བསྟུད་མར་ཉིན་ཤས་རིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཡོད་སའི་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ནན་ཏན་གྱིས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། སྡེ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱས།
ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ནུས་ཤུགས་ཡོད་རྒུས་འབད་པས་བསྐྱོད་པའི་འགག་རྩའི་དུས་སྐབས་སུ་ཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་བརྗོད་གཞི་བྱས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས《ཀྲུང་གུང་ཀྲུང་དབྱང་གིས〈ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་གཏན་འབེབས〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་དམིགས་ནས་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དང་བླང་བྱ་གསལ་བོ་བཏོན་པ་དང་། དེ་ནི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་མཚོ་སྔོན་དུ་ལག་བསྟར་ནན་མོ་བྱེད་པའི་འགུལ་སྐྱོད་ཀྱི་རྩ་འཛིན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཚོགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ནས། རྩ་བའི་དགོངས་གཞི་ནན་མོ་དང་། བྱེད་ཐབས་ནན་མོ། རྣམ་པ་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།
ཚང་མས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་དགོས། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་ཚེ་གང་གི་ཞིབ་འཇུག་བསླབ་གཞིར་བརྩིས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོར་ཤུགས་སྣོན་པ། ཏང་གཤིས་བརྟན་པོ་གསོ་སྦྱོང་དང་སྦྱོང་བརྡར་བྱེད་པ། ཏང་གཤིས་དབྱེ་འབྱེད་ནན་མོ་བྱེད་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་འཕྲད་པའི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འགྲན་སློང་གསར་པ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གནས་བབ་དང་ཡང་དག་པའི་ལས་འགན་ཁོང་དུ་ཆུད་པར་བྱས་ཏེ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་ཆེའི་ཉམས་མྱོང་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་འཕྲད་པའི་གནད་དོན་འབུར་ཐོན་བཅོས་སྐྱོང་དང་ཐག་གཅོད་ཡག་པོ་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱས་པ་ལས་གྲུབ་པའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་བ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་ཧུར་ཐག་གིས་བསྐྲུན་ཏེ། སྤྱོད་ཚུལ་བཟང་པོ་དང་སྒྲིག་ཁྲིམས་ནན་མོས་ལས་དོན་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་སྲུང་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་ཆེན་པོ་དང་གསོན་ཉམས་ལྡན་པའི་ལག་ལེན་ཏུ་བསྒྱུར་དགོས།