ཞི་ཅིན་ཕིང་གིས་གློག་འཕྲིན་སྤྲིངས་ནས་ལུའུ་ལ་བསྟུད་མར་པ་ཞིའི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས27ཉིན།     རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའུ་ལ་ལ་གློག་འཕྲིན་སྤྲིངས་ནས།  ཁོ་བསྟུད་མར་པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་པར་རྟེན་འབྲེལ་ཞུས།  

ཞི་ཅིན་ཕིང་གིས་བསྟན་དོན།   སྲིད་འཛིན་ལུའུ་ལ་ཡིས་ཀྲུང་གོ་དང་པ་ཞི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད།   ཉེ་བའི་ལོ་འགའི་རིང་།   ང་དང་སྲིད་འཛིན་ལུའུ་ལ་ཡིས་བྱེད་ཐབས་སྣ་མང་བརྒྱུད་དེ་འབྲེལ་འདྲིས་ཟབ་མོ་རྒྱུན་འཁྱོངས་བྱས་ཤིང་།  ལག་གདང་མཉམ་སྦྲེལ་གྱིས་སྔར་ལས་དྲང་གཞག་གི་འཛམ་གླིང་དང་།   སྔར་ལས་རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལའི་ཀྲུང་གོ་དང་པ་ཞིའི་ལས་སྐལ་གཅིག་མཐུན་ཚོགས་པ་སྒྲིག་འཛུགས་བྱེད་པར་འཕེལ་རིམ་གསར་པ་ལོན་པར་ཐུན་མོང་ཐོག་སྣེ་ཁྲིད་བྱས་ལ།   རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གོ་ལ་ཧྲིལ་པོའི་རང་བཞིན་དང་འཐབ་ཇུས་རང་བཞིན།  ཡུན་རིང་རང་བཞིན་བཅས་སྔར་ལས་མངོན་གསལ་དུ་གྱུར་ཏེ།  གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད།    ངས་ཀྲུང་གོ་དང་པ་ཞིའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ།   སྲིད་འཛིན་ལུའུ་ལ་དང་མཉམ་དུ་འབད་བརྩོན་བྱས་ནས།   ཀྲུང་གོ་དང་པ་ཞིའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱས་ནས།    རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་ལས་ཡངས་པའི་མདུན་ལྗོངས་བཏོད་པ་དང་།   རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་འདོད་ཡོད། 

ཉིན་དེར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་བསྟུད་མར་ལས་འགན་འཁུར་བའི་པ་ཞིའི་སྲིད་འཛིན་གཞོན་པ་ཨ་འར་ཁི་མུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།