སྐུ་ཞབས་སུང་ཀྲུང་ཧྲན་འཁྲུངས་ནས་ལོ160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་ཚོགས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྐུ་ཞབས་སུང་ཀྲུང་ཧྲན་འཁྲུངས་ནས་ལོ160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཚེས12ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྐུ་ཞབས་སུང་ཀྲུང་ཧྲན་མཆོག་གི་ཕུགས་རེ་རྒྱུན་འཛིན་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཛད་སྒོ་གཟབ་རྒྱས་སྤེལ་ནས། ཉེ་རབས་ཚུན་གྱི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་བརྩོན་ལྷུར་ལེན་བྱེད་པའི་རླབས་ཆེན་གྱི་ཕུགས་འདུན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་རྒྱུན་ཆད་མེད་པར་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  སྐུ་ཞབས་སུང་ཀྲུང་ཧྲན་ནི་རླབས་ཆེ་བའི་མི་རིགས་ཀྱི་དཔའ་བོ་དང་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ། ཀྲུང་གོའི་དམངས་གཙོའི་གསར་བརྗེའི་རླབས་ཆེའི་སྔོན་བྱོན་པ་བཅས་ཡིན་ཞིང་། ཀྲུང་གོ་བསྒྱུར་བཀོད་བྱེད་ཆེད་མི་ཚེ་གང་པོར་འབད་འཐབ་གནང་ནས། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སེམས་གཏིང་ནས་གུས་བཀུར་ཞུ་བཞིན་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་མི་ནི་སྐུ་ཞབས་སུང་ཀྲུང་ཧྲན་གྱི་གསར་བརྗེའི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་མཁན་དང་ཆེས་བློ་དཀར་གྱི་མཉམ་ལས་པ། ཆེས་ལྷག་བསམ་རྣམ་དག་གི་རྒྱུན་འཛིན་པ་བཅས་ཡིན། ལོ་ངོ100ལྷག་གི་རིང་། ང་ཚོའི་ཏང་གི་འགོ་ཁྲིད་པས་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་ནས།  ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། དེ་དག་ཐམས་ཅད་ཀྱིས་སྐུ་ཞབས་སུང་ཀྲུང་ཧྲན་གྱི་དཔའ་བོའི་རྣམ་ཤེས་ལ་སེམས་གསོ་བྱེད་ཐུབ་ངེས་ཡིན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ100ལྷག་གི་རིང་། སྐུ་ཞབས་སུང་ཀྲུང་ཧྲན་གྱིས“ཀྲུང་ཧྭ་དར་རྒྱས”ཀྱི་འབོད་ཚིག་བསྒྲགས་ཏེ་མི་རབས་འགའི་ཀྲུང་གོ་བར་སྐུལ་ལྕག་ཐེབས་ནས། རྒྱུན་ཆད་མེད་པར་དུས་རབས་ཀྱི་དོན་སྙིང་དང་ནང་དོན་གསར་པ་བསྩལ་ཡོད། ད་ལྟ་ང་ཚོས་སྐུ་ཞབས་སུང་ཀྲུང་ཧྲན་ལ་ཆེས་ལེགས་པའི་དྲན་གསོ་བྱེད་སྟངས་ནི། ཁོང་གི་རྩ་ཆེའི་སྙིང་སྟོབས་སློབ་སྦྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་དེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།