
ཟླ11ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཡོང་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་མཁན་ཕེ་རུའི་སྲིད་འཛིན་ཐེང་སེན་ཆིང་ཙི་ལ་མཇལ་འཕྲད་གནང་།
ཟླ11ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཡ་ཞིའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་མཁན་ཕེ་རུའི་སྲིད་འཛིན་ཐེང་སེན་ཆིང་ཙི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཕེ་རུའི་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བའི་ལོ་རེད། དུས་རབས་ཕྱེད་ཀ་ལྷག་གི་རིང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་བསྟུད་མར་ལོ12རིང་ཕེ་རུའི་ཉོ་ཚོང་གྲོགས་པོ་ཆེ་ཤོས་དང་ཕྱིར་གཏོང་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་སུ་གྱུར། ཀྲུང་གོ་དང་ཕེ་རུའི་རང་མོས་ཉོ་ཚོང་ཆོད་དོན་གྱི་རིམ་སྤོར་གྲོས་ཆོད་ཡིག་ཆར་གཟའ་འཁོར་གཉིས་ཀྱི་སྔོན་ལ་དངོས་སུ་ནུས་པ་ཐོན་ཞིང་། ཀྲུང་གོའི་ཁེ་ལས་འཛུགས་སྐྲུན་ནང་ཞུགས་པའི་ཆན་ཁའེ་གྲུ་ཁས་ཡ་གླིང་དང་ལ་ཏིང་མེ་གླིང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་བཏང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། ཀྲུང་གོས་ཕེ་རུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་པས། ཀྲུང་གོས་ཕེ་རུ་ཕྱོགས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ཕྱོགས་བཞིའི་ཐད་ཀྱི་བྱ་བ་གཙོ་བོ་སྒྲུབ་དགོས་པ་སྟེ། གཅིག་ནི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་སོགས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། གཉིས་ནས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། རང་མོས་ཉོ་ཚོང་ཆོད་དོན་གྱི་རིམ་སྤོར་གྲོས་ཆོད་ཡིག་ཆའི་ཁེ་སྤོགས་རྒྱུན་མཐུད་ངང་གློད་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་ཁུངས། ཐོན་ཁུངས་སོགས་སྲོལ་རྒྱུན་གྱི་མཉམ་ལས་སྲ་བརྟན་དུ་གཏོང་བ་དང་། ནུས་ཁུངས་གསར་པ་དང་མི་ཐབས་རིག་ནུས་སོགས་གསར་དར་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས་ ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱ་དགོས། གསུམ་ནི་མི་ཚུལ་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས། རིག་གནས་དང་། སློབ་གསོ། ཡུལ་སྐོར། གནའ་རྫས་བརྟག་དཔྱད། འཕྲོད་བསྟེན་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་མཐུད་བྱ་དགོས། བཞི་ནི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་མཐུད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱས་ནས། ཐུན་མོང་སྒོས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱ་དགོས།

ཟླ11ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཡོང་ནས་ཡ་གླིང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་མཁན་ཕེ་རུའི་སྲིད་འཛིན་ཐེང་སེན་ཆིང་ཙི་ལ་མཇལ་འཕྲད་གནང་།
ཐེང་སེན་ཆིང་ཙེ་ཡིས་བསྟན་དོན། ཕེ་རུ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་འབྲེལ་བ་བཙུགས་ནས་ལོ55ཡི་རིང་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་ནས། ཀྲུང་གོ་ནི་ཕེ་རུའི་ཉོ་ཚོང་་གྲོགས་པོ་ཆེ་ཤོས་སུ་གྱུར་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་ཆེན་གྲུབ་འབྲས་བླངས་པར་ཡིད་སྨོན་བྱེད་ཀྱི་ཡོད། ཕེ་རུ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་ནས་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། རང་མོས་ཉོ་ཚོང་ཆོད་དོན་གྱི་རིམ་སྤོར་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་ཀའི་མི་དམངས་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཆན་ཁའེ་གྲུ་ཁ་སོགས་ལས་གཞི་ཡིས་ཕེ་རུ་ཡི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་དངུལ་གཏོང་ཁེ་ལས་དེ་བས་མང་པོས་ཕེ་རུ་རུ་དངུལ་གཏོང་ལས་གཏོད་བྱ་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ལ། སྒོ་འབྱེད་གཏན་འཇགས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་འདོད་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སློབ་གསོ་དང་རིག་གནས་སོགས་མི་ཚུལ་བརྗེ་རེས་ལ་སྔར་བས་ཤུགས་སྣོན་དང་ཏང་ཁག་བར་གྱི་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད། ། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཡིས་ཨེར་ཉི་ནོའི་འགྲན་སློང་ལ་ཁ་གཏད་འཇལ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཕེ་རུ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད།