《མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ》དངོས་སུ་དཔར་འགྲེམ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ཆར《མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ》དངོས་སུ་དཔར་འགྲེམ་བྱས། 《འཆར་འགོད》ནང་མཚོ་སྔོན་གྱི་དོན་དངོས་དང་དམ་པོར་དམིགས་ནས། སྤྱིའི་དམིགས་འབེན་གྱི་སྣེ་ཁྲིད་གཅིག་དང་།  དམིགས་ཚད་མ་ལག་གི་འདེགས་སྐྱོར་གཅིག   གཞུང་ལུགས་ཆེ་གྲས་ལྔ།  ཆེད་སྒྲིག་བཟོ་སྐྲུན་དོན་ཚན་བཅུ་བཅས་དོན་འཁྱོལ་བྱེད་པའི་སྤྱིའི་སྒྲོམ་གཞི་བཙུགས་ནས།  མ་འོངས་བའི་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་བདག་དབང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཐིག་འཆར་འགོད་དང་དོན་འཁྱོལ་དཔེ་རིས་གཏན་འབེབས་བྱས།

《འཆར་འགོད》ནང་ལས་འགན་གཙོ་བོ་ཁག་བཅུ་དགུ་བཀོད་སྒྲིག་བྱས་ཡོད་པ་དང་།  སྔོན་དཔག་རང་བཞིན་གྱི་དམིགས་ཚད་དྲུག་བཏོན་ལ།  ཤེས་བྱའི་བདག་དབང་གི་གསར་སྐྲུན་དང་སྲུང་སྐྱོབ།  བེད་སྤྱོད།  ཞབས་ཞུ།  འགན་སྲུང་བཅས་ཀྱི་རྒྱུད་རིམ་ཧྲིལ་པོར་ཁེབས་ཡོད་པ་དང་།  ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་བདག་དབང་གསར་སྐྲུན་གྱི་སྤུས་ཚད་མཐོར་གཏོང་དང་།  བརྗེ་སྒྱུར་དང་ཕན་འབྲས་ཆེ་རུ་གཏོང་བ། སྲུང་སྐྱོབ་ལ་ཤུགས་སྣོན་པ།  ཞབས་ཞུ་ལེགས་པོ་སྐྲུན་པ།  འགན་སྲུང་ཏན་ཏིག་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ།  དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ནུས་ལྡན་གྱི་འདེགས་སྐྱོར་འདོན་སྤྲོད་བྱས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།