མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

བདེ་ཐང་ནི་དེང་རབས་ཅན་འཛུགས་སྐྲུན་གྱི་རྨང་གཞི་ཡིན་ལ་མི་རིགས་ཁག་གི་མང་ཚོགས་ཀྱི་ཆེས་བབ་ཆགས་ཀྱི་རེ་སྒུག་ཀྱང་ཡིན། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ་མཐོ་སྒང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་བྱེད་པའི་བྱ་ཐབས་ཏན་ཏིག་ཅིག་ཀྱང་ཡིན་པས། བདེ་ཐང་སྔོན་ལ་འཇོག་པའི་ཕྱོགས་སྟོན་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་དེ་རྩྭ་ཐང་དང་འབྲོག་རའི་འཕྲོད་བསྟེན་ཁང་དང་། བདེ་ཐང་རྟེན་གཞིའི་ཞབས་ཞུའི་ཚད་གཞི། མང་ཚོགས་ཀྱི་གསོལ་ལྕོག་གི་བདེ་འཇགས་ཞིབ་དཔྱད་ཚད་ལེན་བཅས་སུ་འཁྱོལ་བ་བྱེད་དགོས་ཞེས་གསུངས།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་གཙོ་བོ“མཐོ་སྒང”ཞེས་པའི་ཡིག་འབྲུ་དེ་ཚོད་འཛིན་གྱི་ཆ་རྐྱེན་ནས་ཞིབ་འཇུག་གི་ལེགས་ཆ་དང་སྨན་བཅོས་ཀྱི་ཁྱད་ཆོས་སུ་བསྒྱུར་དགོས། མཚོ་སྔོན་གྱི་ཆ་སྙོམས་ས་བབ་མཐོ་བ་དང་གསོ་རླུང་ཉུང་བའི་ཁོར་ཡུག་དམིགས་བསལ་ཡིན་པ་དང་མཐོ་སྒང་གི་ཁོར་ཡུག་གིས་མིའི་ལུས་ཕུང་ནུས་པར་ཐེབས་པའི་ཤུགས་རྐྱེན་དེ་ས་བབ་དམའ་བའི་ས་ཁུལ་དང་མི་འདྲ། དེ་དང་ཆབས་ཅིག་མཐོ་སྒང་གི་ནད་འགོག་བཅོས་མ་ལག་ད་དུང་འཐུས་ཚང་དུ་གཏོང་དགོས་པ་དང་། མཐོ་སྒང་གི་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ཚངས་ཕྱེད་ཆེ་དྲགས་པའི་གྲུབ་ཆའི་རང་བཞིན་གྱི་འགལ་བ་ད་དུང་རྩ་བ་ནས་སེལ་ཐུབ་མེད་པ། ཤང་གྲོང་འཕྲོད་བསྟེན་ཁང་གི་སྒྲིག་ཆས་བེད་མེད་དུ་ལུས་པ་དང་ཤེས་ལྡན་མི་སྣ་ཤོར་བ་མཉམ་གནས་ཀྱི་གནད་དོན་ཐག་རིང་ལུང་ཁུག་ས་ཁུལ་ཁག་ཅིག་ཏུ་སྔར་བཞིན་ དེར་བརྟེན་མཚོ་སྔོན་གྱིས་ས་ཁུལ་གཞན་གྱི་འཕྲོད་བསྟེན་བདེ་ཐང་གི་རྣམ་པ་འདྲ་བཤུས་བྱེད་མི་རུང་བར་མཚོ་སྔོན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་ཞིང་ཆེན་གྱི་གནས་ཚུལ་ཁྱད་ཆོས་དང་དམངས་འཚོའི་དོ་ཁུར་དམ་པོར་ཟུང་འབྲེལ་བྱས་ཏེ་སྐྱོན་བྲལ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གནས་བབ་གལ་ཆེན་དུ་བཞག་ཡོད།

མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་ལྟེ་བར་བྱས་ནས་རྨང་གཞིའི་ཞིབ་འཇུག་དང་། ནད་ཐོག་སྨན་བཅོས་སྨན་བཅོས། གྲུབ་འབྲས་གཞན་སྒྱུར་བཅས་ལ་བརྒྱུད་རིམ་ལྡན་པའི་ མིག་སྔར་ཡོན་ཧྲི་ཝུའུ་ཐེན་དབྱིའི་ཚོགས་པས་བཙུགས་པའི་མཐོ་སྒང་གི་བདེ་ཐང་གསོ་སྐྱོང་གི་རིགས་པའི་གཞུང་ལུགས་མ་ལག་དང་དེ་བཞིན་དལ་བའི་རང་བཞིན་གྱི་རི་མཐོའི་ནད་ཀྱི་ཚད་འབེབས་བརྟག་དཔྱད“མཚོ་སྔོན་གྱི་ཚད་གཞི”ལ་རྒྱལ་སྤྱིའི་རི་མཐོའི་གསོ་རིག་མཐུན་ཚོགས་ཀྱི་ཁས་ལེན་ཐོབ་ནས་གསོ་རླུང་ཉུང་བའི་སྐྱེ་ཁམས་དང་མཐོ་སྒང་གི་བདེ་ཐང་གསོ་སྐྱོང་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་གསབ་ཡོད་པ་རེད། དེ་དང་མཉམ་དུ“ལས་སྟེགས་དྲུག”གིས་འདེགས་སྐྱོར་བྱས་པའི་མཐོ་སྒང་གི་གསོ་རིག་ཞིབ་འཇུག་གི་རྣམ་པ་ཆགས་བཞིན་ཡོད་པ་དང་རྒྱལ་ཁབ་མཐོ་སྒང་གི་ནད་ཀྱི་གསོ་རིག་ལྟེ་གནས་སོགས“ལྟེ་གནས་ལྔའི”ནུས་པ་འཛུགས་སྐྱོང་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། གོམ་སྟབས་རྗེས་མར་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་དང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་ལ་བརྟེན་ནས་ཐུམ་འབུའི་ནད་སོགས་ཁྱད་ལྡན་ནད་རིགས་སྔོན་འགོག་ནས་སྨན་བཅོས་བདེ་ཐང་སླར་གསོའི་བར་གྱི་འབྲེལ་ཐག་ཤར་གཏོང་ཐུབ་ནས་ཚན་ཞིབ་གྲུབ་འབྲས་དེ་སྨན་བཅོས་ཀྱི་ཕན་འབྲས་དངོས་སུ་འགྱུར་བ་བྱེད་དགོས།

མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བས། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་སྨན་བཅོས་བྱེད་ཐག་རིང་བ་དང་སྨན་བཅོས་བྱེད་དཀའ་བའི་གནད་དོན་ལ་དམིགས་བསལ་གྱི་རྙོག་འཛིང་རང་བཞིན་ལྡན་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་བདེ་ཐང་གི“ལོ་ལྔ་ཚན་བཅོ་ལྔའི”འཆར་འགོད་ལ་བལྟས་ན། 2030ལོར་སླེབས་སྐབས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་76.8ཟིན་པའི་དམིགས་ཚད་གཏན་འཁེལ་བྱས་ཡོད། དམིགས་འབེན་འདི་མངོན་འགྱུར་བྱེད་པར་ཞན་ཆ་གཞི་རིམ་དུ་ཡོད་ལ་མི་མངོན་པའི་སྟོབས་ཤུགས་ཀྱང་གཞི་རིམ་དུ་ཡོད། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་འགག་རྩ་ནི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དངོས་འབྲེལ་ཟབ་ཏུ་གཏོང་བ་དང་ཐུག་ཐུབ་པ་བྱ་རྒྱུར་ཐུག་ཡོད། དེར་བརྟེན།འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་དོ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་སྟེ།“ཚོགས་པ་སྒྲིག་འཛུགས་རྣམ་པའི”སྨན་བཅོས་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། “སྨན་བཅོས་གསུམ་”མཐུན་སྦྱོར་ངང་འཕེལ་རྒྱས་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཕན་རང་བཞིན་ཁྲིད་སྟོན་དུ་བཟུང་ནས་གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་པ། ནད་གཞི་ཚབས་ཆེན་དང་ཆེས་ཚབས་ཆེ་བའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ།མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་བདེ་ཐང་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་མཚོ་སྔོན་སྐྱོན་བྲལ་འཛུགས་སྐྲུན་བྱེད་པར་ད་དུང་བདེ་ཐང་དེ་ཐོན་ལས་དང་། འཛད་སྤྱོད། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་བཅས་དང་མཉམ་འདྲེས་ཐུབ་པ་བྱེད་ད མཚོ་སྔོན་གྱི་གནམ་གཤིས་བསིལ་ཞིང་། མཁའ་དབུགས་གཙང་མ། ལྗང་མདོག་ཞིང་ཕྱུགས་ཐོན་རྫས་བཅས་ནི་ཐོན་ཁུངས་དཀོན་པ།  མིག་སྔར་མཚོ་སྔོན་གྱི“སྨན་བཅོས་གསོ་གསོ། ཞིབ་འཇུག ལུས་རྩལ་ཡུལ་སྐོར”གྱི་སྣ་མང་མཉམ་འདྲེས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད་པ་དང་། ཟི་ལིང་དང་མཚོ་ཤར་ས་ཁུལ་དུ་བདེ་ཐང་གསོ་སྐྱོང་ལྟེ་གནས་དང་ནགས་ཚལ་བདེ་ཐང་གསོ་སྐྱོང་རྟེན་གཞི་ཁག་གཅིག་བསྐྲུན་ཡོད་པ། མཐོ་སྒང་གི་ཚ་གཡོལ་དང་། བོད་སྨན་ལུས་གསོ།གཞི་རྒྱུ་སེ་ཕྱུག་པའི་བཟའ་བཅོས་སོགས་ཁྱད་ལྡན་སྤུས་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། མཐོ་སྒང་གི་བདེ་ཐང་གསོ་སྐྱོང་ཐོན་ལས་འཕེལ་རྒྱས་བཏང་ནས་བདེ་ཐང་གསོ་སྐྱོང་ཐོན་ལས་དེ་ལྗང་མདོག་ཞིང་འབྲོག་ལས། སྐྱེ་ཁམས་ཡུལ་སྐོར་བཅས་དང་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། “སྨན་བཅོས་གསོ་སྐྱོང་། ཞིབ་འཇུག ལུས་རྩལ་ཡུལ་སྐོར་”བཅས་སྣ་མང་མཉམ་འདྲེས་ཀྱི་བདེ་ཐང་གསོ་སྐྱོང་ལས་རིགས་རྣམ་པ་དངོས་སུ་ཆགས་རྒྱུར་སྐུལ་འདེད་བཏང་ནས་མཐོ་སྒང་གི་གནམ་གཤིས་དྭངས་གཙང་དང་མཁའ་རླུང་གཙང་མ་དེ་ཚད་འབེབས་དང་། ཉམས་ལེན་བྱེད་པ། འཛད་སྤྱོད་བྱེད་ཆོག་པ་བཅས་ཀྱི་བདེ་ཐང་ཞབས་ཞུར་བསྒྱུར་ནས་བདེ་ཐང་གི་མཚོ་སྔོན་ལ་ཐོན་ལས་ཀྱི་འདེགས་སྐྱོར་དང་མང་ཚོགས་ཞུགས་པའི་རྒྱུན་སྲིང་སྒུལ་ཤུགས་ལྡན་པར་བྱ་དགོས།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱོན་བྲལ་མཚོ་སྔོན་འཛུགས་སྐྲུན་མགྱོགས་སུ་གཏོང་བར་གཞི་རིམ་སྲ་བརྟན་དུ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། ཚན་ཞིབ་གཏིང་ཟབ་བྱེད་པ་བཅས་ཀྱི་བརྟན་ཤུགས་ལྡན་དགོས་ལ། “གྲུབ་འབྲས་ངེས་པར་དུ་རང་ཉིད་ལ་ཡོད་པའི”འགན་འཁྲི་ཡང་ལྡན་ནས་འགག་གནད་སེལ་བ་དང་། གྲུབ་འབྲས་སྒྱུར་བ། དམངས་འཚོ་ཀུན་ཕན་བཅས་བྱས་ཏེ་མཐོ་སྒང་གི་གསོ་རིག་གི་ཚན་རིག་ཞིབ་འཇུག་གི་མཐོ་ཚད་དང་གཞི་རིམ་སྨན་བཅོས་ཀྱི་ཞབས་ཞུའི་དྲོད་ཚད་མཚོ་སྔོན་གྱི་ས་གཞི་ཆེན་པོའི་ཐོག་དངོས་འབྲེལ་མཉམ་འདྲེས་ཐུབ་པ་བྱས་ནས་སྐྱེ་ཁམས་ཀྱི་མཛེས་སྡུག་དང་བདེ་ཐང་གི་རིན་ཐང་ཐོན་ལས་མཉམ་འདྲེས་ཁྲོད་ཕན་ཚུན་གྲུབ་འབྲས་ཐོབ་པ་བྱས་ཏེ་སྐྱོན་བྲལ་མཚོ་སྔོན་དེ་འཆར་འགོད་ཀྱི་ཡིག་ཆ་ནས་དུད་ཚང་ཁྲི་སྟོང་མང་པོའི་རྒྱུན་གཏན་འཚོ་བའི་ནང་ཁྱབ་པ་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།