ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས(རྒྱ་བསྐྱེད)ཚོགས་འདུ་འཚོགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་། ལུའོ་ཏུང་ཁྲོན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཁོན་ཐར་འཚོས་བསྒྱུར།

    མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ10ཚེས30ཉིན་ཉིན་གྱི་སྔ་དྲོར་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས(རྒྱ་ཆེན)ཚོགས་འདུ་བསྡུས་ཤིང་།ཚོགས་ཐོག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ་རང་ཞིང་ཆེན་གྱི་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གྱི་ལས་ཀ་བཀོད་སྒྲིག་མཛད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།  

    ཚོགས་ཐོག་ཏུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”མགོ་རྩོམ་པའི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་གྲོས་ཚོགས་ཤིག་ཀྱང་ཡིན་ཞེས་བསྟན། གྲོས་ཚོགས་སྟེང་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུར་གསན་ཏེ་གྲོས་བསྡུར་གནང་ཞིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བྱ་གཞག་ལ་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་ཁས་ལེན་གང་ལེགས་གནང་། གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཚན་རིག་དང་མཐུན་པས་ཁྲིད་སྟོན་བྱས་པ་ལ་ཐུག་ཡོད་པར་ངོས་འཛིན་གཏིང་ཟབ་བྱས། གྲོས་ཚོགས་སྟེང་དུ་ད་ལྟ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཏང་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལས་ཀར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དོ་དམ་ཏང་སྐྱོང་དང་། ཏང་དར་རྒྱས་སྟོབས་ཆེར་གཏོང་བའི་ཚད་མཐོའི་ལོ་རྒྱུས་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་ཤུགས་ཆེན་གང་ལེགས་མངོན་ཡོད།  གྲོས་ཞིབ་བརྒྱུད《ཆོད་དོན》ལ་གྲོས་འཆམ་བྱུང་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་གཞིར་འཛིན་ས་དང་བྱ་སྤྱོད་ཐད་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པས། ང་ཚོས་དུས་རབས་གསར་པའི་ཏང་དོ་དམ་དང་ཏང་ནན་སྐྱོང་། ཏང་དར་རྒྱས། ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་སྐུལ་ལྕག་ནུས་ལྡན་ཐེབས་ངེས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་གནང་བའི《ཆོད་དོན》གྱི་གསལ་བཤད་ལས་ཏང་ཀྲུང་དབྱང་གིས་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་གྱི་ཐབས་ཇུས་གཤིས་རྒྱུད་དང་གཏིང་ཟབ་ལ་རྒྱུད་རིམ་ལྡན་པའི་འཐབ་ཇུས་ཀྱི་བསམ་གཞིགས་གང་ལེགས་མཚོན་ཡོད་པ་མ་ཟད། ང་ཚོས《ཆོད་དོན》ལ་སྟངས་འཛིན་ཡང་དག་བྱས་ཏེ་གཏན་ཚིགས་དང་ལམ་ལུགས་ཤིག་ཆགས་པར་ལམ་སྟོན་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་ཡང་མཚོན།   

     ཚོགས་འདུའི་ཐོག “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། མཚོ་སྔོན་ནི་བྱས་རྗེས་ཆེན་པོ་འཇོག་ཐུབ་པ་དང་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་བཀོད་པའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་པའི་དུས་སྐབས་གལ་ཆེན་ཞིག་ཏུ་སླེབས་ཡོད་པས། ངེས་པར་དུ་ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཚོ་སྔོན་གྱི་ལེའུ་འབད་བརྩོན་ཆེན་པོས་རྩོམ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ཐོག་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་ཕྱོགས་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ནས“འགྱིག་གཞོང་གཅིག”གི་བསམ་བློ་བརྟན་པོ་འཛུགས་པའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་དགོས། མ་སྐུལ་རང་རྟོགས་ཀྱི་སྒོ་ནས་མཚོ་སྔོན་གྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་ཇུས་འགོད་ནང་བཞག་སྟེ་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དེ་ལྟ་སྐུལ་དོ་དམ་གྱི་གལ་གནད་དུ་བཞག་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་འཕིགས་ཅན། རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་སློབ་སྟོན་དང་བླང་བྱ་ལྟར་བློ་བརྟན་འགྱུར་མེད་ངང་མདུན་དུ་སྐྱོད་དགོས། ཚད་མཐོའི་བསམ་བློ་ལ་བརྟེན་ནས་ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་རྒྱུན་ཚུལ་དང་ཕུགས་ཕན་ཡུན་བརྟན་ངང་སློབ་སྦྱོང་བྱས་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་བསམ་བློར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཚེ་གང་ཀྱི་དཔྱོད་དོན་དུ་བརྩི་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གཤིས་སློབ་གསོ་ཀྱི་གསར་བརྗེའི་ལིང་ཚེ་རྒྱ་ཆེར་གཏོང་དགོས། “མདེལ་གཉིས་དང་སྐར་གཅིག”གི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོར་བསྐྱོད་དགོས། དོ་དམ་ནན་པོ་དང་གཅེས་སེམས་ཟབ་མོ་ཟུང་འབྲེལ་རྒྱུན་འཁྱོངས་དང་། ཏང་གི་ལུས་ཕུང་དྭངས་གཙང་དང་དཔུང་ཁག་དྭངས་གཙང་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ། ཚད་མཐོའི་བྱ་སྤྱོད་ལ་བརྟེན་པའི་ཏང་འཛུགས་སྐྱོང་གིས་་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་། ཐོན་ལས“ས་གནས་བཞི”འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྣེ་ཁྲིད་པར་འགན་ལེན་བྱེད་དགོས། ཟླ་མཇུག་དང་ལོ་མགོར་འཕར་སྣོན་གཏན་འཇགས་ཡོང་དང་།  དམངས་འཚོར་འགན་ལེན་ཐུབ་པ། བདེ་འཇགས་ཐོན་སྐྱེད་བྱེད་པ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ལས་དོན་ཁག་དམ་འཛིན་ལ་གཅིག་གྱུར་འཆར་འགོད་བཟོས་ཏེ། སྤྱོད་ཚུལ་གྱི་ནད་གཞི་སྣ་ཚོགས་རྒྱུན་རྣམ་ཅན་དང་འབེན་ཕྱོགས་རང་བཞིན་གྱི་སྒོ་ནས་བཅོས་སྒྲིག་དག་ཐེར་བྱེད་པ་དང་། སྤྱོད་བཟང་གཞུང་དྲང་གི་སྲོལ་བཟང་ཡག་པོ་གཏོང་བའི་ཆབ་སྲིད་ཀྱི་སྣང་ཚུལ་སྲ་བརྟན་དུ་གཏོང་བ་བཅས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཏན་ཏན་ཏིག་ཏིག་དང་།  དམ་འཛིན་དངོས་སྒྲུབ། བྱས་རྗེས་ལེགས་སྒྲུབ་བཅས་བྱེད་དགོས།་པ་བསྟན།

     ཚོགས་འདུའི་སྟེང་དུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་ད་ལྟ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་དགོས་པ་དང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་སློབ་སྦྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཀུན་གྱི་སྣེ་ཁྲིད་དེ་ཆེད་དོན་ཞིབ་གྲོས་དང་སྒྲོག་འགྲེལ་ཟུར་ཁྲིད་བྱེད་དགོས། རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་ཆེད་དོན་ཞིབ་འཇུག་དང་སློབ་སྦྱོང་གི་ལས་ཀ་སྤེལ་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གོ་བ་ལོན་ཞིང་ཁོང་དུ་ཆུད་པ། ལག་ལེན་ཏུ་བསྟར་ཤེས་པར་སྣེ་ཁྲིད་དགོས།  རྩ་འཛུགས་སྡེ་ཚན་དང་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང་)ཡིས་སློབ་ཁྲིད་གཏིང་ཟབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་བྱེད་པོའི་སློབ་ཚན་ནང་འཇུག་དགོས། དྲིལ་བསྒྲགས་སྡེ་ཚན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཞིབ་འཇུག་དང་འགྲེལ་བཤད། དྲིལ་བསྒྲགས་སྒྲོག་འགྲེལ་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་གོ་སླ་པ་དང་དོན་དངོས་དང་འབྲེལ་ཐུབ་པའི་སྐད་ཆའི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གྱི་ཚ་རླབས་མགྱོགས་པོར་འཕྱུར་དུ་འཇུག་དགོས། ཏང་དོ་དམ་དང་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་འགན་འཁྲི།འགན་འཁུར་མཁན་དང་པོའི་འགན་འཁྲི། “ལས་གནས་གཅིག་ལ་འགན་འཁྲི་གཉིས(གནས་གཅིག་འགན་གཉིས)ཅན”གྱི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱས་ཏེ། ཏང་དོ་དམ་ཏང་ནན་སྐྱོང་གི་གཙོ་གནད་ལས་འགན་ལས་ཀའི་ཁྱོན་ཡོངས་སུ་བཅུག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་རྒྱལ་ཁའི་འཚོགས་པ་བསུ་མ་བྱེད་དགོས་པའི་བླང་བྱ་བཏོན་ནོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།