མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི”བརྗོད་དོན་གཙོ་བོའི་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་ཀྱི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་ཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས27ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པ”བརྗོད་དོན་གཙོ་བོ་ཡིན་པའི་ཕྲེང་བསྟར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་ཀྱི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་ཚོགས་ཏེ། 《མཚོ་སྔོན་ཞིང་ཆེན་ཆ་འཕྲིན་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ》ཡི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

“ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། མཚོ་སྔོན་གྱིས་སྟོང་ཀྲའོ་གཉིས་ཅན་གྱི་དྲ་རྒྱ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་སྤེལ་བཏང་ནས། སྲིད་འཛིན་སྡེ་བའི་རབས་ལྔ་པའི་ཁྱབ་ཚད96.7%བར་ཇེ་མཐོ་རུ་བཏང་། ཟི་ལིང་གི་རྒྱལ་ཁབ་རིམ་པའི་སྦྲེལ་དྲའི་རྐང་འཛིན་ཐད་སྦྲེལ་ས་ཚིགས་དང་རྒྱལ་ཁབ་ཀྱི་ཁོངས་མིང་རྩེ་གྲ(མཚོ་སྔོན)དབྱེ་ཞིབ་ལྟེ་ཚིགས། རྒྱལ་སྤྱིའི་ཁོངས་མིང་མ་ལག་གཞི་ཤེལ་བརྙན་ཞབས་ཞུའི་འཕྲུལ་ཆས། རྒྱལ་སྤྱིའི་སྦྲེལ་དྲ་གཞི་གྲངས་ཆེད་སྤྱོད་རྒྱུ་ལམ་སོགས་འགག་རྩའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། རྩིས་ཤུགས་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།

《འཆར་འགོད》ལས་དྲ་བའི་རྒྱལ་ཁབ་སྟོབས་ལྡན་དང་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྱི་བླང་བྱར་དམིགས་ཏེ། རབས་གསར་པའི་འཕྲིན་སྐྱེལ་དྲ་བ་དང་རྩིས་ཤུགས་དྲ་བ་འཆར་འགོད་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་དམ་འཛིན་སྒོས། སྤྱི་ཡོངས་ཀྱི་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས། ལྗང་མདོག་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད། ཉེར་སྤྱོད་ཁྱབ་གདལ་བཅས་ཕྱོགས5ཐད་ཀྱི་འགག་རྩའི་དམིགས་ཚད་ཁག13ཚད་འབེབས་བྱས་ནས། “འཛུགས་སྐྲུན་དང་བཀོལ་སྤྱོད། དོ་དམ། བདེ་འཇགས། མཉམ་འདྲེས”བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་བཏང་ལ། ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

དྲ་རྒྱའི་སྒྲིག་བཀོད་ཀྱི་སྤུས་ཚད་ཇེ་མཐོ་རུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རིག་ནུས་བཀོལ་སྤྱོད་ཡང་བསྐྱར་གསར་གཏོད་བྱེད་པ། དོ་དམ་ཞབས་ཞུ་ཡང་བསྐྱར་ལེགས་སྒྱུར་བྱེད་པ། དྲ་རྒྱའི་བདེ་འཇགས་འགོག་སྲུང་འཛིང་རགས་ཡང་བསྐྱར་སྲ་བརྟན་དུ་གཏོང་བ། མཐུན་སྦྱོར་འཕེལ་རྒྱས་སླར་ཡང་འཕར་བ། ཞིབ་ཐོ་ཅན་དུ་འགྱུར་བར་སྐུལ་སྤེལ་དང་དུས་རིམ་བགོས་ནས་ལག་བསྟར། ལས་གཞི་ཅན་དུ་དོན་འཁྱོལ་བཅས་རྒྱུན་འཁྱོངས་བྱས་ཏེ། 《འཆར་འགོད》ཀྱི་དམིགས་ཚད་སོ་སོ་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་དགོས།

​ མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ཏང་ཙུའུ་ཡི་ཁོངས་མི། ཅུས་ཀྲང་གཞོན་པ་ལིའུ་ལིན་སུང་གིས་བཤད་རྒྱུར།

2030ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ཀྱི་ཡོང་སྒོ་སྔོན་དཔག་བྱས་ན་སྒོར་ཐེར་འབུམ8དུང་ཕྱུར2དང་།  གློག་འཕྲིན་ལས་སྒོའི་སྤྱིའི་བསྡོམས་འབོར་ལོ་རེར་ཆ་སྙོམས་འཕར་ཚད7.5%། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཐད་རིམ་རྩིས་བྱས་ན་དངུལ་གཏོང་ཚད་སྒོར་ཐེར་ཆེན1ཐེར་འབུམ3དུང་ཕྱུར7ལ་སླེབས་ནས། ཁྱབ་ཚད་འཐུས་ཚང་ཡིན་ཞིང་གཤིས་ནུས་སྔོན་ཐོན་ཡིན་པའི་རབས་གསར་པའི་འཕྲིན་གཏོང་དྲ་བ་བཙུགས་ཏེ། གཞི་རྩའི་ཆ་ནས་གྲངས་འཛིན་རྨང་གཞི་བརྟན་ལ་གྲངས་དངོས་མཉམ་འདྲེས་དང་གསར་གཏོད་མཉམ་འདྲེས། ལྟ་སྐུལ་དོ་དམ་ཞབས་ཞུ་གནད་འཁེལ་ནུས་མཐོ།  བདེ་འཇགས་འགན་སྲུང་ནུས་ལྡན་ནུས་མཐོ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་འགྲུབ་རྒྱུ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།