མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་མཚོ་སྔོན་གྱིས་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བར་མ་ལག་ཚང་བའི་སྒོ་ནས་བཀོད་སྒྲིག་བྱས། ཚོགས་ཐོག་ཏུ་ང་ཚོས“གཏན་འབེབས་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”གཏིང་ཟབ་དང་། “གདེང་ཚོད་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”ལེགས་སྒྲུབ་བཅས་བྱས་ཏེ་རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་དགོས་པ་དང་། རང་ངོས་གསར་བརྗེའི་ལག་ལེན་ཀྱི་བླང་བྱར་སྟངས་འཛིན་ནན་པོ་བྱས་ཏེ། རྩ་བའི་དགོངས་གཞི་དང་། བྱེད་ཐབས་ནན་པོ། རྣམ་པ་ནན་པོ་བཅས་རྒྱུན་འཁྱོངས་ཡུན་རིང་བྱས་ནས་ཏང་གཤིས་བརྟན་དུ་གཏོང་བ་དང་། དབང་ཆ་དང་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ། དཔོན་རིགས་བཅོས་སྐྱོང་ནན་པོ་བཅས་ལ་བརྟེན་ནས་དཔུང་ཁག་སྟོབས་ཆེར་གཏོང་བ། སྤྱོད་བཟང་དར་སྤེལ་དང་སྒྲིག་ཁྲིམས་ནན་འཛིན་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་དང་སྐྱེ་ཁམས་དྭངས་གཙང་ཡོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཞིག་སྐྲུན་དགོས་པ་བསྟན།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཏང་གཤིས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། ཏང་གཤིས་ནི་ཏང་ཡོན་ལས་བྱེད་པས་རང་ཚུགས་དང་། ལས་སྐྲུན། གཏམ་གླེང་། ཀུན་སྤྱོད་བཟང་སྤེལ་བཅས་བྱེད་པའི་རྨང་རྡོ་ལྟ་བུ་ཡིན་ཞིང་། ཏང་གཤིས་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བའི་རང་བཞིན་གྱི་ལས་འགན་ཡིན། ཏང་གཤིས་བརྟན་པོ་ཞུན་བརྡར་བྱེད་པར་གཙོ་བོ་རྒྱུན་འཁྱོངས་ལྷོད་མེད་དང་ཚེ་གང་ལག་བསྟར་བྱེད་པར་རག་ལས་ཡོད། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་བསམ་བློར་སློབ་སྦྱོང་གཏིང་ཟབ་དང་ཞིབ་ཕྲ་བྱེད་པ་དང་། མ་རྩོམ་ཞིབ་ཀློག་དང་། མ་ཡིག་སློབ་སྦྱོང་། རྩ་བའི་རིག་པར་གོ་རྟོགས་བྱེད་པ་བཅས་མཐའ་འཁྱོངས་བྱས་པ་དང་། རྒྱུན་མཐུད་ཀྱིས་ཏང་ལ་བློ་དཀར་དགོས་པའི་སློབ་གསོ་གཏོང་བར་ཤུགས་བསྣན་ཏེ། “གཏན་འཁེལ་གཉིས” གོང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱེད་དགོས། “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་སོགས་བསམ་པའི་རྒྱུ་ནོར་རྩ་ཆེན་བེད་སྤྱོད་ཡག་པོ་བཏང་སྟེ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་སྲ་བརྟན་དུ་གཏོང་བ་དང་། མི་རིགས་ཁག་བར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རླུང་དང་རླབས་ཀྱི་ཚོད་བགམ་མདུན་དུ་ལངས་ཕྱོགས་བརྟན་པོ་དང་བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བྱེད་དགོས།
རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཆབ་སྲིད་ཀྱི་སྣང་ཚུལ་རྒྱུན་མཐུད་ཀྱིས་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་ཚད་གཞི་ནན་པོའི་ཐོག་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བར་རག་ལས་ཡོད། དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་འཛིན་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ལྟ་སྐུལ་དེ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ། “མགོ་གཙོ་དང་པོའི”འགན་སྒྲུབ་དབང་ཆ་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། དཔོན་རིགས་ནན་སྐྱོང་དང་མི་བེད་སྤྱོད་ཀྱི་ཁྲིད་ཕྱོགས་ལེགས་སྐྱོང་མཐའ་འཁྱོངས་དང་། འགོག་ཟོན་ཡོ་བསྲང་དང་བཅོས་སྐྱོང་གི་སྲིད་དོན་ལས་རྗེས་ལྟ་བ་དང་འཛོལ་ཁྱད་ཀྱི་ལས་ཀའི་ནང་རྐྱེན་ལྟ་བ་འཐུས་ཚང་དུ་གཏོང་དགོས། དཔོན་གསར་གྱིས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ་དང་། སྲིད་འབྲས་ལས་གྲྭ། སྲིད་ཇུས་འཆར་འགོད་ཐད“བག་ལེབ་བསྲེགས་པ”སོགས་ཀྱི་གནད་དོན་མངོན་གསལ་རིགས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་དགོས། ལས་བྱེད་པའི་གོ་གནས་ཡར་མར་སྤོའི་ནུས་པ་ལ་སྐུལ་སྤེལ་རྒྱུན་ཆད་མེད་པ་བྱས་ཏེ། ལས་བྱེད་དོ་དམ་གྱི་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་བྱས་ནས་ བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་སྦྱོང་བརྡར་བྱེད་དགོས།
རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བར་ད་དུང་གཞི་རིམ་ཏང་འཛུགས་སྐྱོང་གི“མཁར་རྫོང་ལས་གཞི”ལག་བསྟར་གཏིང་ཟབ་བྱས་ནས་ལས་ཁུངས་གྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང་། རིམ་ཁག་ཏང་ཨུའི་བྱེད་པོའི་འགན་འཁྲི་སྟངས་འཛིན་ཏན་ཏིག་བྱས་ཏེ། མངའ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྤྱི་འདོམས་ལ་སྐུལ་འདེད་དང་། གསར་དར་མངའ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་མི་རིགས་ས་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྲོལ་ངན་ཡོ་བསྲང་དང་སྒྲིག་ལམ་ནན་སྲུང་། རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནན་སྲུང་དང་། སྤྱོད་པ་ངན་རེངས་ཡོ་བསྲང་ནན་པོ་བྱས་ནས་མང་ཚོགས་ཀྱི་ཉེ་འཁོར་དུ་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་རྒྱུན་རྣམ་ཅན་གྱིས་བཅོས་སྐྱོང་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཟིལ་ཉམས་མི་ལྷོད་པར་མངའ་ཁོངས་གཙོ་བོ་དང་། རུལ་སུངས་གསར་པ། ཡིབ་གཤིས་རུལ་སུངས་བཅས་ལ་དམ་པོར་དམིགས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་བཏང་ཡོད། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་བཙན་ཐབས་འཆུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་དོན་ཡོངས་བསྒྲགས་དང་ལམ་ལུགས་ལག་བསྟར་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཏང་ཡོན་ལས་བྱེད་པའི་སྤྱོད་གཙང་བསམ་བློའི་ཉེན་ཟོན་ཇེ་བརྟན་དུ་གཏོང་བ་དང་། གཏིང་སྲོལ་དར་འཕེལ་ལ་བར་སྟོང་གཙང་སེལ་མཐར་ཕྱིན་བྱས་ནས་རྒྱུན་མཐུད་གྱིས་སྲོལ་བཟང་སྲོང་སྐྱོང་གི་ཆབ་སྲིད་ཀྱི་སྣང་ཚུལ་གསོ་སྐྱོང་བྱེད་དགོས།