དེ་རིང་པར་དུ་སྐྲུན་པའི་མི་དམངས་ཉིན་རེའི་ཚགས་པར་སྟེང་དཔྱད་བརྗོད་པའི་རྩོམ་ཡིག་ལས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་འབུར་ཐོན་གནད་དོན་ཐག་གཅོད་པ་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ་ཞེས་པ་སྤེལ།
རྩོམ་ཡིག་ལས་བཤད་རྒྱུར། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོའི་ཏང་གི་བསམ་བློའི་བྱེད་ཕྱོགས་དང་བྱ་བའི་བྱེད་ཕྱོགས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་མངོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་ཏང་སྟོབས་ལ་འཕྲད་པའི་གནད་དོན་དང་ལས་འགན་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཐད་མ་ལག་གི་བཀོད་སྒྲིག་བྱས་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དེ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་ཏུ་བརྩིས་ནས། ཏང་གི་འཛུགས་སྐྱོང་གི་འབུར་ཐོན་གནད་དོན་ལེགས་བཅོས་དང་ཐག་གཅོད་གང་ལེགས་བྱེད་དགོས་པ་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན་གྱི་འབུར་ཐོན་གནད་དོན་ཁྲིད་ཕྱོགས་ཀྱིས་འགག་རྩའི་རྒྱུ་རྐྱེན་དམ་འཛིན་དང་། འབུར་ཐོན་གནད་དོན་གྱི་འཆར་འགོད་བཀོད་སྒྲིག་ལ་དམིགས་ཏེ། བསམ་ཕྱོགས་དང་བྱེད་ཐབས་འཆར་འགོད་ཀྱིས་གནད་དོན་ཅི་ཞིག་ཡོད་ན་དེ་ཐག་གཅོད་པ་དང་། འབུར་དུ་ཐོན་པའི་གནད་དོན་གང་ཡིན་ན་དེ་གཙོར་བཟུང་གིས་ཐག་གཅོད་པ་རྒྱུན་འཁྱོངས། གནད་དོན་གྱི་རྩ་བ་ཡང་དག་ངང་ངོས་འཛིན་དང་། རིགས་ལམ་ལ་ཞིབ་འཇུག་ཟབ་མོ་བྱས་ནས། དམིགས་གཏད་རང་བཞིན་གྱི་བྱེད་ཐབས་བཏོན་པས། དེས་ང་ཚོའི་ཏང་གི་འགལ་བར་མི་གཡོལ་བ་དང་གནད་དོན་ལ་གདོང་གཏོད་པའི་བསམ་ཕྱོགས་བརྟན་པོ་དང་། རྒྱུན་ཆད་མེད་པར་གནད་དོན་ཐག་གཅོད་པ་དང་དཀའ་གནད་སེལ་བའི་ལག་ལེན་གྱི་བྱེད་ཕྱོགས་ལེགས་པོར་མཚོན་ཡོད།
བསྐྱོད་ལམ་གསར་བར། ང་ཚོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་དགོས་ལ། ཆོད་དོན་གྱི་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། ནོར་འཁྲུལ་ཡོ་བསྲང་དང་སྙིགས་དོར་བཅུད་ལེན་གྱི་བརྒྱུད་རིམ་ཁྲོད་བྱ་བའི་ཆུ་ཚད་མཐོ་རུ་གཏོང་བ། ཞིབ་ཕྲའི་གནད་དོན་རེ་རེ་ཐག་བཅད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆུ་ཚད་སྤྱི་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། ང་ཚོའི་ཏང་སྔར་ལས་ལེགས་པོ་དང་སྔར་ལས་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པ་དང་། ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུར་བར་ཁག་ཐེག་བྱེད་དགོས།