མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས29ཉིན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་དང་ཀྲུང་གུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར90ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གསུང་བཤད་གནང་བ་དང་ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝེས་འགོ་འཛིན་བྱས་།  དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་བཀའ་འཛིན་པ་སུང་པའོ་ཧའེ་དང་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་ཅང་ཅིན་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན།  མཚོ་སྔོན་ནི་རྒྱང་སྐྱོད་བརྒྱུད་མྱོང་བའི་ཞིང་ཆེན་བཅོ་ལྔའི་གྲས་ཤིག་ཡིན་པའི་ཆ་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་ལྕི་པ་དང་དོན་སྙིང་ཟབ་མོ་ལྡན།  རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ་པད་མའི་དམར་དམག་ལུང་བ་སོགས་ཀྱི་གཏམ་རྒྱུད་ཧུར་ཐག་གིས་སྔོག་འདོན་དང་ལེགས་པོར་བརྗོད་པ་དང་།  གསར་བརྗེའི་ཐོན་ཁུངས་ལ་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་བསྣན་ཏེ་གསར་བརྗེའི་རིག་རྩལ་གྱི་རྩེ་གྲའི་བརྩམས་ཆོས་དང་གསར་བརྗེའི་ཡུལ་སྐོར་ལམ་ཐིག   རིག་གནས་གསར་གཏོད་ཀྱི་ཐོན་རྫས་བཅས་ནུས་ཤུགས་ཡོད་རྒུས་གཏོད་དགོས། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་སོགས་གསར་བརྗེའི་སློབ་གསོ་རྒྱུན་མཐུད་ངང་སྤེལ་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་སྤྱི་ཚོགས་ཀྱི་སློབ་ཐུན་ཆེན་མོའི་ཁྲོད་དུས་རབས་ཀྱི་མི་སྣ་གསར་བ་སྐྱེད་སྲིང་བྱེད་དགོས།  བྱ་བའི་ཚད་ལྡན་དང་འགན་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་བྱེད་པའི་ཁྲོད་དུས་རབས་ཀྱི་བཀྲག་མདངས་འཚེར་བར་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།