རྒྱང་སྐྱོད་ཀྱི་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ནས་འབད་འབུངས་མདུན་སྐྱོད་ཀྱི་དུས་རབས་ཀྱི་ལམ་བུ་གསར་པ་གཏོད་དགོས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་། ལས་རིགས་སོ་སོའི་འཐུས་མི་མཉམ་དུ་འཛོམས་ནས་རྒྱང་སྐྱོད་ལམ་བུར་ཕྱིར་དྲན་དང་ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་ལ་གུས་འདུད་ཞུས།  ཚང་མས་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པའི་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། གསར་བརྗེའི་རྩ་ལག་ཁྲོད་མཐོ་སྒང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱིས་ལོ་ཟླ་རིང་མོ་བརྒལ་ནས་དུས་རབས་གསར་པའི་མཚོ་སྔོན་འབད་འབུངས་མདུན་སྐྱོད་ཀྱི་ལམ་བུར་བསྟུད་མར་འོད་སྣང་སྦྱིན་དགོས་ཚུལ་བསྟན། 

ཚོགས་ཞུགས་མི་སྣའི་བརྩེ་སེམས་ཟབ་མོས་ལེ་བར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ཀྱི་བརྗིད་ཆེའི་འབད་བརྩོན་འཐབ་ལམ་ལ་ཕྱིར་མིག་བལྟས་ཤིང་། གསར་བརྗེའི་སྔོན་རབས་པའི་དཀའ་ངལ་ལ་མི་སྐྲག་པ་དང་། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་ལ་མྱོང་ཚོར་ཟབ་མོ་བླངས། ཉམས་ལེན་རྣམ་པའི་གསར་བརྗེའི་འབྱུང་ཁུངས་ཁྲོད་བསམ་བློའི་ཉམས་སད་ཐེག་པ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དང་ལེན་བྱས་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་རྒྱུན་མཐུད་འབད་འབུངས་ཡར་བརྩོན་གྱི་དད་སེམས་དང་འགན་འཁྲི་འཁུར་སེམས་སྔར་བས་ཇེ་བརྟན་དུ་བཏང་། 

དམར་དམག་གི་གཉེན་ཉེ་ཡོན་ཧའེ་ཅུན་གྱིས་བཤད་རྒྱུར། ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་སྤྱིར་བཏང་མ་ཡིན་པའི་ལོ་ཟླ་དེར་བསྐྱར་དྲན་ཐེངས་ཤིག་བྱས་རྗེས་ངའི་སེམས་ཡུན་རིང་ཞིག་ལ་ལྷོད་ལ་འབབ་མ་ཐུབ།  དམར་དམག་གི་རྗེས་རབས་པ་ཞིག་ཡིན་པའི་ཆ་ནས། ང་ཚོར་གངས་ལྗོངས་མཐོ་སྒང་དུ་བྱུང་བའི་རྒྱང་སྐྱོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་དུས་རབས་ལས་བརྒལ་བའི་གསར་བརྗེའི་བརྩེ་སེམས་རྒྱུན་འཛིན་བྱེད་པའི་འགན་འཁྲི་ཡོད་དེ། རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་མཚོ་སྔོན་དུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཟེར། 

ཚང་མས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ནི་ཏང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་གི་ཉམས་པ་མེད་པའི་སྙིང་སྟོབས་ཀྱི་དར་ཆ་ཞིག་ཡིན་པ་དང་། དེར་ལྷག་བསམ་རྣམ་དག་དང་། བློ་བརྟན་འགྱུར་མེད། བདེན་ལུགས་བརྩོན་པ། བདེན་སྲུང་དྲང་གཞག མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་རྩ་ཆེའི་གཤིས་རྒྱུད་ཡོད། དུས་རབས་གསར་པའི་འཐབ་ལམ་གསར་པར། ངེས་པར་དུ་རྒྱང་སྐྱོད་ཀྱི་སྙིང་སྟོབས་སློབ་སྦྱོང་ནན་མོ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ།  བསྟུད་མར་ཉམས་སད་ཐེག་ཐུབ་པའི་བྱང་ཚད་སྦྱོང་བརྡར་དང་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། གོམ་པ་རེ་རེ་སྤོས་ནས་བརྗིད་ཉམས་ལྡན་པའི་འཕེལ་རྒྱས་ཀྱི་འཆར་གཞི་དེ་ངེས་པ་དོན་གྱི་འཕེལ་རྒྱས་ཕན་འབྲས་སུ་བསྒྱུར་དགོས་པར་འདོད། 

ཚང་མས་མཚོ་སྔོན་ནི་རྒྱང་སྐྱོད་སྙིང་སྟོབས་ཀྱི་ལག་ལེན་བྱ་ཡུལ་དང་རྒྱུན་འཛིན་བྱ་ཡུལ་ཡིན་པས། ཐུན་མོང་མ་ཡིན་ཞིང་གསོན་ཉམས་ལྡན་པའི་གསར་བརྗེའི་ཐོན་ཁུངས་རྨང་མཐུག་པོ་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་རང་ས་གནས་ཀྱི་རྒྱང་སྐྱོད་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། གསར་བརྗེའི་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་འགན་འཁྲི་གཙང་སྒྲུབ་དང་དངོས་སྒྲུབ་འགན་འཁུར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ།   གངས་ལྗོངས་མཐོ་སྒང་དུ་རྐང་ཚུགས་པ་དང་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ཡིན་བསྟན། 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། ཞིང་ཆེན་ས་གནས་ལོ་རྒྱུས་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རེན་ཡན་ཀའོ་གོ་ཡིས་བཤད་རྒྱུར།  ཏང་གི་ལོ་རྒྱུས་དང་ས་གནས་ལོ་རྒྱུས་བྱ་བའི་སྡེ་ཁག་ཅིག་ཡིན་པའི་ཆ་ནས། “ཏང་གི་ཡང་དག་པའི་ལོ་རྒྱུས་རྒྱུན་འཁྱོངས་བྱས་ཏེ་ཏང་གི་བྱ་བ་སྒྲུབ་དགོས་པའི་”རྩ་དོན་རྒྱུན་འཁྱོངས་དང་། “ལོ་རྒྱུས་ལ་གཞིགས་ནས་དེང་གི་སྲིད་སྐྱོང་མི་སྐྱོང་”གི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ།  དམར་དམག་རྒྱང་སྐྱོད་སྐབས་པད་མ་བརྒྱུད་པའི་ལོ་རྒྱུས་དངོས་སྔོག་འདོན་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་།  རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དྲིལ་སྒྲོག་དང་འཆད་འགྲེལ་ཡག་པོ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་སྟེང་ཡག་པོ་སྐྱོད་ཆེད་ཏང་གི་ལོ་རྒྱུས་ལས་དོན་གྱི་བྱས་རྗེས་གསར་པ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།