའི་བརྩེ་བ་ཟབ་མོ། ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་བཅས་གསལ་བོར་སྤྱོད་ཐུབ་པ་དང་ནང་དུ་ཁྱབ་པར་བྱེད་ཐུབ་པ་ནི་མཚོ་སྔོན་གྱིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་གནད་དོན་དངོས་ཐག་གཅོད་དང་ངོས་འཛིན་གསལ་བོ་བྱེད་པའི“ལྡེ་མིག”ཡིན། དེའི་ནང་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་དོན་ཐོག་ཏུ་འཁྱོལ་བར་བྱས་ཚེ། གཞི་ནས་“རྒྱུན་འཁྱོངས་བཅུ་བཞི”དེ་གཞུང་ལུགས་ཀྱི་རྣམ་པ་ནས་མཚོ་སྔོན་གྱི་ཏང་འཛུགས་སྐྱོང་གི་ཁྱབ་ཁོངས་སོ་སོ་དང་གོ་རིམ་སོ་སོ་ལག་ལེན་རྣམ་པར་བསྒྱུར་ནས།  སྦྱོང་སྤྱོད་ཐ་དད་དང་བསམ་སྦྱོར་ཐ་དད་དུ་མི་འགྱུར་བར་བྱེད་ཐུབ།  ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ན།  ཚད་གཞི་སྔར་ལས་མཐོ་བའི་ཐོག་ནས་“སློབ་སྦྱོང”གི་གྲུབ་འབྲས་དེ“ནན་མོའི”རང་རྟོགས་དང“བྱ་བ་སྒྲུབ”པའི་འགན་འཁུར་དུ་བསྒྱུར་དགོས་ལ།   ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་ཀྱི་རིམ་པ་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་བསམ་བློ་དང་ཆབ་སྲིད།  འགུལ་སྐྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱས་ནས།   སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།