མཚོ་སྔོན་ཞིང་ཆེན་གྱི"ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི”བརྗོད་དོན་གཙོ་བོའི་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་འཕྲལ་སྡོམ་དོ་དམ་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་ཚོགས།
ཟླ10པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས“མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་བརྗོད་དོན་གཙོ་བོའི་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་འཕྲལ་སྡོམ་དོ་དམ་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་ཚོགས་ནས།《མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ》ཡི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།
ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། འཕེལ་རྒྱས་དང་བདེ་འཇགས་ཀྱི་སྲིད་ཇུས་ཁེ་ཕན་དང་། ཁྲིམས་སྐྱོང་ཁེ་ཕན། ཚན་རྩལ་ཁེ་ཕན་བཅས་སྔར་བས་སྤྱི་འདོམས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་བྱ་གཞག་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕྲད་ངེས། ཐལ་དྲགས་པའི་གནམ་གཤིས་དོན་རྐྱེན་མང་པོ་འབྱུང་བཞིན་ཡོད་པས། སྲོལ་རྒྱུན་གྱི་ཉེན་ཁ་དང་ཉེན་ཁ་གསར་པ་མཉམ་དུ་འདྲེས་ཡོད། ལས་འཛོལ་ཚབས་ཆེན་གྱི་གནོད་འཚེའི་རྙོག་འཛིང་རང་བཞིན་དང་། ཐོལ་བྱུང་རང་བཞིན། ཟུང་འབྲེལ་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། གནོད་འཚེའི་འགྱུར་ལྡོག་གི་ཁྱད་ཆོས་མངོན་གསལ་དོད་པ་དང་ཞིང་ཆེན་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ལ་འཕྲད་པའི་དུས་བབ་སྔར་བཞིན་ཛ་དྲག་ཡིན། 《མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ》ནི་མ་འོངས་ལོ་ལྔའི་ནང་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་དང་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཡིན།
མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གི་ཏང་ཨུའི་ཨུ་ཡོན། ཆབ་སྲིད་པུའུ་ཡི་ཀྲུའུ་རེན་ལུའུ་ཅ་ཡིས་བཤད་རྒྱུར། ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་དོན་བྱས་ཤིང་། བཅོས་སྐྱོང་བྱེད་སྟངས་དེ་སྔོན་གྱི་འགོག་སྲུང་རང་བཞིན་ལ་བསྒྱུར་བ་གཙོར་བཟུང་སྟེ། ཉེན་ཁའི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཐབ་འཛིང་གི་ནུས་པ་འགག་སྒྲོལ་ཁ་ཕྱོགས་གཙོ་བོར་བཟུང་སྟེ། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱས་ནས། རང་བྱུང་གནོད་འཚེའི་གྱོང་གུན་ཇེ་ཆུང་དུ་གཏོང་གང་ཐུབ་བྱ་དགོས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་བར་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་ཟེར།
གཞན་གཟུགས། 《འཆར་འགོད》ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་འཕྲལ་སྡོམ་དོ་དམ་བྱ་གཞག་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་བསམ་བློ་དང་། གཞི་རྩའི་སྲུང་བྱ། འབད་འཐབ་དམིགས་ཚད། དེ་བཞིན་ལྟེ་བའི་དམིགས་ཚད7བཅས་ཁ་གསལ་བཟོས་ཡོད། ཚད་འབེབས་རུང་བ་དང་། དཔྱད་ཞིབ་ཆོག་པ། དཔྱད་དཔོག་ཆོག་པ་བཅས་ཀྱི་དམིགས་ཚད་མ་ལག་གྲུབ་པར་བྱས་ནས། ཉེན་ཁའི་དོ་དམ་ཚོད་འཛིན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྤུས་གསར་ཐོན་སྐྱེད་ཀྱི་འཐབ་འཛིང་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས།
བདེ་འཇགས་ཆེན་པོའི་འཕྲལ་སྡོམ་སྒྲོམ་གཞིའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་བྱེད་སྟངས་ཀྱི་ཕྱོགས་བསྒྱུར་ལ་སྐུལ་འདེད་གཏོང་བ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། རྒུད་སྐྱོབ་བཅས་ཀྱི་ཕན་ནུས་གསར་པ་ཆེ་རུ་བསྐྱེད་དེ། དེང་རབས་ཅན་གྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་མ་ལག་འཛུགས་པ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་གསར་པ་གྲུབ་པ་བཅས་ཕྱོགས5ལ་དམིགས་ནས། གཙོ་གནད་ལས་འགན25གཏན་འབེན་བྱས་པ་དང་། བྱེད་ཐབས་གལ་ཆེན200ལྷག་བཟོས་ནས། འཕྲལ་སྡོམ་བཀོད་འདོམས་དང་། རང་འགུལ་སྔོན་འགོག འཕྲལ་སྡོམ་རོགས་སྐྱོབ། འདེགས་སྐྱོར་འགན་ལེན། མཉམ་འགོག་མཉམ་བཅོས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། རྒུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བའི་ལས་གཞི་ཆེན་པོ6བཏོན་ནས“ལས་འགན་དང་། བྱ་ཐབས། ལས་གཞི”བཅས་གཞི་གཅིག་བཀོད་སྒྲིག་དང་སྐུལ་འདེད་གཏོང་བའི་ལག་བསྟར་རྣམ་པ་ཞིག་གྲུབ་པར་བྱས་ཡོད།