ཞི་ཅིན་ཕིང་གིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་སྟོབས་ལྡན་དང་སྤུས་ལེགས

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཞི་ཅིན་ཕིང་གིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་བསྟན།  

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་དབང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ནས། ཏང་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་བྱ་བ་སོ་སོའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་ཅེས་ནན་གྱིས་བསྟན། 

ཞི་ཅིན་ཕིང་གིས། འཐབ་ལམ་གསར་པའི་ཐོག དུས་རབས་གསར་པའི་ཏང་འཛུགས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་དགོས། ཏང་གིས་རྒྱལ་དབང་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་པ་དང་། ཏང་གི་འགོ་ཁྲིད་དེ་ཀུང་སིའི་བཅོས་སྐྱོང་གི་བྱ་བའི་རིམ་པ་སོ་སོར་མཉམ་འདྲེས་སྔར་ལས་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཇེ་མཐོར་གཏོང་བ་དང་། ཏང་འཛུགས་བྱ་བ་དང་ཐོན་སྐྱེད་གཉེར་སྐྱོང་བར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ཚན་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པ་དང་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། ཏང་གི་དོ་དམ་དང་ཏང་གི་བཅོས་སྐྱོང་ཐད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། སྤྱོད་གཙང་དྲང་གཞག་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་བཏོད་ནས། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།