ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས16ཉིན་འཕྲིན་ཡིག་སྤྲིངས་ནས་ཅི་ནན་སློབ་ཆེན་བཙུགས་ནས་ལོ120འཁོར་བར་རྟེན་འབྲེལ་ཞུས་པར་མ་ཟད། རྒྱ་ཆེའི་དགེ་རྒན་ལས་བཟོ་བ་དང་སློབ་གྲོགས་ཚོར་བཀྲ་ཤིས་སྨོན་འདུན་ཞུས།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། འགོ་འཛུགས་ས་གསར་པའི་སྟེང་ཅི་ནན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་རྒྱལ་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་། སློབ་གཉེར་གྱི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ། ཞང་ཀང་དང་ཨའོ་མོན། ཐའེ་ཝན། ཕྱིར་སྡོད་རང་མི་བཅས་ཀྱི་གཞོན་ནུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་མཛའ་མཐུན་བརྗེ་རེས་ལ་སྐུལ་འདེད་གཏོང་བ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཕྱིར་སྡོད་རང་མིའི་སེམས་ཤུགས་གཅིག་སྒྲིལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས།
ཅི་ནན་སློབ་ཆེན་ནི1906ལོར་བཙུགས་པ་རེད། ལོ120ཡི་རིང་སློབ་གྲྭས་སློབ་གཉེར་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱས་ནས་དུས་བསྟུན་འཕེལ་རྒྱས་དང་བདེན་སྲུང་གསར་སྐྲུན་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ170ལྷག་ཙམ་དང་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་ས་ཁུལ་བཅས་སུ་ཕུལ་བྱུང་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད།