ཟླ་11པའི་ཚེས་3ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་སྐོར་དཔྱོད་བྱ་བའི་ཚོགས་འདུ་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཐབ་ལམ་གསར་པའི་སྟེང་སྐོར་དཔྱོད་ཕྱོགས་བསྡུས་ལྟ་སྐུལ་གྱི་རལ་གྲི་རྣོན་པོ་ལྟ་བུའི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་དགོས་ལ། སྤུས་ཚད་མཐོན་པོས་སྐབས་གསར་པའི་གྲོང་ཁྱེར་དང་རྫོང་ཏང་ཨུའི་སྐོར་དཔྱོད་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་ནང་ཁུལ་གྱི་སྐོར་དཔྱོད་ལ་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་སྲ་བརྟན་གྱི་འགན་ལེན་འདོན་སྤྲོད་བྱ་དགོས།
ལིའུ་མེ་ཕིང་གིས་འགོ་འཛིན་བྱས་པ་དང་། ཝང་ཝུའེ་ཏུང་དང་ཝུའུ་ལ་ཙེ་པེ་ཁེ·རེ་སུའུ་ལི་ཧན། ཚའོ་ཅུན་བཅས་ཚོགས་འདུ་ལ་ཞུགས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་དང་སྐོར་དཔྱོད་བྱ་བར་ཚད་མཐོའི་མཐོང་ཆེན་གནང་སྟེ། གྲོང་ཁྱེར་དང་རྫོང་གི་སྐོར་དཔྱོད་གཞི་རིམ་དུ་མཆེད་པར་སྐུལ་འདེད་བཏང་བ་དང་། སྡེ་བའི་སྐོར་དཔྱོད་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ནས། སྐོར་ཞིབ་དང་སྐོར་དཔྱོད་བྱ་བའི་དྲང་གཞག་གསར་གཏོད་དང་འཕེལ་རྒྱས་ཟབ་སྤེལ་ལ་སྐུལ་ཁྲིད་བྱས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《ཆོད་དོན་》ལས་སྐོར་ཞིབ་དང་སྐོར་དཔྱོད་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་བོ་བཏོན་ཡོད་པས། ཏང་གི་སྐོར་དཔྱོད་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། 《ཀྲུང་གོའི་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་》ནན་ཏན་སྒོས་དོན་འཁྱོལ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་བཏང་སྟེ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གིས་སྐོར་དཔྱོད་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་པར་སྐུལ་འདེད་གཏོང་དགོས་པ་མ་ཟད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཚོགས་པའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་སྐོར་དཔྱོད་བྱ་བར་བླངས་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལྟ་སྐུལ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཆད་ལུས་མེད་པར་དོན་འཁྱོལ་བྱ་རྒྱུ་ཨང་དང་པོར་འཇོག་དགོས་པ་དང་། “འགོ་ཁྲིད་དང་པོ་”དང་འགོ་ཁྲིད་ཚན་ཆུང་ལ་དམ་པོར་དམིགས་ཏེ། སྐོར་དཔྱོད་གཏིང་ཟབ་ཏུ་རྒྱ་སྐྱེད་པ་དང་ཆེད་ལས་ཕྱོགས་སུ་ཤུགས་འདོན་པ། གཞི་རིམ་དུ་མཆེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས། དག་ཐེར་ལ་སྐོར་དཔྱོད་དང་གྲུབ་འབྲས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། རྒྱུན་ལྡན་གྱི་ལྟ་སྐུལ་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་པ་དང་། རྟོག་ཞིབ་ལྟ་སྐུལ་དང་སྐོང་འདྲི་དྲན་སྐུལ་བྱེད་པ། རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་ཞིབ་བཤེར་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་གཏིང་རིམ་གྱི་གནད་དོན་ཐད་དུས་ཐོག་ཏུ་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ངེས་པ་དོན་གྱིས་སྐོར་ཞིབ་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་སྐོར་ཞིབ་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐོར་ཞིབ་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། སྡེ་བ་དང་(སྡེ་ཁུལ་)ལ་སྐོར་དཔྱོད་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་བསྣན་ཏེ། སྡེ་བ་དང་(སྡེ་ཁུལ)ལ་སྐོར་དཔྱོད་བྱེད་པ་དེ་སྤྱི་ཡོངས་འཆར་འགོད་ནང་བཅུག་ནས་རིགས་དབྱེ་ཇུས་འདོན་དང་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་དགོས་ཤིང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྐྱོང་བྱེད་པའི་ཐད་ཕན་འབྲས་སྔར་ལས་ཆེ་བ་ཐོན་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་གྱི་ཐད་གཏོགས་སྡེ་ཁག་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་བཅས་ཀྱིས་ནང་ཁུལ་གྱི་སྐོར་དཔྱོད་བྱ་བར་ཤུགས་བསྣན་ཏེ། སྐོར་ཞིབ་དང་སྐོར་དཔྱོད། གྲོང་ཁྱེར་དང་རྫོང་གི་སྐོར་དཔྱོད། ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་སྐོར་དཔྱོད་བཅས་གཞི་གཅིག་ཏུ་ཇུས་འགོད་བཀོད་སྒྲིག་དང་གཞི་གཅིག་ཏུ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ངེས་པ་དོན་གྱིས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས། སྐོར་ཞིབ་སྐོར་དཔྱོད་ལས་ཁུངས་བཅས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་སྒོས་སྐབས་གསར་པའི་གྲོང་ཁྱེར་དང་རྫོང་ཏང་ཨུས་སྐོར་དཔྱོད་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་སྟེ། སྒྲིག་ཁྲིམས་དང་ལྟ་ཞིབ། མངགས་སྡོད། སྐོར་དཔྱོད་བཅས་“ལྟ་སྐུལ་བཞི་”གཅིག་གྱུར་གྱིས་སྦྲེལ་མཐུད་དང་སྡོམ་ཤུགས་ཆགས་པར་བྱ་དགོས་ཤིང་། གོང་འོག་མཉམ་འགུལ་གྱིས་རིམ་པ་སྤར་བའི་སྐོར་དཔྱོད་དང་སྣོལ་མའི་སྐོར་དཔྱོད། ཆེད་དམིགས་སྐོར་དཔྱོད་བཅས་བྱས་ཏེ། སྐོར་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱས་ནས་བྱ་བའི་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་ཀྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས།
ཚོགས་འདུའི་སྟེང་རྨ་ལྷོ་ཁུལ་དང་རྟ་ཐང་རྫོང་། དཔའ་ལུང་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས། ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་ཚོགས། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་(གྲོང་ཁྱེར་དང་ཆུས)ཁག་ཏུ་ཡན་ལག་ཚོགས་ར་བཙུགས།