ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་ཤང་གྲོང་གནས་ཡུལ་དང་། གཞུང་ལམ་གཙོ་ཕལ་གཉིས། ཆུ་ཡུར་དང་རྫིང་བུ། ཁང་པའི་མདུན་རྒྱབ། ཚོང་འདུས་ཁྲོམ་ར། ཞིང་ཁ་སོགས་ས་ཁོངས་གལ་ཆེན་ལ་དམིགས་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་བཞིན་ཡོད། ཟླ11པའི་ཟླ་འགོ་བར་དུ། མི་གྲངས་ཁྲི9.6ལྷག་བཏང་ནས་འཚོ་བའི་གད་སྙིགས་ཏུན་ཁྲི6.4གཙང་སེལ་བྱས་པ་དང་། ཆུ་ཡུར་སྤྱི་ལེ4899གཙང་མ་བཟོས་པས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་གི་བདེ་སྣང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
གྲོང་གསེབ་ཏུ་གསང་སྤྱོད་བསྒྱུར་བཀོད་བྱེད་པའི་ལས་ཀའི་ནང་། མཚོ་ཤར་གྲོང་ཁྱེར་གྱིས་ཨར་ལས་བྱེད་པའི་དུས་ཚོད་བཟང་པོ་དམ་འཛིན་བྱས་ཏེ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། 2026ལོར་སླེབས་དུས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཟླ9པའི་ཚེས20ཉིན་བར་དུ། ལོ་འཁོར་འདིའི་གསང་སྤྱོད་བསྒྱུར་བཀོད་ལས་འགན་ལས་འགོ་འཛུགས་ཚད100%ཟིན་པ་དང་། ཁྱོན་བསྡོམས་ཁང་པ2473ལེགས་གྲུབ་བྱུང་ཡོད་ཅིང་། ལེགས་འགྲུབ་བྱེད་ཚད77.28%ཟིན་ཡོད་པ་མ་ཟད། ལས་གཞི་ལག་བསྟར་གོ་རིམ་ལྡན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དུས་མཚུངས་སུ། གཙང་སྦྲ་དཔེ་སྟོན་གྲོང་ཚོ60ཡི་ལས་གྲྭ་ཕྱོགས་ཡོངས་ནས་སྤེལ་བ་དང་། དཔེ་མཚོན་སྣེ་ཁྲིད་ཀྱིས་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱས་ཏེ། གྲོང་ཚོའི་གཙང་སྦྲ་བཅོས་སྐྱོང་དེ་ས་གནས་རྐྱང་པ་ཙམ་མ་ཡིན་པར་ས་ཆ་ཡོངས་སྤུས་ཚད་མཐོར་འདེགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།
མཚོ་ཤར་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་ཇེ་མང་དུ་གཏོང་བ་བརྩོན་ལེན་ཧུར་ཐག་བྱས་ཤིང་། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་སྤྱི་ཚོགས་ཞལ་འདེབས་རྒྱག་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་མ་རྩ་འཇོག་མཁན་རྣམས་ཞུགས་པར་ཁྲིད་སྟོན་བྱས། གྲུབ་འབྲས་སྲ་བརྟན་ཡོང་ཆེད་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་དོ་དམ་ཡུན་རིང་ནུས་ལྡན་ལམ་ལུགས་འཐུས་ཚང་དུ་གཏོང་ཆེད། རྒྱུན་ལྡན་རང་བཞིན་གྱི་བདག་སྐྱོང་དཔུང་སྡེ་འཛུགས་པ་ཕུད། ད་དུང་ཞིབ་བཤེར་དང་ཉམས་གསོ་རྒྱུན་དུ་བྱེད་པ་དང་གནད་དོན་ཤེས་རྟོགས་བྱུང་བ་འཕྲལ་དུ་ཐག་གཅོད་བྱ་རྒྱུ་བཅས་ཡིན། དེ་བཞིན་བྱ་དགའ་ཆད་གཅོད་ལམ་སྲོལ་བཙུགས་ཏེ། དུས་ཡུན་རིང་པོར་ལས་ཀ་ལེགས་པོ་བསྒྲུབས་པའི་གྲོང་རྡལ་དང་གྲོང་ཚོ་ཁག་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་དང་། ལས་ཀ་ཡག་པོ་མ་བྱས་པ་ཚོར་སྐྱོན་བརྗོད་བརྡ་ཁྱབ་གཏོང་གིན་ཡོད། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་འཕེལ་རིམ་དོ་སྙོམས་མིན་པའི་གནས་ཚུལ་ལ། གྲོང་རྡལ་སོ་སོ་དང་གྲོང་ཚོ་སོ་སོའི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་ཁྱད་པར་ལྡན་པའི་བཅོས་ཐབས་ཇུས་གཞི་དང་བྱེད་ཐབས་གཏན་འབེབས་བྱས་ནས། གྲོང་ཁྱེར་ཡོངས་སུ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤྱི་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་ཆ་སྙོམས་ཡོང་བ་ཁག་ཐེག་བྱས་ཡོད།།