མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་གསར་རྩོམ་བྱས་པའི་མི་རིགས་གླུ་གར་ཟློས་གར《སྐལ་བཟང》འཁྲབ་སྟོན་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་བཙུགས་ནས་ལོ་འཁོར70ལོན་པའི་སྐབས་སུ། ཟླ10པའི་ཚེས29ཉིན། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་བྱས་ཤིང་། སློབ་གྲྭའི་རོལ་དབྱངས་སློབ་གླིང་དང་ཏང་ཨུའི་དྲིལ་བསྒྲགས་པུའུ། གུང་གཞོན་ཚོགས་པ་བཅས་ཀྱིས་གཉེར་འགན་འཁུར་བའི་གཙང་པོའི་མགོ་ཁུངས་རྡོག་པས་བསྐྱོད། ཁུ་ནུ་རི་བོར་སྤོབས་པས་འཛེགས་ཞེས་པའི་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་གྲྭ་སོ་སོའི་གསར་རྩོམ་རིག་གནས་ཕུལ་བྱུང་འཁྲབ་སྟོན་ཆེན་མོ་སྟེ། གསར་རྩོམ་བྱས་པའི་མི་རིགས་ཟློས་གར《སྐལ་བཟང》 ཞེས་པ་དེ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་ཆེན་སློབ་མའི་བྱེད་སྒོ་ལྟེ་གནས་སུ་འཁྲབ་སྟོན་བྱས།

མི་རིགས་གླུ་གར་ཟློས་གར《སྐལ་བཟང》ནི་དངོས་ཡོད་འཚོ་བ་བརྗོད་བྱ་ཡིན་པའི་བརྩམས་ཆོས་ཤིག་ཡིན་ལ། དེ་ནི་དུས་རབས་ཀྱི་མིག་དཔེ་དང་། མི་དམངས་ཀྱིས་བརྩེ་བའི་ངང་རྩྭ་ཐང་གི་གཅེས་ཕྲུག་དང་ཧྲིན་ཀྲང་འབྲོག་པ་ཞེས་འབོད་པའི་བློ་མཐུན་སྐལ་བཟང་གི་དངོས་བྱུང་གཏམ་རྒྱུད་གཞིར་བྱས་ཏེ་བརྩམས་པ་ཞིག་ཡིན། དེས་ཁོང་དང་མི་དམངས་བར་གྱི་འོ་ཆུ་ལྟར་འདྲེས་ཤིང་། མི་དམངས་ཀྱི་དཀའ་ངལ་སེལ་བའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་བརྗོད་པ་དང་། མི་དམངས་ཀྱི་དོན་དུ་ལུས་སྲོག་འབུལ་བའི་སྲི་ཞུ་བའི་སྣང་བརྙན་མངོན་པར་བྱས་ཏེ། གུང་ཁྲན་ཏང་མི་ཞིག་ཡིན་པའི་ཁོང་གི་ཕུགས་བསམ་བརྟན་པོ་དང་བླ་ན་མེད་པའི་སྙིང་སྟོབས་ལ་བསྟོད་བསྔགས་བྱས་ཡོད། ཟློས་གར་ཧྲིལ་པོར་ལེའུ་ལྔ་དང་། སྔོན་འགྲོ་དང་མཇུག་བསྡུ་བཅས་ཁྱོན་ཆ་ཤས་བདུན་དུ་དབྱེ་ཡོད་ཅིང་། སྤྱིའི་རིང་ཚད་ལ་སྐར་མ80ཙམ་ཡོད། ཟློས་གར་ཧྲིལ་པོའི་བསམ་བློའི་མཚོན་དོན་ཟབ་ཅིང་། རིག་གནས་ཀྱི་ནང་དོན་དང་ལྟ་བའི་གཏིང་ཚད་ཕུན་སུམ་ཚོགས་པ་ལྡན། འཁྲབ་གཞུང་གི་རོལ་དབྱངས་ལ་དམངས་ཁྲོད་དང་མང་ཚོགས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་ཞིང་། ས་གནས་ཀྱི་མི་རིགས་སོ་སོའི་རོལ་དབྱངས་ཀྱི་རྒྱུ་ཆ་དང་། ས་གནས་ཀྱི་ཟློས་གར་དང་རོལ་དབྱངས་སྒྱུ་རྩལ་སོགས་ཀྱི་ཆ་ཤས་རྣམས་མཉམ་འདྲེས་ཀྱིས་སྤྱད་ཡོད། ལེའུ་རེ་རེའི་ཡུལ་ལྗོངས་ཀྱི་རོལ་དབྱངས་ཀྱི་ཉམས་འགྱུར་དང་ཁ་དོག་གི་རྨང་གཞི་ནི་སྒྲུང་གི་བྱུང་རིམ་དང་འཚམ་པོར་འདྲེས་ཤིང་། ས་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་ལ། སྒྱུ་རྩལ་གྱི་རང་བཞིན་དང་བསམ་བློའི་རང་བཞིན་གཉིས་ཀ་ཟུང་དུ་འབྲེལ་ཞིང་། རོལ་ཆས་དཀྲོལ་རྩལ་ཕུན་སུམ་ཚོགས་པ་ལྡན་ལ། ཁྱད་ཆོས་གསལ་ཞིང་རྔམ་ཟིལ་ཆེ་བ་ཞིག་ཡིན།

ཟློས་གར་འདིའི་འཁྲབ་གཞུང་རྩོམ་པ་པོར་རྒྱལ་ཡོངས་སུ་མཚན་སྙན་ཆེ་བའི་ཚིག་རྩོམ་པ་པོའམ་རྒྱལ་ཁབ་རིམ་པ་དང་པོའི་རྩོམ་པ་པོ་ཧྥང་ཆན་གདན་དྲངས་ཤིང་། རོལ་དབྱངས་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲེན་ལུའུ་ཡིས་རོལ་དབྱངས་རྩོམ་སྒྲིག་གནང་བ་དང་། འཁྲབ་སྟོན་པ་ཐམས་ཅད་སློབ་གླིང་གི་དགེ་སློབ་ཀྱིས་གྲུབ་པ་ཞིག་ཡིན། འདི་ནི་ཏང་གི་བསམ་བློ་ཆབ་སྲིད་དང་ཀུན་སྤྱོད་སློབ་གསོ། མཛེས་རྩལ་སློབ་གསོ་དང་སྒྱུ་རྩལ་ལག་ལེན་ཟུང་འབྲེལ་དམ་ཟབ་བྱས་པའི་འཚོལ་ཞིབ་ལེགས་པོ་ཞིག་ཡིན་ལ། དགེ་སློབ་རྣམས་ཀྱིས་མི་རིགས་ཟློས་གར་གསར་རྩོམ་དང་འཁྲབ་སྟོན་བྱེད་པའི་སྲོལ་ཕྱེ་བ་ཞིག་ཀྱང་ཡིན། ད་ལྟའི་བར་དུ་འཁྲབ་སྟོན་ཐེངས་དྲུག་བྱས་ཟིན་པ་དང་། ཚེས30ཉིན་གྱི་དགོང་མོར་ཡང་འཁྲབ་སྟོན་ཐེངས་གཅིག་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།