ཟླ11ཚེས3ཉིན། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ལེགས་བཅོས་བྱེད་པའི་དུས་ཚིགས་བཞི་པའི་བཀོད་གཏོང་ཚོགས་འདུ་ཟི་ལིང་དུ་ཚོགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་ལེགས་བཅོས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བླང་བྱ་གསར་བ་དོན་འཁྱོལ་ནན་མོ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ཆེས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས། གཅིག་སྡུད་ལེགས་བཅོས་ཀྱི་འགག་སྒྲོལ་ཐག་གཅོད་དམག་འཐབ་ཀྱི་ལས་འགན་མཐའ་གཅིག་ཏུ་འགྲུབ་པར་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ཤིག་སྤྲད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀོ་ཡུས་ཅེ་ཡིས་འགོ་འཛིན་བྱས། ལིའུ་མེ་ཕིན་དང་ཝང་ཝེ་ཏུང་། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥེང་། ཚའོ་ཅུན། དབྱང་ཀྲི་ཝུན། ལི་ཧུང་ཡ་བཅས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རར་ཞུགས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཞིང་། ང་ཚོས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ལེགས་བཅོས་བྱེད་པའི་འགག་སྒྲོལ་ཐག་གཅོད་དམག་འཐབ་ཡག་པོ་རྒྱག་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས། ཆབ་སྲིད་ཀྱི་ལངས་གནས་སྔར་བས་ཇེ་མཐོར་དང་དགོངས་དོན་གྱི་འདུ་ཤེས་ཇེ་དྲགj་ཏུ་བཏང་ནས། གོམ་པ་གང་ཡང་མི་སྣུར་བའི་ངར་ཤུགས་དང་། དམ་འཛིན་མཐར་ཕྱིན་བྱེད་པའི་སྙིང་སྟོབས། ལེགས་སྒྲུབ་ལེགས་འགྲུབ་ཀྱི་ངར་ཤུགས་བཅས་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་གཅིག་སྡུད་ལེགས་བཅོས་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གཅིག་སྡུད་ལེགས་བཅོས་ཁྲོད་བླངས་པའི་སྤྱོད་ཚུལ་བསྐྱར་གསོ་དང་། གཞི་རིམ་བཅོས་སྐྱོང་བཟང་པོ་བྱེད་པ། མང་ཚོགས་ལ་ཕན་པ་ཐོབ་པ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་གྲུབ་འབྲས་ལ་གཞིགས་ནས། ངར་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་ཞིང་སྡེའི་ཐུན་མོང་གི“མ་རྩ་གསུམ”དོ་དམ། སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ། རྒན་གསོ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། གནད་དོན་ལེགས་བཅོས་དང་གྱོད་སྒྲུབ་འགག་སྒྲོལ། ཡིག་སྐུར་ངོ་གཏུག་བྱས་ནས་ཐག་གཅོད་པ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འགོ་ཁྲིད་གསར་པས་སྔོན་གྱི་བྱ་བར་ཁ་ཡ་མི་བྱེད་པའི”ཆེད་དོན་དག་ཐེར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་སྐོར་ཞིག་ཐག་གཅོད་བཟང་པོ་བྱེད་པ་དང་། ཚད་འབེབས་ཐུབ་པའི“གཞི་གྲངས་ཀྱི་རྩིས་ཁྲ”དང་། ཚོར་ཐུབ་པའི“དངོས་དོན་རྩིས་ཁྲ”། མང་ཚོགས་ཀྱི་ཡིད་ཚིམ་པའི“དམངས་འཚོའི་རྩིས་ཁྲ”བཅས་སྤྲོད་དགོས། ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཡུན་ཕན་ལ་སྐུལ་འདེད་བཏང་སྟེ། གནད་དོན་ལེགས་བཅོས་བྱ་རྒྱུ་དེ་བཅོས་བསྒྱུར་ཟབ་སྤེལ་དང་། ལམ་ལུགས་འཐུས་ཚང་། བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་འབྲེལ་མཐུད་བྱས་ཏེ། ཡུན་རིང་དམ་འཛིན་དང་རྩ་བའི་ལམ་ལུགས་ཀྱི་གྲུབ་འབྲས་མ་ལག་ཇེ་བརྟན་དུ་བཏང་སྟེ། དྲིལ་བསྒྲགས་དང་འཆད་འགྲེལ་ལ་ཤུགས་བསྣན་ནས། གནད་དོན་རིགས་གཅིག་ལེགས་བཅོས་དང་ལམ་ལུགས་ཆ་ཚང་ཞིག་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་གཅིག་གི་བཅོས་སྐྱོང་ལེགས་བསྒྱུར་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་། “འགོ་ཁྲིད་དང་པོས”དངོས་སུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས། དམ་འཛིན་མཐའ་འཁྱོལ་བར་བྱེད་པ་དང་འགན་འཁྲིའི་མུ་ཕྲེང་ཇེ་དམ་དུ་གཏོང་བ་དང་གཙོ་གནད་ལས་འགན་དང་གནད་དོན་འབུར་ཐོན་ལ་དམ་པོར་དམིགས་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་དང་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་དཔྱད་གླེང་ལེགས་པར་སྒྲུབ་སྟེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།
ཀྲུའུ་ཀོ་ཡུས་ཅེ་ཡིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཟེར་རྡེབ་སྙིང་སྟོབས་ལ་བརྟེན་ནས་གཅིག་སྡུད་ལེགས་བཅོས་དང་དམངས་འཚོའི་དོན་དངོས་སྒྲུབ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། རྩིས་ཐོ་ཅན་དང་ལྷུ་ཚིགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། འགན་འཁྲི་ཏན་ཏིག་འཁུར་བ་དང་དམིགས་འབེན་འགག་སྒྲོལ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་ལ་ཤུགས་བསྣན་ནས། འགག་སྒྲོལ་ཐག་གཅོད་དམག་འཐབ་དང་ཡུན་ཕན་བཅོས་སྐྱོང་ཟུང་འབྲེལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་ལེགས་བཅོས་དང“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བའི་དམིགས་འབེན་ལས་འགན་དང་ཟུང་འབྲེལ་བྱས་ཏེ། སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་་དང་། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་ཆགས་པར་བྱས་ཏེ། སྔར་ལས་མང་པོའི་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
ཚོགས་འདུའི་སྟེང་། ཞིང་ཆེན་དམངས་སྲིད་ཐིང་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། ཞིང་ཆེན་ཡིག་བསྐུར་ངོ་གཏུག་ཅུས་བཅས་ཀྱིས་སོ་སོར་བརྗེ་རེས་གཏམ་བཤད་གནང་། ཚོགས་འདུ་བརྙན་ལམ་གྱི་རྣམ་པས་ཚོགས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ཆུས་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།